【 聞慧-新譯文摘錄分享 】ཉག་བླ་པདྨ་བདུད་འདུལ་ 白瑪鄧登全集 第 01 函

༄༅། །མཆོད་འབུལ་ནི། 獻供

དཀྱིལ་འཁོར་གང་ལ་ཡང་ཕྱི་མཆོད་ཀྱི་སྐབས་སུ་མཆོད་པའི་རིགས་རྒྱས་པར་མཆོད་ན་བཀག་པ་མེད་ཅིང་ལེགས་པར་འགྱུར་བའི་ཕྱིར། རིགས་མཐུན་གྱི་ཆོ་གས་སྐབས་སུ་བབ་པ་ལས་འདོན་ཚིག་བླང་བར་བྱ་ཞེས་གསུངས་པ་ཕྱག་ལེན་དུ་ཡང་མཛད་པར་སྤྲོ་ན་འདི་ལྟར་རོ། །

任何壇城,外供之際,供物類廣供時,為令無障及善妙轉故,應取相應儀軌念誦。行持亦應如此。廣軌如下:

…………(中略)…………

ཅེས་སོ། །དེ་ཙམ་མི་ནུས་ན་དཀྱུས་ཀྱི་ཆོ་གས་ཀྱང་མ་ཚངས་བ་མེད་དོ། ཅེས་གསུངས་པ་ལྟར་སྤྲོས་པ་རྒྱས་བསྡུས་དང་ལོང་སྐབས་སོགས་དང་བསྟུན་ནོ། སློབ་དཔོན་ཆེན་པོས། རྒྱས་པར་འདོད་ན་རིགས་མཐུན་པའི། །རྒྱུད་དང་མན་ངག་གཞན་ནས་བླངས། །ལེན་དུ་རུང་བ་ང་ཡི་བཀའ། །ཀུན་ཏུ་བཟང་པོས་གནང་བ་སྟེ། ཅེས་གསུངས་སོ།། །།

若不能如此,則常軌亦不可缺。如其所說,依時機等或作廣軌,或作略軌。
大阿闍黎曰:“若樂廣軌於他處,隨取相應續竅訣,堪能答者我之語,普賢如來所開許。”

…………(中略)…………

XXX༔ གཏོར་མའི་དབང་ནིཿ 朵瑪灌頂

ཨེ་ཝཾ་ཟུང་འཇུག་གཏོར་མའི་ཀློང་༔ རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་བཞུགསཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའིཿ ལས་ཅན་སྐལ་ལྡན་གཙོར་བྱས་པའིཿ མཁའ་ཁྱབ་འགྲོ་ལ་དབང་བསྐུར་བསཿ དབང་རྣམས་ཡོངས་རྫོགས་སྨིན་པར་ཤོགཿ

誒旺雙運朵瑪中,三本靜猛尊眾住,
功德事業身語意,具足善緣為主眾,
遍空眾生灌頂賜,圓滿灌頂願成熟!

རྩ་སྔགས་མཐར་བ་ལིངྟ་ཨ་བྷི་ཥིཉྩཿ

根本咒後:巴林達阿毗肯匝

༄༅། །ཕྱི་ཆོག་སྐབས་བསྙེན་དམིགས་ནི། 外儀軌時念誦所緣

རང་ཉིད་སྣང་བའི་ངོ་བོར་གསལ་བའི་སྙིང་དབུས་ཀུན་ཏུ་བཟང་པོའི་ཐུགས་ཀར་པདྨ་ཉི་ཟླའི་སྟེང་དུ་བཻཌཱུཪྻའི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ཁོང་སེང་གི་དབུས་སུ་ཨཱཿཡིག་མཐིང་གསལ་འོད་ཟེར་མདངས་དང་ལྡན་པའི་མཐར་སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར་བར་བསམ་མོ་བཟླས་པ་དངོས་རྩ་གསུམ་སྤྱི་དྲིལ། །

觀想自成光明體性,心間中央化現普賢如來,其之心間蓮花日月之上,化現五股吠琉璃金剛杵,杵臍空隙中央出生ཨཱཿ「阿」字,亮藍之色,光明為體,周圍咒鬘右旋圍繞。念誦根本咒三遍,總咒:

…………(中略)…………

༄༅། །བརྟེན་བཞུགས་ནི། 堅固安住

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ།

十方安住一切諸佛菩薩,請垂念我!乃至量等虛空一切有情,尚末安置無住涅槃之間,祈請諸佛勿入涅槃!祈請堅固安住!

༧ ཁྱད་པར་དུའང་རྡུལ་ཚོན་གྱི། ཚོམ་བུའི་དཀྱིལ་འཁོར་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ།

尤其於彩繪壇城中,生起並迎請之尊眾,乃至未作祈請回返儀軌之前,祈請堅固安住。

༧ ཁྱད་པར་དུའང་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་གཞིག་གི་བར་དུ་བརྟེན་པར་བཞུགས་སུ་གསོལ། །བརྟན་པར་བཞུགས་ནས་ཀྱང་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །

尤其此諸殊勝身語意所依,乃至未被四大損害毀滅之前,祈請堅固安住彼中!堅固安住之後,祈請於我及一切無邊有情,無餘恩賜勝共悉地!

…………(中略)…………

༄༅། །སྨན་མཆོད་ནི། 藥供

ཧཱུྃཿ རང་བྱུང་གདོད་ནས་རྣམ་པར་དག་པ་སྟེ། །རྩ་བརྒྱད་ཡན་ལག་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་རྣམ་པ་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས་ཆེན་པོ། །ཉོན་མོངས་གདུང་བ་སེལ་བའི་བདུད་རྩི་འདི། །དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་འབུལ། །ཐུགས་རྗེས་རྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །

吽!
自生原始本來即清淨,八根千支之中和合藥,
五部五種誓言之本體,圓滿五智殊勝成就物,
遣除煩惱逼迫此甘露,大恩根本上師尊口奉!
大悲垂念灌頂悉地賜!

…………(中略)…………

༄༅། །རྡུལ་ཚོན་ཆུ་བོར་གཤེགས་པའི་ཆོ་ག་ནི། 彩瓶入注儀軌

རྡུལ་ཚོན་གྱི་བུམ་པ་མཆོད་པ་ལ་སོགས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས། སློབ་དཔོན་སློབ་མར་བཅས་པས་དྲི་སྤོས་ཀྱི་སྣ་དྲངས་ཏེ་བསྐུར་བསྟི་དང་བཅས་རྒྱ་མཚོར་འབབ་བའི་ཆུ་བོའམ། མཚོ་དང་། ཆུ་མིག་སོགས་སྐམ་པར་མི་འགྱུར་བར་རྒྱུན་དུ་གནས་པའི་ཆུ་འགྲམས་སུ་མཎྜལ་ལྟ་བུའི་གཞི་ལ་རྡུལ་ཚོན་དཀར་པོའི་པདྨ་འདབ་བརྒྱད་བྲིས་པའམ། སྤར་དུ་བཏབ་པའི་དབུས་དང་འདབ་མ་ལ་མེ་ཏོག་གི་ཚོམ་བུ་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་ལྔ་ཀླུ་སྨན་བཏབ་པའི་འོ་མ། གཏོར་མ་དང་བཅས་དེའི་རྒྱབ་མདུན་གང་འོས་ཀྱི་སྟེགས་བུ་མཐོ་བ་ལ་རྡུལ་ཚོན་གྱི་བུམ་པ་བཞུགས་སུ་གསོལ། ལས་བུམ་གྱི་ལྷའི་སྔགས་ཅི་རིགས་བཟླས་ནས། མཆོད་པ་རྣམས་བསངས་སྦྱངས་བྱིན་གྱིས་བརླབ་པ་ནི།

彩瓶供養等資具備齊之後,阿闍黎攜弟子以妙香迎請、供奉,於流入大海之河流或湖泊,以及泉水等未乾涸而常住之水邊,以曼紮等為所依,以白砂繪製八瓣蓮花,或印製亦可,於其中央及花瓣上,陳設花堆,周圍陳設二水、五供、龍藥所製之牛奶、朵瑪,於其前後適宜高臺之上,祈請安住彩瓶,隨應念誦事業寶瓶之尊咒後,淨化、加持供品:

…………(中略)…………

ཞེས་པས་རོལ་མོའི་སྒྲ་དང་བཅས་པས་ཀླུ་རྣམས་གཤེགས་ཛཿཧཱུྃ་བཾཿཧོཿ ཞེས་པས་རྡོ་རྗེ་སེམས་དཔའ་རང་ལ་བསྟིམ། །རྡུལ་ཚོན་དང་མཆོད་གཏོར་རྣམས་རིམ་བཞིན་ཆུར་དོར། གཞིའི་མཎྜལ་གྱི་ཚོམ་བུ་རྣམས་ཆུར་གཤེགས་ཤིང་རེ་ཁཱ་ཡང་འཁྲུ། ཚོན་སྣོད་ཀྱི་བུམ་པ་ཆུ་གཙང་གི་བཀང་ནས།

鳴擊樂器,諸龍降臨,誦“匝吽邦吙”,融入金剛薩埵。彩砂及供養朵瑪等,次第放入水中,所依曼紮供堆放於水中,條紋亦沐浴。彩瓶盈滿淨水後:

…………(中略)…………

ཞེས་སྤྱན་མའི་སྔགས་བཟླ་བཞིན་ཕྱིར་ཕེབས་ཏེ་གནས་ཁང་དཀྱིལ་འཁོར་སོགས་ལ་བསང་གཏོར་བྱ་ཤིང་ཕྱོགས་ཐམས་ཅད་བཀྲ་ཤིས་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་བྱའོ།། །།

一邊誦佛眼母心咒,一邊朝外走,於修室壇城等,應作灑淨,令一切處遍滿吉祥妙樂殊勝之相。

-------------------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震,一切劣見獸眾皆驚恐,
勝乘獅子吼音遍三地,蓮師大寶教法願興盛!
- 彌龐蔣揚南傑嘉措(不敗妙音尊勝海)

寧瑪文殊,讓世界更多華人能以自己的母語親近佛法!

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།

ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བསམ་པ་ལྷུན་འགྲུབ་མ།
邬金仁波切祈祷文•心愿任运自成

ཨེ་མ་ཧོ༔ དག་པའི་ཞིང་མཆོག་ལྷོ་ནུབ་དཔལ་རི་ནས༔
达波香秋洛怒华热宁 清净胜刹西南吉祥山,
རྒྱལ་བ་ཀུན་འདུས་གུ་རུ་པདྨ་འབྱུང་༔
嘉瓦根迪格热班玛炯 诸佛总集格热莲花生,
ད་ལྟ་དུས་ངན་སྙིགས་མའི་སྐྱེ་འགྲོ་ལ༔
答达迪涅宁咪杰卓拉 如今浊时恶世有情众,
ཐུགས་རྗེས་གཟིགས་ནས་བདག་ལ་དགོངས་སུ་གསོལ༔
图吉色宁达拉恭色索 大悲观照我等请垂念,
སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ༔
协族涅达班咪丹当德 梵顶日月莲花坐垫上,
རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ༔
匝沃喇嘛邬金仁波切 根本上师邬金仁波切,
བཀའ་བརྒྱུད་བླ་མ་རྣམས་ཀྱི་འཁོར་གྱིས་བསྐོར༔
噶觉喇嘛南杰括吉果 教传上师圣眷环围绕,
གསོལ་བ་འདེབས་སོ་ལས་ངན་དག་པར་མཛོད༔
索瓦得索利安达巴作 祈祷清净所造诸恶业,
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
桑巴伦吉哲巴辛吉洛 心愿任运成就赐加持。
ཤར་ཕྱོགས་ལྟ་ན་སྡུག་པའི་ཕོ་བྲང་ན༔
夏效达那度波颇章那 东方达纳悦意宫殿中,
སངས་རྒྱས་སྨན་བླ་ཨོ་རྒྱན་རིན་པོ་ཆེ༔
桑吉曼拉邬金仁波切 药师如来邬金仁波切,
སྨན་བླ་མཆེད་བརྒྱད་རིག་འཛིན་འཁོར་གྱིས་བསྐོར༔
曼拉切吉仁怎括吉果 药师八佛持明眷属绕,
གསོལ་བ་འདེབས་སོ་ནད་རིགས་ཞི་བར་མཛོད༔
索瓦得索内瑞协瓦作 祈祷消除各类诸疾病,
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
桑巴伦吉哲巴辛吉洛 心愿任运成就赐加持。
ཡེ་ཤེས་མེ་རི་འབར་བའི་ཕོ་བྲང་ན༔
耶西麦热把沃颇章那 智慧烈火炽燃宫殿中,
ཆེ་མཆོག་ཧེ་རུ་ཨོ་རྒྱན་རིན་པོ་ཆེ༔
切巧嘿日邬金仁波切 圣胜饮血邬金仁波切
ཡི་དམ་ཁྲོ་བོ་ཁྲོ་མོའ་ིའཁོར་གྱིས་བསྐོར༔
耶当戳沃戳姆括吉果 本尊勇士勇母眷属绕,
གསོལ་བ་འདེབས་སོ་དངོས་གྲུབ་སྩལ་དུ་གསོལ༔
索瓦得索欧哲匝德索 祈祷赐予胜共诸悉地,
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
桑巴伦吉哲巴辛吉洛 心愿任运成就赐加持。
མཁའ་སྤྱོད་དག་པ་འོད་ལྔའི་ཕོ་བྲང་ན༔
咯雪达巴奥诶颇章那 空行清净五光宫殿中,
མཁའ་འགྲོའ་ིགཙོ་བོ་ཨོ་རྒྱན་རིན་པོ་ཆེ༔
咯珠作沃邬金仁波切 空行之主邬金仁波切,
ཡེ་ཤེས་འཇིག་རྟེན་ཌཱཀྐིའི་འཁོར་གྱིས་བསྐོར༔
耶西吉丹扎给括吉果 智慧世间空行眷属绕,
གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔
索瓦得索协囊瓦恰所 祈祷消除外内诸违缘,
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
桑巴伦吉哲巴辛吉洛 心愿任运成就赐加持
དགྲ་བགེགས་གདུག་པ་བསྣོལ་བའི་ཁྲི་སྟེང་ན༔
扎噶度巴努沃彻当那 残暴魔障叠之坐垫上
ཆོས་སྐྱོང་གཙོ་བོ་ཨོ་རྒྱན་རིན་པོ་ཆེ༔
曲炯作沃邬金仁波切 护法主尊邬金仁波切,
ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་འཁོར་གྱིས་བསྐོར༔
耶西杰定曲炯括吉果 智慧世间护法眷属绕,
གསོལ་བ་འདེབས་སོ་དུས་ཀྱི་གཡོ་འཁྲུགས་བཟློག༔
索瓦得索迪杰友彻逗 祈祷回遮浊世诸战乱,
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
桑巴伦吉哲巴辛吉洛 心愿任运成就赐加持。
མི་འགྱུར་རིན་ཆེན་གཏེར་གྱི་ཕོ་བྲང་ན༔
摩觉仁钦得杰颇章那 不变珍宝库藏宫殿中,
དངོས་གྲུབ་འབྱུང་གནས་ཨོ་རྒྱན་རིན་པོ་ཆེ༔
欧哲炯内邬金仁波切 成就本源邬金仁波切,
ནོར་ལྷ་གཏེར་བདག་རྣམས་ཀྱི་འཁོར་གྱིས་བསྐོར༔
诺拉得达南杰括吉果 财神藏主圣眷环围绕,
གསོལ་བ་འདེབས་སོ་དངོས་གྲུབ་ཆར་ལྟར་ཕོབ༔
索瓦得索欧哲恰达颇 祈祷悉地成就如雨降,
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
桑巴伦吉哲巴辛吉洛 心愿任运成就赐加持。
ཁ་བའི་ཡུལ་ལྗོངས་བོད་ཀྱི་ཞིང་ཁམས་ན༔
咯沃耶炯哦杰香康那 雪域藏地境域之处中,
ལྷ་སྲིན་དམ་བཏགས་ཨོ་རྒྱན་རིན་པོ་ཆེ༔
拉哲当达邬金仁波切 降伏鬼神邬金仁波切,
བཀའ་སྲུང་སྡེ་བརྒྱད་གཞི་བདག་འཁོར་གྱིས་བསྐོར༔
嘎种得吉耶达括吉果 八部护法境主眷属绕,
གསོལ་བ་འདེབས་སོ་མཐའ་ཡི་དམག་དཔུང་བཟློག༔
索瓦塔耶冒崩逗 祈祷回遮遣除边魔军,
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
桑巴伦吉哲巴辛吉洛 心愿任运成就赐加持。
བདེ་ཆེན་པདྨ་འོད་འབར་ཕོ་བྲང་ན༔
得钦班玛奥巴颇章那 大乐莲光灿烂宫殿中,
འོད་དཔག་མེད་མགོན་ཨོ་རྒྱན་རིན་པོ་ཆེ༔
奥宝美滚邬金仁波切 无量光佛邬金仁波切,
ཕྱོགས་བཅུའི་སངས་རྒྱས་སྲས་བཅས་འཁོར་གྱིས་བསྐོར༔
效局桑吉哲吉括吉果 十方诸佛佛子眷属绕,
གསོལ་བ་འདེབས་སོ་པདྨ་འོད་དུ་དྲོངས༔
索瓦得索班玛奥德仲 祈祷提携引至莲花光,
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
桑巴伦吉哲巴辛吉洛 心愿任运成就赐加持。

ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
嗡阿吽 班匝 格热 巴玛 色德吽
སྟེང་ནས་ཉི་ཟླ་གཟའ་སྐར་ཆོ་འཕྲུལ་བཟློག༔
当内涅达萨嘎确彻逗 回遮上方日月星宿变,
འོག་ནས་ས་བདག་ཀླུ་གཉན་གདུག་རྩུབ་བཟློག༔
奥内萨达乐年德泽逗 回遮下方地袛龙妖毒,
བར་ནས་བཙན་དང་མ་མོའ་ིགནོད་པ་བཟློག༔
瓦内赞当玛姆诺巴逗 回遮中间凶神天母害,
འབྱུང་བ་བཞི་ཡི་ནད་རིགས་ཐམས་ཅད་ཀྱི་ཁ་ཐིམ༔
炯瓦业耶内热檀嘉咯吞 回遮平息四大各种病,
ཕྱོགས་བཞི་མཚམས་བརྒྱད་ཀྱི་མཐའི་དམག་དཔུང་
效耶仓吉杰替摩崩 回遮四方八隅边魔军,
ཐམས་ཅད་མ་ར་ཡ་བྷྱོ་བྷྱོ༔ བཟློག་བཟློག༔
檀嘉玛ra雅觉觉逗逗 坛嘉玛冉雅觉觉罗罗。 https://t.cn/RoZWq08

【 聞慧-新譯文摘錄分享 】ཉག་བླ་པདྨ་བདུད་འདུལ་ 白瑪鄧登全集 第 01 函 ༄༅།།མཁའ་ཁྱབ་རང་གྲོལ་གྱི་མཚམས་སྦྱར་ཟུར་བཀོད། 遍空自解脫次第附錄

ན་མོ། བླ་ན་མ་མཆིས་པའི་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། བཀའ་གསང་ཟབ་ཆོས་མཁའ་ཁྱབ་རང་གྲོལ་གྱི་བརྒྱུད་གསུམ་རྒྱ་མཚོ་སོགས་ཏེ་རྩ་གསུམ་ཞི་ཁྲོ་རབ་འབྱམས་མ་མོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ལྷ་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། ཀུན་རྫོབ་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་ཅིང་དོན་དམ་ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོའི་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་འགྲོ་བ་རིགས་དྲུག་སྲིད་པ་བར་མ་དོ་ལམ་རྒྱུད་ལྔ་གར་ཡོད་པའི་ས་ནས་མཚན་བྱང་འདི་ལ་ཁུག་ཅིག

南無!無上大恩根本、傳承殊勝吉祥上師諦實力,諸佛諦實力,正法諦實力,僧伽諦實力,密教深法遍空自解脫三傳大海三根本無邊靜猛尊眾、瑪姆空行尊眾以及護法尊眾身、語、意、功德、事業之尊咒、手印、三摩地諦實力,世俗有法因果不虛及勝義法性清淨諦實力,依止如是殊勝諦實大威力,由此世界去往他世亡靈某某心識,不論在地下、地上、空中,不論在六道、中有、五趣何處,悉令勾入此牌位之中!

…………(中略)…………

༄༅། །འོ། ཁྱེད་རང་རྣམས་ཀྱིས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་ཀྱི་ངོ་བོ་ཡིན་ཀྱང་མ་རྟོགས་ཏེ་སྡུག་བསྔལ་བ་འདི་སྙིང་རྗེ་ནས་གདོད་མའི་མགོན་པོའི་ས་ལ་སྦྱོར་འདོད་ཀྱི་ཀུན་སློང་དང་། ད་ལྟའི་སྣང་བ་འདི་ཀུན་སྟོན་འཁོར་ཕུན་སུམ་ཚོགས་པར་མོས་ཏེ་ཀུན་ཏུ་སྤྱོད་པ་དག་ཀྱང་ལེགས་པར་ཚང་བས་གསན་པར་ཞུ།

喔!汝等遍空一切有情,本來即是佛陀體性,然卻未悟,由大悲故,欲令此諸痛苦之眾,達至原始怙主之地!以此作為意樂動機。現在一切顯現,勝解為大師、眷屬圓滿,善妙具足一切淨行,請善諦聽!

རང་ཅག་རྣམས་ད་ལྟ་འཁོར་བ་ལས་ཐར་བའི་གོ་འཕང་གི་རྒྱུ་རྐྱེན་ཐམས་ཅད་ཚང་དུས་འདིར་བྱ་བ་ཐམས་ཅད་མདོ་མེད་དུ་མ་ཤོར་བ་གལ་ཆེ། བསྒྲུབ་བྱ་མདོ་སྔགས་ཀྱི་ཐེག་པ་གཉིས་པོ་ལ་བརྟེན་དགོས་ཤིང་དེ་ཡི་ནང་ནས་ཀྱང་རྡོ་རྗེ་ཐེག་པ་ནི་ཐབས་མྱུར་དང་ལྡན་པ་སྟེ། དེར་འཇུག་པ་ལ་དབང་བཞི་དགོས་ཏེ། ཇི་སྐད་དུ། གསང་སྔགས་དབང་ལ་མ་བརྟེན་གྲོལ་བར་ག་ལ་ནུས། དཔེར་ན་མཉན་པ་ལག་སྐྱ་མེད་པ་ན། ཀླུང་གི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། ཞེས་གསུངས་སོ། །དབང་བསྐུར་ནོད་པ་ལ་ཡིད་ཆེས་ཕྱིར་ལོ་རྒྱུས་ཀྱི་ཁུང་སྨོས་ན། སྟོན་པ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་ཆོས་སྒོ་གྲངས་མེད་པ་བསྟན་པ་དག །རང་མདང་གི་སྡུད་པ་དག་དང་རིག་འཛིན་ཆེན་པོ་རྣམས་ལས་བརྒྱུད་དོ། །

我等現在解脫輪迴之果,一切因緣悉皆具足,於此之際,捨棄一切無義俗事,最為重要!所應修者,需依顯密二乘,於此之中,金剛密乘具足速疾方便!入此之乘,需受四種灌頂。如云:“密咒若不依止灌頂,豈能解脫?譬如船夫手中無槳,豈能駕船度越彼岸?”欲受灌頂,先應生信,故說其史。大師具足三身體性,開示無量法門,攝為自體,傳於大持明眾。

ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ལ་ཆུ་བོ་ཀུན་འདུས་སུ་བཀའ་བབ་པ་སྟེ། བོད་དུ་ཆོས་རྒྱལ་གྱི་ཐུགས་བསྐྱེད། སྔོན་གྱི་སྨོན་ལམ་དུས་སུ་སྨིན་པར་བྱོན་ཏེ། རྗེས་ཡབ་སྲས་འབངས་དང་བཅས་པ་ཐམས་ཅད་སྨིན་གྲོལ་ལ་བཀོད་དེ། འབྱུང་འགྱུར་ལ་བོད་གསར་ངེས་ཆེ་བ་དང་། བསྲེ་བསླད་ཀྱིས་མན་ངག་ཚོང་དུས་ཀྱི་འོ་མ་ལྟ་བུར་འགྱུར་བ་གཟིགས་ཏེ། དམ་རྫས་དང་ནོར་རྫས་སོགས་དུ་མའི་བཙས་དང་བཅས་སྡེ་བཞིའི་ཡུལ་ལྗོངས་ཐམས་ཅད་གཏེར་གནས་སུ་བྱིན་གྱིས་རླབས། སྣང་བར་མཛད། མ་འོང་རྗེ་འབངས་རེའི་སྤྲུལ་པས་སྤྱོད་པར་སྨོན་ལམ་བཏབ་སྟེ་ལུང་བསྟན་པས། གཏེར་ཆེན་གཏེར་ཕྲན་དུ་མས་ཞལ་ཕྱེས་ཏེ་དུས་ཀྱི་རྒུད་པ་བསལ་ཅིང་བསྐྱེད་འགྲོ་མང་པོ་ཐར་པ་བཀོད་པར་གྱུར།

鄔金大阿闍黎蓮花生大師,總集一切傳承妙流,由於藏地法王之發心,及往昔大願成熟,故來雪域,令君臣諸眾悉置成熟、解脫。由見當來,藏人喜新厭舊,染汙竅訣猶如集市之牛奶,即以眾多誓言物、財寶物等,加持四部一切區域為伏藏地,埋諸伏藏,授記發願未來之時,君臣尊眾化身取藏。爾時,諸大小伏藏師親得開啟,遣除時節衰損,令無量眾生安置於解脫。

ད་ལྟ་འདིའང་གུ་རུ་པདྨའི་ཐུགས་སྤྲུལ་ལྷ་སྲས་དམ་འཛིན་དང་། ལོ་ཆེན་བཻ་རོ་ཙ་ན། ཉང་བན་ཏིང་འཛིན་བཟང་པོ་སོགས་དམ་པའི་སྐྱེས་བུ་དུ་མའི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པར་རྡོ་རྗེའི་ལུང་གིས་གྲུབ་པ། མཁའ་མཉམ་ཉི་ཟླ་ཀུན་མཛེས་སམ། འཁྲུལ་ཞིག་བྱང་ཆུབ་གླིང་པར་མཚན་ཡོངས་སུ་གྲགས་པའི་རྩོད་བྲལ་གྱི་གཏེར་ཆེན་དམ་པ་དེ་ཉིད་ཀྱིས་སྤྱན་དྲངས་པའི་བཀའ་གསང་ཟབ་ཆོས་མཁའ་ཁྱབ་རང་གྲོལ་ཞེས་བྱ་བ་མཁའ་འགྲོའི་ཁ་རླངས་མ་ཡལ། བྱིན་རླབས་ཀྱི་རྒྱུད་པ་མ་ཉམས། ཉམས་མྱོང་གི་གནད་མ་འཆུག་པ་ལགས་སྟེ། དེ་ཉིད་ཀྱི་དབང་བསྐུར་བའི་སྐབས་སུ་བབ་པ་ལ། སློབ་དཔོན་གྱི་བགྱི་འོས་དག་གྲུབ་ཅིང་ཁྱེད་རང་རྣམས་ཀྱི་ངོ་སྐལ་ལ། གླིང་བཞི་བྱེ་བ་ཕྲག་བརྒྱའི་བཀོད་པ་ཡིད་སྤྲུལ་གྱི་སྒོ་ནས་མཎྜལ་འབུལ་བ་ཞུ། དེ་ནས་དཀྱིལ་འཁོར་དུ་བཞུགས་ཏུ་གསོལ་སྙམ་པས་ཐལ་མོ་སྦྱར་ཏེ་འདི་ཡི་རྗེས་བཟློས་ཀྱིིས།

今此“卡釀尼達袞澤”,或名“楚喜強秋林巴”者,乃咕如蓮師之意化身,總攝拉色當增、大譯師貝若匝納、娘潘•頂增桑波等眾多勝士悲、智、力於一體,由金剛教之所成就。此無諍大伏藏師,迎請掘出名為“密教深法遍空自解脫”之伏藏,此空行口傳尚未消失,加持傳承尚未退散,覺受扼要尚未錯亂。此之灌頂時機已至!阿闍黎應作修持,汝等之本份中,應由意化百俱胝四洲,而獻曼紮。其後,心想“祈請令入壇城”,雙手合掌,如是隨誦:

…………(後略)

圖:大雄 勝僧 晉美彭措仁波切 在嘎絨寺的法座。

-------------------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震,一切劣見獸眾皆驚恐,
勝乘獅子吼音遍三地,蓮師大寶教法願興盛!
- 彌龐蔣揚南傑嘉措(不敗妙音尊勝海)

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།


发布     👍 0 举报 写留言 🖊   
✋热门推荐
  • 想了想还是发个微博吧W是我初中很好的朋友 男生 成绩优异 不是第一就是第二 认识的比较早 玩得也是久 关系很不错 毕业也有些联系 只是不在同一个学校 而且学业十
  • 若发现长期不互会拉黑[老师好] dd长期互互私信直接发码和备注[握手] 还有给我老婆d个崽崽 卡女孩子(老婆喜欢女孩哈哈哈)男孩也不是不可以[挖鼻]主要是女
  • 然后是一些鸡零狗碎的事情。世界本身就是一个笑话但并不好笑。
  • “霍,城‬今天 给我做透扎析‬针,好啊痛‬。“逃之夭夭,其叶蓁蓁。
  • ​几天后它精神恢复了点,开始隔着笼子和啾啾玩了,对人也没那么强的戒备心了,于是我趁它还没完全恢复,战斗力还不行,就抓去卫生间洗了个澡,用了驱虫药。本来是想放在手
  • #韩国足球[超话]#K联赛吉祥物介绍Part 11⃣️Aguileon-水原三星蓝翼【吉祥物大赛三连冠2⃣️Mita-蔚山现代3⃣️Nighty和Search-
  • [打call]今晚的免爬楼精选都在这里啦!不用往回看辽~睡不着的仔可以往前翻翻,还有很多活动都还生效的!
  • #恋与制作人凌肖[超话]# 《神出鬼没的小凌同学》*灵感来了,写点原作男大“凌肖,你能不能每次消失之前留个口信,不要一声不响就联系不上,之后又像从石头缝里蹦出来
  • 特性与优点双通道,大输出频率 120MHz,大输出幅度 20Vpp,在 80dB 的动态范围内提供高保真的信号优异的采样系统指标:1.2GSa/s 采样率和 1
  • 希望明年能好好的摆阵[送花花]【投稿】[开学季]你好!第一次私信,想集思廣益一下今天打到幻奏天使線第一章,看到乙遊主題咖啡廳的背景時我坐不住了!第一眼就認出了C
  • 提要【穿过半个城市 最重要的小事】【最后一斤枣糕王的故事】【在宇宙中心的幸福剧场】【小院烧烤】和势语幸福相见分别后回清的路上 路过这家枣糕王原创总店这么晚了还是
  • 以及今天认识一起拍照的南光太郎@忘极春愁_ (似乎cp27就记得有收到你名片了)感谢最后排队回地铁站认识的两位p@shiogi- @海百合海底捞 给的无料和名片
  • Some good friends become distant insensibly, even you do not know why. 有些好朋友,真的是
  • 这里保留了重工业气息——裸露水泥柱子的香格里拉酒店,曾经运行17年累计炼铁3000多万吨的高炉,已经改造为餐厅的大型物料车间……这里也展现了很多未来工业气息——
  • Started to cry but then remembered I, 不禁泪流 可后来想起来 其实我,I can buy myself flowers,
  • Mới vừa đi xem phim "Con nhót mót chồng". Ban đầu mình từng nghĩ chắc
  • 巴粉禁止恶意举报巴粉禁止恶意竞争巴粉禁止恶意威胁谢谢今天每一位巴粉的守护,这是你们打下的江山#吴磊[超话]# 睡不着想说说两点1:爱情而已是真的太争气长尾效应️
  • #PondPhuwin[超话]# [心] #pondphuwin# ❤️ | 2023.5.3 | TWI | ❤️|中翻|:说实话,如果有人的名字是以
  • #刘宇宁折腰# #刘宇宁魏劭# #摩登兄弟[超话]# 我看见一道光,收了春华与秋实,夏繁与冬盛,最终藏在你眼里刘宇宁魏劭刘宇宁折腰刘宇宁一念关山刘宇宁宁远舟刘
  • 朔的住处有各种执着的委托人到访并提出与香味有关的委托,在面对那些欲望的过程中,朝倉満终于明白了自己被邀请去工作的真正理由……台剧《幸福美容院》10集 闽南语2