༄༅།ཀུན་དམག།

གང་ས་དམག་འཁྲུག།

གང་ས་དུ་བོའི་འགེབས་ནས།

འགའ་རེའི་དམག་ལོ་དྲུག་བཅུ།

ང་ཡི་དམག་ལོ་གཅིག་ནས།

མང་མོས་ད་བར་མི་རྟོགས།

བཅོ་བརྒྱད་དྲུག་བཅུ་མི་དགོས།

ཚང་མ་ཡོང་ན་ཅི་འདྲ།

ཕྲུ་གུ་མ་འོང་ཐབས་མེད།

Uranusནས

༢༠༤༤/༠༨/༡༡

ཐེག་པ་ཆེན་པོ་བློ་སྦྱོང་གི་རྩ་ཚིག། ༄༅༅། །དཔལ་བཀྲ་ཤིས་རིན་པོ་ཆེ་མྱུར་དུ་བདེ་བ་ཆེན་པོ་དང་ལྡན་པར་མཛད་པ་དོན་ཐམས་ཅད་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དང་པོ་སྔོན་འགྲོ་དག་ལ་བསླབ། །དངོས་གཞི་གཏོང་ལེན་སྤེལ་མར་སྦྱངས། །ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །རྗེས་ཀྱི་མན་ངག་མདོར་བསྡུས་པའོ། །ལེན་པའི་གོ་རིམ་རང་ནས་བརྩམས། །དེ་གཉིས་རླུང་ལ་བསྐྱོན་པར་བྱ། །མན་ངག་སྙིང་པོ་མདོར་བསྡུས་པ། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱངས། །འཕྲལ་ལ་གང་ཐུབ་བསྒོམ་དུ་སྦྱར། །གཉིས་པོ་ཚང་ན་ཐམས་ཅད་བླངས། །བཀོལ་བ་རྣམས་ལརྟ་ག་ཏུ་བསྒོམ། །ལེ་ལན་ཐམས་ཅད་གཅིག་ལ་གདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །དཀའ་བ་གསུམ་ལ་བསླབ་པར་བྱ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས། །ཉམས་པ་མེད་པ་རྣམ་གསུམ་བསྒོམ། །སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །འདུན་པ་བསྒྱུར་ལ་རང་སོར་བཞག །རྒྱུ་ཡི་གཙོ་བོ་རྣམ་གསུམ་བླངས། །སྟོབས་ལྔ་དག་ལ་སྦྱང་བར་བྱ། །ཆོས་ཀུན་དགོངས་པ་གཅིག་ཏུ་འདུས། །དཔང་པོ་གཉིས་ཀྱིས་གཙོ་བོར་བཟུང༌། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །ཤགས་ངན་མ་བགོད། ཡུས་མ་བསྒོམ། ཀོ་ལོག་མ་སྡོམ། འོར་ཆེ་མ་འདོད། ཡུད་ཙམ་པ་མི་བྱ། འཕྲང་མ་དགུགམཛོ་ཁལ་གླང་ལ་མི་འབྱོ། འགྱོགས་ཀྱི་རྩེ་མ་གཏོད། གཞུང་བཟང་པོ་མ་བསྟེན། གོ་ལོག་མི་བྱ། རེས་འཇོག་མི་བྱ། ལྟོ་ལོག་མི་བྱ། རྟོག་དཔྱོད་གཉིས་ཀྱིས་མཐར་བྱ། དོལ་ཆོད་དུ་བྱ། འབྲལ་མེད་གསུམ་དང་ལྡན་པར་བྱ། །རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ལོག་ན་དེ་ཉིད་གཉེན་པོར་བསྒོམ། །གཉིས་པོ་གང་བྱུང་བཟོད་པར་བྱ། །ཡན་ལག་ཉམས་པ་བརྗོད་མི་བྱ། །གཞན་ཕྱོགས་གང་ཡང་མི་བསམ་མོ། །ལྷ་བདུད་དུ་མི་དབབ། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚོལ། རྐྱེན་གཞན་དག་ལ་ལྟོས་མི་བྱ། གཙོ་བོ་ངོས.བཟུང༌། འབྲས་བུ་རེ་བ་ཐམས་ཅདསྤ་ངས། དུག་ཅན་གྱི་ཟས་སྤང༌། གནད་ནས་མི་བསྐུལ། སྙིགས་མ་ལྔ་པོ་བདོ་བ་འདི། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །བརྟན་པ་ཐོབ་ནས་གསང་བ་བསྟན། །མན་ངག་སྙིང་པོ་གདམས་པ་འདི། །དམ་པ་དག་ལས་བརྒྱུད་པ་ཡིན། །རྩ་བའི་ཚིག་གོ །ཇོ་བོས་མཛད་པ་ཡིན་ནོ།། ཤུ་བྷཾ།། །།

༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་《ཁྲིད་ཡིག་ཡེ་ཤེས་བླ་མའི་》བརྒྱུད་ཚུལ་གྱི་རིམ་ནི། ཐོག་མར་འོད་གསལ་གསང་བ་སྙིང་ཐིག་གི་བསྟན་པའི་ཤིང་རྟ། ཀུན་མཁྱེན་གཉིས་པ་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་ཞལ་སྔ་ནས་མཛད་ཅིང་། ཁོང་གི་དངོས་སློབ་ཁམས་ཀྱི་འཇིགས་མེད་མི་བཞིའི་ནང་ཚན་འཇིགས་མེད་རྒྱལ་བུའི་མྱུ་གུ་ལ་གདམས་པ་གནང་། དེའི་དངོས་སློབ་ཉི་མ་ལྟ་བུ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། ཟླ་བ་ལྟ་བུ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་རྣམ་གཉིས་ལས། ཨ་འཛོམས་འབྲུག་སྤྲུལ་རིག་འཛིན་འགྲོ་འདུལ་དཔའ་བོ་རྡོ་རྗེའི་གསན། དེ་ལས་ཁོང་གི་སྐུ་གསུང་ཐུགས་ཀྱི་རྒྱལ་སྲས་དམ་པ་འགྱུར་མེད་རྡོ་རྗེས་གསན། རྗེ་དེ་ཉིད་ལས་ཕྱི་ལོ་ ༡༩༥༦ བོད་རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་ལོར་སྐྱབས་རྗེ་བླ་མ་རིན་པོ་ཆེ་༧གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་དགུང་གྲངས་༣༠བཞེས་སྐབས་ཨ་འཛོམས་ཆོས་སྒར་ནས་《སྒྱུ་འཕྲུལ་གསང་བ་སྙིང་པོའི་》འགྲེལ་ཆེན་སྐོར་དང་། འཇིགས་གླིང་《པོད་གཉིས་》དབང་ལུང་། 《ལྕེ་བཙུན་སྙིང་ཐིག་》དང་《ཁྲིད་ཡིག་ཡེ་ཤེས་བླ་མ་》སོགས་དབང་ཁྲིད་མན་ངག་དུ་མ་བུམ་པ་གང་བྱོས་ཚུལ་དུ་རྫོགས་པར་གསན། དེ་ནས་༧སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་ཉིད་ཀྱིས། ཕྱི་ལོ་༡༩༨༧ བོད་མེ་ཡོས་ལོར་དབུ་བརྩམས་ཏེ། ཉིད་ཀྱི་གདན་ས་ཆེན་མོ་ཡ་ཆེན་ཆོས་ཀྱི་ཞིང་ཁམས་ནས། ཐུན་མོང་ཐུན་མིན་གྱི་སྔོན་འགྲོ་གནད་སྨིན་ཚད་ལྡན་སྔོན་སོང་གི་དམ་གཙང་སྐལ་ལྡན་དུ་མར་《ཁྲིད་ཡིག་ཡེ་ཤེས་བླ་མ་》བརྒྱུད་ལྡན་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་ཁྲིད་སྦྱང་དང་འབྲེལ་ལན་གྲངས་བཅུ་གཉིས་ཡས་མས་ཤིག་གནང་བའོ།། །།


发布     👍 0 举报 写留言 🖊   
✋热门推荐
  • ♥​‎ ͏  【招募‮伙合‬人】 新零售‮风零‬险的轻创业 每‮分一‬钱都是‮的你‬货款 ☑一‮性次‬提货☑分‮提批‬货☑云‮代仓‬发 ❍中‮地国‬区 ❍
  • 【千年壁画变身动画剧!“云游敦煌”为国漫配音】千年等一回!4月13日,以莫高窟经典壁画为原型,敦煌研究院携手腾讯旗下腾讯影业和腾讯动漫联合出品“敦煌动画剧”,在
  • 今天可太值得怀念了。怎么回事呢,听我给你慢慢说来[嘻嘻][嘻嘻]话说几天前我要删除掉手机中的那些聊天的APP时,突然记起我前几天已经删除的soul了,然后当我登
  • 去年的愿望一步步在实现 是有变成一个靠谱的人吧 大家对我的信任是对我的肯定 总是说大佬只跟大佬抱团 (此刻感谢大家不抛弃不放弃我[泪] 其实态度才是最重要的
  • 看 图 一 抽 奖 上 一 条 被 pb 了 转 这 条 不 用 关 注 后 天 开 休赛期开始就看姐天天拉踩我们冲的自由人,忍到现在我真的爽飞了~不好意思
  • 白纱下的她好美,即使她在我眼里一直很美。我等这一刻等了很久,她微闭着眼睛假装睡着,睫毛微微上翘,一切都昭示着她属于我。如果可以,我不仅想吻她的额头更想吻遍她的肌
  • 《孟子•尽心上》 1.存其心,养其性,所以事天也。 2.是故知命者不立乎岩墙(危墙)之下。 6.人不可以无耻。无耻之耻,无耻矣。 7.耻之于人大矣,为机变之
  • 到晚上才知道一下午弹的音都不准[doge]反正五音不全的我听不出任何差别[微笑]用APP摸到窍门小外甥只会唱,但实在太难了学不会[允悲]小外甥太久没见我了 ,走
  • 我希望每一位有王者之风的女神都能拥有一朵集胜利、圆满与吉祥的南非粉色帝王花,拒绝平庸,只为独一无二的你 ​​​愿所有的欢喜都能被岁月温柔以待,不负春光,不负岁月
  • 签证优惠政策方面,政府将对支付宝高信用等级的中国游客适用签证简化程序,并将为韩国“新南方政策”合作国家的年轻人提供最长一年的语言研修签证等。会上讨论的发展地方旅
  • #成都旅游攻略#【青铜峡108塔】中国古塔建筑中仅见的大型塔群,位于宁夏中部黄河上游段的最后一个峡口,是一组排列有序,极为规则的塔群,共有108座,全部都用砖砌
  • 他扎实工作,通过走访和深入调研,为解放村理清发展思路,青脆李、猕猴桃产业发展初具规模,2019年以来已脱贫户未发生返贫现象,各项工作均有序开展,赢得了组织的肯定
  • 婚礼前准备多少红包才够? 很多新人不清楚红包装多少.在这里公主嫁衣给你们一些小小的建议: 1.婚礼当天敬茶改口费父母需要准备红包:4个(这个看父母的心意,但
  • #每日一善#[微风]#阳光信用# 表情包+1 [吃瓜][吃瓜][吃瓜][吃瓜] 【原典】 东郡某甲,以弄蛇为业。尝蓄驯蛇二,皆青色;其大者呼之大青,小曰二青。
  • 6、多我一个富婆会破坏生态平衡吗?现在细读这几个文字,我还能品味到当时的感觉。
  • ⛽️To:@鎏大爷up 这一年的时间好快啊 我的头发长了 你也变胖了 我们也会像其他情侣一样吵架闹别扭 你也总是会迁就我不论对错都会来哄我总会让着我 所以我相信
  • 太无聊了在b站看化妆视频p1的眼妆,粉红色眼影,粗眼线,bling卧蚕,这个搭配看起来挺可爱但很有可能到了现实中会让你秒变精神小妹p2这种心机妆才最适合社交最不
  • #你听过最美的网名是什么# 诗与 君迁十言 九妄悠然 南山奈何 燕归梨花 海棠白鹭 青天池鱼 故渊羁鸟 旧林轻喃 细语初阳 宿雨画船 雨眠子衿 君顾清风 霁月春
  • “陈老师我不知道该怎么形容你了自己一个人瞎折腾不够还要从城里带一个回来帮你种菜” 看着奶奶和我一起提着锄头要下地这是小李同志不敢想象的画面[笑cry] 可爱的奶
  • 我那时正处人生的低谷,因为原生家庭的破事,也有时在质疑人间对我的苛刻,但在看到他的那一瞬间,我又觉得,我还可以再熬一熬了,我也想遇到像他一样温柔的人。[ 人生有