ཞོགས་པ་

གདོང་པ་བཀྲུས་ཚར་རྗེས།
དལ་བུར་སྒེའུ་ཁུང་ནས་ཕྱིར་བལྟ་ཞིག་བྱེད་དུས།
གཙང་གཞུང་ཐལ་རྡུལ་གྱིས་ཁེངས་འདུག
གཙང་འགྲམ་གྱི་ལྗོན་་ཤིང་ཆང་གི་བཟི་བའི་ཕོ་རྒོད་ཞིག་དང་འདྲ་བར།
ལུས་པོ་ཚང་མ་རང་དབང་མེད་པར་འཁྱོར་བཞིན་མཆིས།
ཁང་ཆུང་གི་ཐོག་ཁར་ཡོད་པའི་དར་ལྕོག་ཚོ་ཡང་རླུང་གི་ཁ་ཕྱོགས་ལ་མ་བལྟས་པར་གང་སར་གཡོ་བཞིན་འདུག
སྐབས་དེར་

ང་ངོ་མ་དངངས་ཚབ་ཆེན་པོ་སྐྱེས་བྱུང།
དགུན་ཁ་སླར་ཡང་སླེབས་པ་མིན་ནམ།
ཐལ་རྡུལ་གྱི་ཁྲོད་དུ་ཟམ་ཆེན་ཁྱེད་མཐོང་རྒྱུ་མི་འདུག་ལ།
བྱང་ཕྱོགས་སུ་ཡོད་པའི་རི་བོ་ཐང་ཁུག་ཕྱེ་བཏང་སློག་པ་འདྲ་བ་ཚོ་ཡང་མོག་མོག་ཙམ་ཞིག་ལས་མི་གསལ།
ཨ་ཙི་

ངོ་མ་དགུན་ཁ་སླེབས་པ་ཡིན་ནམ།
ཡུལ་འདིར་གྲགས་ཆེ་བའི་རྟ་དཀར་པོ་ཁྱེད་སླར་ཡང་བྱོན་པ་ཡིན་ནམ།
ངོ་མ་སྔར་སྐྱེ་མ་མྱོང་བའི་འཇིགས་སྣང་ཞིག་སྐྱེས་བྱུང་།
ཞིབ་པར་བལྟ་དུས་ང་རང་འཁྲུལ་བ་འདྲ།
ད་ལྟ་


ལྗོན་ཤིང་གི་འདབ་མ་ཟག་མི་འདུག
འོང་སྐོར་དུས་ཆེན་བཏང་མི་འདུག
བཙས་མ་ནི་དེ་བས་བསྔས་མི་འདུག
ནམ་མཁར་ཁྲུང་ཁྲུང་ནི་འཕུར་མཁན་མི་འདུག
དེ་བས་ང་རང་དབྱར་སྐྱིད་གླིང་ཁ་གཏོང་བར་ཡང་འགྲོ་རྒྱུ་རེད་འདུག
ངོ་མ་ང་རང་འཁྲུལ་བ་འདྲ།
༢༠༢༢-༧-༡༧ཉིན་
ལྷན་རྒྱས་ཕྱོགས་ནས་བྱམས་བརྩེའི་བཀའ་སློབ་ཡོད་པར་མཁྱེན།

རྟག་ཏུ་བླ་མ་མ་བརྗེད་གསོལ་བ་ཐོབས།
རྟག་ཏུ་དྲན་ཤེས་ཀྱིས་ཤིག་རང་སེམས་གཤོད།
རྟག་ཏུ་འཆི་བ་མ་བརྗེད་དམ་ཚིག་སྲུང་།
རྟག་ཏུ་བརྩེ་བ་མ་བརྗེད་དགེ་རྩ་བསྔོས།
—དིལ་མགོན་མཁྱེན་བརྩེས།
不要忘记上师,时时向他祈求。
不要随顺妄念,时时观照自心。
不要忘记死亡,时时谨守戒律。
不要忘记有情,时时回向功德。
—顶果钦哲法王 ​



དོ་དགོང་། ང་ཕ་ཡུལ་དུ་ཡོད།
དོ་དགོང་། ང་ཕ་ཡུལ་དུ་ཡོད།
ཚ་ཟེར་དབང་པོ་ནུབ་རིར་བཞུད་རྗེས།
ང་རང་གནའ་གྲོང་འདིའི་སྲང་ལམ་གསར་པ་བརྒལ་ནས་ཞིང་ཐང་དུ་འགྲོ་འདོད་བྱུང་།
ཕྱི་རོལ་དུ། རླུང་བསིལ་པོ་ཞིག་ལྡང་བྱུང་བས།
ཚ་བས་གདུངས་པའི་སྐྱེ་འགྲོ་ཡོངས་ལ་བདེ་བ་ཁྱད་པར་ཅན་ཞིག་སྟེར།

སྐྱི་བསེར་གྱི་རེག་བྱ་འཇམ་པོ་ལོངས་སུ་སྤྱོད་བཞིན།
ཁ་པར་ལས་བོད་གླུ་སྙན་མོ་རེ་རེ་རྣ་བའི་བཅུད་དུ་འདྲེན་བཞིན།
འདྲིས་ཆེ་ལ་རྒྱུས་མངའ་མེད་པའི་ཁྲོམ་གཞུང་དེ་བརྒྱུད་སྐབས།
རང་ཉིད་ནི་ལོ་རྒྱུས་དང་དེང་རབས་ཀྱི་བར་སྟོང་དུ་རེས་སུ་འཁོར་བའི་སྣང་བ་འགོག་མེད་དུ་སྐྱེས།

མུན་པའི་ཡོལ་བ་སྲབ་པོ་ཞིག་གནམ་མཐའ་ནས་རིམ་གྱིས་བཀབ་བྱུང་བས།
གྲོང་ཚོ་དང་ཞིང་ཐང་ཡང་རང་མདངས་བཀབ་སྟེ་གཉིད་དུ་ཡུར།
དེ་མར་གློག་སྒྲོན་རེ་རེ་ལམ་འགྲོ་བའི་མདུན་ལམ་སྟོན་པའི་གྲོགས་སུ་སླེབས་བྱུང་།
གྲོང་ཚོའི་གྲག་འགུལ་འཇགས་པས་རླུང་བུའི་རྒྱུ་བ་ལ་མྱོང་བཞིན།
འགྲམ་དུ་ཁྱོད་རང་ཡོད་ན་ཅི་མ་རུང་སྙམ།
གནས་སྐབས་འདི་ནི་བྱེད་པོས་ཆེད་དུ་མཛའ་མཐུན་གྲོགས་ལ་གནང་བའི་ལེགས་སྐྱེས་རྩ་ཆེན་ཞིག་མ་ཡིན་ནམ།
འོན་ཀྱང་། ཁྱེད་རང་གམ་དུ་མེད་པས་ཐབས་ཅི།

གློག་སྒྲོན་འོག་ཏུ་དམིགས་མེད་དུ་འཆམ་སྐབས།
སེམས་ཁོང་དུ་འདས་ད་ལྟ་མ་འོངས་གསུམ་གྱི་དོན་དག་གཅིག་འཇགས་གཉིས་ལངས་ཀྱིས་འཛིངས།
ཁེར་རྐྱང་གི་སྣང་བ་བན་བུན་དུ་སྐྱེས།
མདུན་ངོས་ནས་ཆང་ཁང་ཞིག་མིག་ལམ་དུ་འཚེར་དུས།
སྦི་རག་གར་པོ་གྲང་བསིལ་བསིལ་ཞིག་འཐུང་འདོད་སྐྱེས།
འོན་ཀྱང་ལག་དོ་མེད་པར་གཅིག་པུར་བཏུང་ན་ངོ་མི་ཚའམ།
སུ་ཞིག་ལ་ཁ་པར་གཏོང་དགོས་བསམས་མོད་སུ་ཞིག་ཀྱང་མ་དྲན།

ཐང་ཆེན་དུ། གྲོང་མི་མང་པོ་འཛོམས་འདུག
རྒྱང་གྲགས་ནས་ནག་ཆུའི་སྒོར་གཞས་གཏོང་བཞིན་འདུག
ཕོ་མོ་རྒན་གཞོན་མང་པོ་ཞིག་སྒོར་གཞས་རྒྱག་བཞིན་འདུག
མཐའ་འཁོར་ལྟད་མོ་བ་དེ་ལས་མང་།
དེ་དག་ལས་མང་ཆེ་བ་མགོ་སྒུར་ནས་ཁ་པར་ལ་ལྟ་བཞིན་འདུག
དེ་དག་ལས་ཕལ་ཆེ་བ་ཕྲུ་གུ་ཆུང་ཆུང་རེད་འདུག

ངས་རྒྱང་ཐག་གང་ཙམ་ནས་ཁོ་ཚོར་ལྟས།
ཡུལ་མི་འདི་དག་ཚང་མ་རྒྱུས་མེད་དུ་མཐོང་།
ཕ་ཡུལ་འདི་ཡང་རྒྱུས་མེད་དུ་མཐོང་།
ཁག་ཅི་ཡོད།
ང་དང་ཕ་ཡུལ་ཁ་བྲལ་ནས་བགྲང་བྱ་དུ་མ་འདས་ཟིན།
ངའི་ཕ་ཡུལ་མི་ལོ་ཉི་ཤུའི་གོང་རོལ་ནས་འཇིག་རྟེན་འདི་ནས་གྱེས་ཟིན།
ཤུལ་དུ་ལུས་པའི་སྲང་ལམ་དང་ཁང་པ་རྙིང་སོང་དེ་དག་ནས་ངས་ངའི་ཕ་ཡུལ་གྱི་བཞིན་རས་དང་ངའི་བྱིས་དུས་དུས་ཀྱི་འཚོ་བ་བཙལ་མོད།
དེ་ནི་དྲན་སྣང་ཁྲོད་ཀྱི་ཨ་ཕྱིའི་བྱད་བཞིན་འཚོལ་བ་ལྟར།
ཅིའདྲའི་དཀའ་མོ་ཞིག་རེད་ཨང་།
ད་ལྟའི་ཕ་ཡུལ་ནས་བརྗོད་ན།
ང་རང་ཡང་འགྲུལ་པ་ཞིག་ལས་ཡུལ་མི་ཞིག་ག་ལ་ཡིན།

ཕྱི་རོལ་དུ། བསིལ་རླུང་ཡིད་ཚིམས་པ་ཞིག་ལོངས་སུ་སྤྱད་རྗེས།
རང་ཁྱིམ་དུ་ལོག
ལམ་བར་དུ་མགོ་བོ་བཏེགས་ཏེ་གནམ་ལ་ལྟས་པས།
གཡས་གཡོན་གྱང་མཐོ་པོའི་བར་ནས།སྐར་ཚོགས་ཁྲ་ལྷམ་མེར་མཐོང་བས།
ཡིད་ལ་ཡ་མཚན་དང་སྤྲོ་སྣང་མཉམ་དུ་རྒྱས།
ངས་སྐར་ཚོགས་མ་མཐོང་བར་ཡུན་རིང་སོང་།
དོ་དགོང་། ཕ་ཡུལ་གྱི་མཚན་དགུང་ནས་གཞི་ནས་མཐོང་།
ང་རང་ཕྲུ་གུའི་སྐབས་ཀྱི་མཚན་དགུང་བཞིན།

ཕ་ཡུལ། རྒྱང་བཞུད་ཀྱི་རྨི་ལམ།
ངའི་མངོན་དུ་མ་འགྱུར་བའི་ཕུགས་བསམ།
དྲན་པའི་ཀློང་ནས་རིམ་གྱིས་ཡལ་བའི་ཡུལ་ལྗོངས།


发布     👍 0 举报 写留言 🖊   
✋热门推荐
  • (既然认为本反黑没有发在微博举报,那么我便再同步发一次)身为反黑不带头做好举报任务,反而是维护自家刷黑辱骂的毒唯来叫板“实惨”到底是被这些所谓的“团偏甜唯热评手
  • ❤️美好的一天从发菩提心开始——   祈愿佛力加持: 今天,所有见我面的,听我声的,闻我名的所有众生,都因我而喜悦祥和,心得清净,少欲少恼,菩提增长、善缘增上,
  • #南京牙齿矫正##南京隐适美#分享自 @南京牙齿矫正邰怡医生(邰怡医生是江苏省隐适美案例数最多的,精专于隐适美和美学正畸,是患者眼中的“笑容魔法师”始终坚守微创
  • 一个老赖章凡 92年 湖北洪湖人(在武汉)在你困难的时候帮助了你,没想到这么缺德~电话换了好几次,玩消失已有三年…… ​​​信用黑名单、限制高消费~隔靴搔痒而已
  • 新手要根据自己所在的位置,尽量选择适合自己地方生长的牡丹品种,比如说,你江南地区的花友,什么牡丹种植经验也没有,却一下子就想去种紫斑牡丹,这难度想想也不小啊。对
  • 最后是小葵,我发现小葵是路人缘最好的小宝贝了,基本上除了佐粉和樱粉,剩下的几乎不粉也不会黑小葵,至少我看到的鸣妈雏妈都很喜欢小葵。所以如果是32岁雏田,女压男我
  • #张艺凡[超话]#[给你小心心]#硬糖少女303张艺凡# 亲爱的小可爱们,求求你们了,别再快转了,我的qz伤不起,你的也伤不起。你也知道微博关系复杂,常常熟人的
  • #美丽的诗集[超话]#五首闲适诗词;世间一草一木皆有情,一云一溪皆是景 人生苦短, 我们又何必将大好光阴 白白用在了伤怀与忧郁, 心若不染尘,何处染尘埃?心不
  • 第一次读这个故事的时候,还认为那个上当受骗的皇帝只是单纯的笨,如今再看,故事中的主角并不笨,不过是死要面子不愿意承认。我妈也不敢再逼迫我 因为28岁那年我妈被骗
  • 初赴庐山,他便被庐山美景深深吸引,古往今来的文人大家早就留下大量赞美庐山的名作,而苏轼也一发而不可收,四过庐山,在这里留下了50余首诗词,其中最有名的是《题西林
  • 成都航空ARJ21“中国梦”彩绘机这架“中国梦”涂装的ARJ21飞机是我国首款拥有自主知识产权的喷气式支线客机,拥有90个座位,为全经济舱布局。国航波音747-
  • 换句话说,世上只有成功的事迹,没有永远做每件事都成功的人。换句话说,世上只有成功的事迹,没有永远做每件事都成功的人。
  • 小时候因为上学,住在姥姥家,总盼着周五周五放学我就坐在姥姥家门口,盯着胡同口等着爸妈干完活开着三马子(一种农用三轮机动车)来接我,回家的路上感觉太幸福了,他们有
  • 比起外在的发展扩大,我更愿意让内部巩固团结再追求更多。可能不尽完美,但一定会尽全力。
  • 初中的时候我拥有第一部也是唯一一部柯达相机 偷偷拿去学校 现在才有那么多丑照 现在想想但凡我的海马体争气一点 我的文采好一点 我都可以把我初中的故事写成一部青春
  • !她同时也是弱小的!
  • 常见韩国人大众名大全 用中国名字来比喻就是李芳 张伟 刘丽 王刚 起个地(俗)道(套)韩国名字? 不如搞清楚啥是로보트 태권V能更快融入社会 가연 가희 가림
  • #芳香疗法历史# 你‭‮知可‬‬欧洲人也‭‮戴佩‬‬香囊1348 年‭‮区地洲欧‬‬黑死病爆发时,人们‭‮识意‬‬到有些‭‮物植‬‬具有‭‮然天‬‬的驱虫作
  • 두 드 춘 로 스 팅 기술 박사 가 세계 시간 표를 정 했다. 무술 변 법, 메 이지 유신, 세 계 를 평정 하고 초심 을 잃 지 않 는 다.
  • 图1:我有个疑问张恒三个朋友一分钱没投资为啥能当股东甚至瓜分股权?可见鲸乖乖除了zs真的是全员恶人、还都是zh的朋友、一开始就给zs和她粉丝下套成为用户试验品、