ང་ཚོ་བོད་མི་དག་གིས་བོང་རྫི་དང་ཐུབ་ཕུན་སོགས་འགའ་ཞིག་གི་ངག་ལས་གནས་ལུགས་འཚོལ་བ་ནི། སྐྱེས་ཕོ་ཟད་ནས་མོ་ལ་ཐུག་ཟེར་བའི་དཔེ་ལྟར་མ་འོང་པར་བོད་མི་ཚོ་མུན་པ་ནས་མུན་པར་འགྲོ་བའི་རྟགས་རྣལ་མ་ཞིག་གོ། [泪][泪][泪][泪][泪][泪][泪][泪]
࿐རིག་འཛིན་འཇིགས་མེད་གླིང་པས། ལྟོ་འབོལ་བ་གོས་དྲོ་བ་སྡོད་གནས་སྐྱིད་པ། སྦྱིན་བདག་ལེགས་པ་ཞིག་གི་སྟ་གོན་བྱས་ཕྱིན་ཆད་ཆོས་མ་འགྲུབ་གོང་དུ་བདུད་འགྲུབ་ཚར་བ་ཡིན། ཞེས་གསུངས།
ཁྱེད་ཀྱིས་ནམ་རྒྱུན་འཚོལ་བཞིན་པའི་བདེ་སྐྱིད། སྤྲོ་སྣང་། བརྩེ་བ། མཛེས་སྡུག རང་དབང་སོགས་ནི་ཁྱོད་དང་བར་ཐག་རིང་བའི་ཡུལ་གྲུ་ཞིག་ཏུ་མི་འདུག་པར། རང་ཉིད་ཀྱི་སེམས་ཀྱི་གཡས་གཡོན་དང་འཚོ་བའི་བར་སྟོང་གི་ཁྲོད་དུ་འདུག་ལགས།
✋热门推荐