ཟླ་འཛིན།
ཆེད་ལས་མཁས་པས། ཐེངས་འདིའི་ཟླ་འཛིན་ལ་བལྟ་བར་ལག་ཆ་གང་རུང་ལ་བརྟེན་མི་དགོས་པར། མིག་གིས་ཐད་ཀར་བལྟ་ཐུབ་ཀྱི་ཡོད། ཟླ་བ་ཧྲིལ་འཛིན་དང་། ཉི་མ། སའི་གོ་ལ། ཟླ་བའི་གོ་ལ་བཅས་དྲང་ཐིག་གཅིག་གི་སྟེང་དུ་གནས་པ་དང་། ཟླ་བའི་གོ་ལ་སའི་གོ་ལའི་གྲིབ་ནག་གིས་སྒྲིབ་པའི་རྐྱེན་གྱིས་རིགས་གཞུང་ཐོག་ནས་བཤད་ན། ཉི་མའི་འོད་ཐད་ཀར་ཟླ་བ་ལ་འཕྲོ་ཐུབ་ཀྱི་མེད་པ་རེད།

རྟེན་བཞེངས་པ་དང་བསྐོར་བའི་ཕན་ཡོན།
དེའང་། མདོ་དྲན་པ་ཉེར་གཞག་ལས། རྟེན་དང་བརྟེན་པར་ལེགས་བསྐྲུན་དང་། །དགེ་འདུན་གནས་མལ་བཅའ་བ་སོགས། །དགེ་ནས་དགེ་བར་རྟག་ཏུ་འགྱུར། །བསྐལ་བ་བྱེ་བ་སྟོང་དུ་ཡང་། །དགེ་བ་ནམ་ཡང་ཆུད་མི་ཟ། །ཞེས་དང་། རྒྱལ་པོ་གསལ་རྒྱལ་ལ་ཚིགས་སུ་བཅད་པའི་མདོ་ལས། མི་རྣམས་གང་དག་རྒྱལ་བའི་གཙང་ཁང་བྱེད། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །ལྷ་དབང་གནས་འདྲའི་ཁང་ཁྱིམ་འོད་འབར་བ། །དུས་ཚིགས་ཀུན་ཏུ་བདེ་ལྡན་འཐོབ་པར་འགྱུར། །མཐོ་རིས་ལུས་བཟང་འབྲས་བུའི་གནས་རྣམས་སུ། །བསྐལ་བ་དགའ་བྱེད་རྟག་ཏུ་དགའ་བཞིན་དུ། །རྩེན་པར་བྱེད་ཅིང་མྱ་ངན་མེད་པ་དང་། །ཐ་མར་ཞི་བའི་གོ་འཕང་ཐོབ་པར་འགྱུར། །ཞེས་སོགས་དང་། གཙུག་ལག་ཁང་རྗོགས་པར་བཞེངས་པ་ལ་ཕན་ཡོན་ཆེ་བར་ལྟ་ཞོག་ཐ་ན་ཚོན་ཙམ་བྱུག་ནས་མཛེས་པར་བྱས་ན་ཕན་ཡོན་ཆེ་སྟེ། སུ་ཞིག་སངས་རྒྱས་མཆོད་རྟེན་སྐུ་གཟུགས་ཁང་། །ཚོན་རྩི་སྣ་ཚོགས་རྣམས་ཀྱིས་མཛེས་བྱེད་པ། །དེ་ནི་བདེ་གཤེགས་མངའ་བའི་ཡོན་ཏན་རྣམས། །སྣ་ཚོགས་ལྡན་པ་ཀུན་གྱིས་བརྩེགས་པར་འགྱུར། །དེ་མ་ཟད་ཚིག་གི་བསྐུལ་མ་ཙམ་བྱས་ན་ཡང་ཕན་ཡོད་ཚད་མེད་དེ། །མཁས་མཆོག་དཔའ་བོའི་གཙུག་ལག་ཁང་བཞེངས་པའི་གཏམ་ལས། ཐུབ་པ་འཕགས་པའི་དགེ་འདུན་བཅས། །གཙུག་ལག་ཁང་གི་དོན་དུ་ནི། །ཚིག་གི་རབ་ཏུ་བསྐུལ་བ་དང་། །ཚོགས་པ་ཡིས་ནི་གྲོགས་བྱེད་ཅིང་། །ངེས་པར་དུས་སུ་འགྲོ་བྱེད་པ། །གཉིད་ལོག་པའམ་ལངས་པ་ན། །བསོད་ནམས་རྒྱུན་ནི་ཚད་མེད་འཕེལ། །ཞེས་སོགས་གསུངས་པ་ལྟར་ལྷ་ཁང་བཞེངས་པ་དང་དེ་ལ་ཕྱག་མཆོད་བྱས་པ་ཕན་ཡོན་ཆེ་བས་རྒྱུན་དུ་དུས་ཚོད་སྟོང་ཟད་མི་བྱེད་པར་དམ་པའི་ཆོས་ཐོས་བསམ་སྒོམ་པ་དང་། ཕྱག་མཆོད་སྐོར་བ་སོགས་ལ་འབད་དགོས་ཏེ།དགོངས་འདུས་མ་འོངས་ལུང་བསྟན་དཀར་ཆག་ལས། བོད་ཡུལ་ཁ་བ་ཅན་གྱི་ས་ཕྱོགས་སུ༔ ས་ཡི་ཚུགས་དང་གལ་མདོ་ས་མིག་དང༔ རི་དང་ཀླུང་དང་ཐང་ཆེན་ལུང་པའི་ཚིགས༔ གང་འོས་གང་འཐད་ལེགས་པར་དཔྱད་ནས་ཀྱང༔ གཙུག་ལག་ཁང་དང་མཆོད་རྟེན་རྡོ་རིང་དང༔ ཁང་བུ་བརྩེགས་རྣམས་གང་འགྲུབ་བརྩིགས་པའི་ནང༔ བསྟན་པའི་གཙོ་བོ་ཤཱཀྱ་ཐུབ་པ་དང༔ སྨན་བླ་དང་ནི་ཁྲོ་བོ་བཅུ་ཡི་སྐུ༔ རིས་སུ་བྲིས་དང་འབུར་དུ་དོད་པ་དང༔ ལུགས་སུ་བླུག་པ་ལ་སོགས་གང་འགྲུབ་བཞེངས༔ རབ་ཏུ་གནས་བྱས་སོ་སོའི་གཟུངས་སྔགས་སྒྲོགས༔ བདུད་དང་འདྲེ་ངན་སྡེ་བརྒྱད་མནན་པར་བྱ༔གསུང་པ་བཞིན་རྟེན་དེ་རྣམས་ཀྱི་ཐུགས་རྗེ་ལས་བསྟན་འགྲོ་སྤྱི་དང་བྱེ་བྲག་རྒྱལ་ཁབ་དང་ཡུལ་ལུང་ལ་ཕན་པ་མདོ་སྔགས་ལས་བསྔགས་སོ།

སྟོན་དུས་ཀྱི་མགུར།

རྩྭ་རྩི་ཐོག་གི་ལོ་མ་རླུང་བུས་བསྐྱོད་ཅིང་།།
རླུང་བསིལ་བུ་ཡིས་དྲི་ངད་སྣ་སྒོར་ལྡང་དུས།།
དབྱར་མེ་ཏོག་གི་སྤང་གཞུང་ནར་མོའི་སྟེང་ནས།།
ལུས་ལང་ཚོ་ཡི་གོམ་འགྲོས་ཅི་འདྲའི་སྐྱིད་ཨང་།།
ཡིད་ཉམ་ཆུང་གི་གཤོག་པ་ཆར་གྱིས་བརླན་དུས།།
སྤྲིན་སྨུག་པ་དང་མཉམ་དུ་སེམས་ཁམས་འདྲེས་ཚེ།།
རི་ལ་ལུང་གི་སྒང་གཤོང་མཐོ་དམན་ཀུན་ཏུ།།
སེམས་སྤྲིན་དཀར་གྱི་ཕོན་པོ་འཕུར་བ་དྲན་ན།།
ས་རི་ལུང་ཀུན་མེ་ཏོག་འདབ་མ་འཐོར་ནས།།
ཤིང་སྡོང་པོ་ཡི་ལོ་མ་རླུང་གིས་ཁྱེར་དུས།།
སེམས་སྨུག་པ་ཡི་ཡོལ་བ་ཇི་ཙམ་ཕྱེས་ཀྱང་།།
དེ་དྭངས་དུས་ཤིག་ཕལ་ཆེར་ཡོད་ཚོད་མ་རེད།།
སྨུག་ན་བུན་གྱིས་རང་སེམས་དྲག་ཏུ་སྐྱོམ་དུས།།
ཆུ་གཙང་བོ་ཡི་འབབ་སྒྲ་ཡིད་ལ་འཐད་ཀྱང་།།
ས་ཁུག་དོག་གི་གནས་སུ་བདག་ཡིད་ལྷུང་པས།།
སེམས་གཡང་གཟར་གྱི་གནས་ལས་བརྒལ་ཐབས་མི་འདུག།
སྟོན་འབྲུ་རིགས་ཀྱི་སྙེ་མའི་མགོ་བོ་དུད་བྱུང་།།
ཤིང་ལྗོན་པ་ཡི་རྩེ་ནས་ཤིང་འབྲས་འཐོར་སོང་།།
རི་མཐོ་པོས་ཀྱང་ཁ་བའི་ཞྭ་མོ་མནབ་བྱུང་།།
ངའི་ལུས་སེམས་སུ་གྲང་བས་ལྷག་པར་གཙེས་ཁུ།།
ཡིད་སྨྲེང་པའི་གླུ་དབྱངས་ལ་འགུག་ས་མེད་ཀྱང་།།
ཚིག་ཐ་ཐོར་གྱི་རམ་འདེགས་ཁྱོད་ཀྱིས་བྱས་ན།།
ངས་སྐྱོ་གདུང་གི་ངུ་ངག་སྤྲིན་པར་འཐེན་ནས།།
སེམས་མུན་ནག་གི་རྙི་ལས་དཀྲོལ་ཐབས་བྱེད་ཆོག། https://t.cn/RSVAwt3


发布     👍 0 举报 写留言 🖊   
✋热门推荐
  • 买的这些书里,人文社那套《红楼梦》是最新修订的第4版98次印刷,虽然此前已经有了同版96次印刷毛边专家签名本和97次印刷专家签名光边版,但这两套都有纪念意义,要
  • 辅食D76 午 牛肉南瓜红薯紫甘蓝泥 米粉7 蓝莓 晚 杂蔬猪肉mini蛋饺 米粉7 小香蕉不好好吃饭只有一个原因,不够饿,中午3分钟都没用…吃光了…傍晚出去
  • 开源证券分析,A股春节之后出现了明显的调整,尤其是核心资产。安信证券研判,上周市场先延续此前的温和反弹趋势,对此,A股市场的内因是第一位的,可以更为积极地去把握
  • ②“吃了春分饭,一天长一线。②“吃了春分饭,一天长一线。
  • 智者大师虽然开显天台宗的教法,目的是引导众生归入净土法门,他本人一生专心一志求生西方极乐世界,所以自古讲“台净不分家”天台宗和净土宗几乎是不分开的,所有学天台宗
  • “不再爱她了,不再等待了吗?“不再爱她了,不再等待了吗?
  • 一开始说我爸妈没照顾好孩子,明明该睡觉了还逗他玩,然后我爸妈就按她给的时间表严格遵守作息,她又来:你爸妈怎么这么不灵活,孩子要玩你就让他多玩会再睡。我爸妈是自己
  • 想起过去那么多的旅行,像这样坐在车里什么也不想,凭着窗外的线索撞进眼睛里,漫无目的地生成关于这个国度的想象,最终还是会很快遗忘吧。不再记得一个路边等车的妇女,不
  • 当然,我不会难过,因为我相信一切都是最好的安排[心]我会很好高兴,替那些比我考的好的人高兴,也替拥有新目标,新动力的自己感到高兴[抱抱]今天下午和一个不太熟的朋
  • #北卡生活# 今天,让我们试着把欢愉与幸福传递给身边的每一个人。在电梯里对邻居热情的问好,帮忙乱中的同事倒一杯咖啡,给朋友发一个微信称赞他/她近期的状态很好,给
  • 我想,那一年云南春天的雨知道答案,那一晚听到沈寻求婚的星空知道答案,程立宿舍里那台咖啡机知道答案,玉河镇卫生院那间老旧的病房知道答案,瑞山陀塔上日出时的朝霞知道
  • 也有网友表示:也许真的只是个简单的生日吻,毕竟这个岁数都能当女孩的爷爷了,再说那么多人拍摄,曾志伟要是有心避讳,怎么可能这么大张旗鼓?曾志伟直言:和她又不认识,
  • 5、坚持健身可以让你逐渐变成自律起来,治好你的拖延症,人变得有耐心,更容易取得事业的成功。6个理由告诉你答案随着生活水平的提高,越来越多的人关注到自身的健康、身
  • 姐姐给收的行李箱图一二是弟弟的细节还做得挺好的入口的东西都用保鲜袋装了还使用到了封口夹衣服一件没收可能也是考虑到弟弟比较糙图三四是“女明星的行李箱里有什么”系列
  • / 一个我/ 某天的漂亮天空/ zyr/ 青岛我无语我真的 不是错觉吧 怎么晒一上午就黑了[可怜][可怜][可怜][可怜]早上吃了个以前没见过的看起来很好吃的蛋
  • 1️⃣还是必胜客的披萨最对我胃口 最近买一送一还有谁不知道吗 请大家奔走相告2️⃣必胜客的也喜欢 我仿佛一个北方人 好爱面食和面包3️⃣本人:二胡在海南的跑腿(
  • 《曾国藩传》8.19-8.25尚拙,尚儒,尚诚《人间失格》8.25-8.30当一个人自出生后就对这个世界彻底失望后…如果还有机会 我想再回去一次神圣的额尔古纳上
  • 34分鐘,丹尼左路得球後推前再傳給費蘭度交林志堅推入禁區扣過梁展浩起左腳射地波入網替傑志打關1:0的紀錄。27分鐘,後備入替的羅勳奴於左路快放禁區推橫起右腳抽射
  • 除了黑裁,还有突发伤病,王濛在短道速滑的统治力无人能比,在复出出战索契冬奥前,她被重伤,不仅无缘索契更是被迫因伤离开了她热爱的短道赛场,而那个时候,甚至不是她的
  • 此次参加地方标准修订编撰是工程技术学院落实学校与行业的校企合作战略的具体体现,也是学院深入推进学校创优提质战略的重要举措,有利于提升了学校的行业影响力和知名度,