ང་ནི་རྒྱ་སྐད་དུ་(摔跤)ཟེར་བའི་འགྲན་བསྡུར་དེ་དག་ལ་ལྟ་བར་དགའ་བོ་ཡོད། ཚོགས་པ་གཉིས་གསུམ་ཞིག་གི་འགྲན་བསྡུར་ལ་ལྟ་བཞིན་ཡོད་པས། གཟའ་ཁོར་གཅིག་གི་ནང་ལ་དུས་ཚོད་གསུམ་བཞི་ནི། འགྲན་བསྡུར་དེ་དག་གི་ཕྱོགས་སུ་ཆག་མེད་དུ་གཏོང་དགོས་པ་ཆགས་འདུག དེ་ནི་དགའ་ཕྱོགས་རྐྱང་བས་བསླུས་ཏེ། ལྟ་བར་གོམས་སོང་བ་ཙམ་ལས། སློབ་གཉེར་གྱི་དགོས་མཁོ་ཅི་ཡང་སྒྲུབ་ཐུབ་ཀྱི་མེད་ཅིང་། བལྟས་པ་ལ་སྙིང་བོ་ཅི་ཡང་མེད། ལན་རེར་བསམ་ན། དེ་ལྟར་སློབ་གཉེར་གྱི་དགོས་མཁོ་ཅི་ཡང་སྒྲུབ་མི་ཐུབ་པའི་རྩེད་མོ་རྐྱང་བའི་ལྟད་མོར་གཡེངས་ནས་འདུག་པས། ཕྱི་ཕྱོགས་ཀྱི་གློག་བརྙན་ལྟ་རིན་ཡོད་པ་འགའ་རེར་བལྟ་ཐུབ་རྒྱུ་ན། དེས་ནི་གཅིག་ནས་སེམས་ཁམས་སྐྱིད་ལ་སྐུར་ཐུབ་པ། གཉིས་ནས་མཐོང་རྒྱ་དང་ཤེས་རྒྱ་མང་བོ་བསྐྱེད་ཡོང་བ། གསུན་ནས་དབྱིན་སྐད་སྦྱངས་པ་སོགས་ལ་ཡང་རམ་འདེགས་ཆེན་པོ་བསྐྲུན་ཐུབ་པས། ད་ནི་(摔跤)ལྟ་མཚམས་འབཞག་སྟེ། ཁོམ་སྐབས་དག་ལ་ངལ་གསོའི་ཐབས་སུ་གློག་བརྙན་གྲགས་ཅན་དག་ལ་ལྟ་བར་གོམས་ཐུབ་ན། ཅི་མ་རུང་སྙམ་ཡང་། ལྟ་བར་ལོབས་དྲགས་པ་དང་དེའི་ཕྱོགས་ལ་རྗེས་མངའ་ཆེ་དྲགས་ཏེ། ལྟ་མཚམས་འཇོག་རྒྱུ་དེ་ཡང་ལས་སླ་བོ་ཞིག་གཏན་ནས་མ་རེད། དཔེར་ན། སྤོ་ལོར་དགའ་མཁན་ཚོས་སྤོ་ལོའི་འགྲན་རིམ་ཁག་ལ་ལྟ་མཚམས་འཇོག་མི་ཐུབ་པ་ནང་བཞིན་རེད། དེང་གི་དུས་འདིར་མི་སུ་ཡིན་ཡང་ཁོར་ཡུག་གི་རྐྱེན་གྱིས་ངལ་གསོའི་ཐབས་སུའམ་སྤྲོ་སྐྱིད་ལ་སྐུར་ཕྱིར་དུ་གློག་བརྙན་སོགས་ཀྱིས་མཚོན་པའི་དྲ་སྒང་གི་ལྟད་མོ་འདྲ་མིན་ལ་མི་གཡེངས་ཐུ་མེད་ལྟ་བུ་ཆགས་འདུག་པས། དུས་ཚོད་གཏོང་བ་གཅིག་འདྲ་ཡིན་པ་ལ། སློབ་གཉེར་དང་སྤྲོ་སྐྱིད་གཏོང་བའི་དགོས་མཁོ་གཉིས་ཅིག་ཅར་དུ་སྐོང་ཐུབ་པའི་ལམ་ཁ་ཞིག་བཙལ་རྒྱུ་དེ་ཡང་། ངལ་གསོའི་དུས་ཚོད་ལ་རིན་ཐང་བསྐྲུན་ཐུབ་མིན་གྱི་གདམ་ཀ་གལ་ཆེན་ཞིག་རེད།

རང་ཉིད་རང་གི་ལམ་དུ་སོང་གཞན་གྱིས་ཅི་ཟེར་བཤད་དུ་ཆུག། འཇིག་རྟེན་འདིར་ཁྱོད་ཀྱི་མི་ཚེར་སྡོམ་ཚིག་འགོད་ཐུབ་མཁན་གཅིག་མ་གཏོགས་མེད། དེ་ནི་ཁྱོད་རང་ཉིད་རེད།

དགྲ་འདུལ་གཉེན་སྐྱོང་གོང་མ་ལྷ་ནས་བརྐོས། །
ཕྱོགས་བཞི་བདུད་བཞི་ཐུལ་བའི་དཔའ་བོ་ཞིག། །
གདོད་ནས་ད་བར་ཟློ་བའི་ལྷ་སྒྲུང་སྟེ། །
གེ་སར་རྒྱལ་པོ་ཡོད་མེད་མི་ཤེས་མོད། །
ཇིང་གིར་རྒྱལ་པོའི་དཔུང་སྟོབས་ཧོར་དམག་གིས། །
ཡ་གླིང་སྐམ་ས་ཆེན་མོ་ཡོ་རོབ་སོགས། །
རྒྱ་མཚོ་ཕ་མཐར་གནས་པའི་རྒྱལ་ཁབ་ཀྱང་། །
བཙན་པོའི་ཧོར་དམག་གྱི་ལིང་རྟ་མཆོག་གི། །
རྨིག་སྒྲས་འཇོམས་པའི་ལོ་རྒྱུ་ངོ་མ་རེད། །


发布     👍 0 举报 写留言 🖊   
✋热门推荐
  • "浮躁又徬徨還不亦樂乎""我隻身在山頂不亦樂乎" --張藝興#感恩认识你[超话]#法华经讲记-劝持品第十三时诸菩萨,敬顺
  • 今天出太阳噜[彩虹屁](虽然明天好像又要下雨)洗了衣服,晒了被子,换了被套开心开心耶✌️记日记的好处就是,随时可以回顾过去,回头看自己最初的样子,调整当下的状态
  • 我国的汽车产业一言难尽,一方面规模巨大,每年生产的汽车数量高居世界第一,几乎是第二名美国的3倍,另一方全球前十大汽车企业却没有中国的品牌,不过这一尴尬的现象由于
  • ”顾薇憋了几秒,眼见陈宇不搭茬,忍不住又问:“那你怎么不给我买?”顾薇理不直气也壮:“我们上次买的时候我就说了这家山楂太酸了……”“姐姐,你两分钟前还说想吃山楂
  • 李絮也有新电影《菜英文没在怕》与台湾观众们见面,更因此片入围了青龙奖女配角,这一次她在剧中演出一位伸张正义的检察官姜荷娜。作为《盗墓同盟》海外目前唯一上映的地区
  • )▷上集前情提要:本集阅读指引:P1:我通过亲友提醒察觉到我新互关是抄袭者卷土重来,我认真核对了画风、ip地址、旧号销号时间和新号登录时间,发生了如图对话(省流
  • 19、最喜欢冬日的阳光,在阴冷的日子里,给人些许的暖意,无关生活,无关心情20、秋去冬来,愿我们都能够对自己好一点。如果你羊了,最紧张的一定是你的邻居而不是你新
  • 大隐2岁了,五折开吃大隐店庆活动来啦!活动详情可到门店咨询,6月出生的朋友到店用餐,出示身份证还有“隐士”礼物一份哦 趁着周末来万象汇逛吃 发现万象汇已经2⃣️
  • #皮卡星[超话]#因为粥星星的飞行考试非常重要,所以小猫咪开始了闭关训练米米子真是太想他了,还好疫情过去了,所以米米子一有机会就去幼儿园看粥星星小猫咪也很开心,
  • 又或者,其实不管狮子座多么爱一个人,但他们实际上爱的并不是对方,而仍旧是他们自己。狮子座我们当然也没有否认,至少在平日的生活当中,尽管狮子座从来不会给人一种桀骜
  • 啊啊啊啊啊啊我真的很久没有嗑到过他泰的cp了呜呜呜上一次他泰不是路人围观状态的cp已经离婚两年了。哭哭刚开始觉得pai有点配不上姐的绝美破碎感,没办法人类真的很
  • 他们呼吁全体队员:作为一名新时代的少先队员,我们要继承中华民族与人为善的优良传统,对家人、邻居、同学友善,做到和睦相处,为了家庭、社会和国家更好的未来而努力!同
  • #TutorYim[超话]# #tutoryim# Twi. BrickinfoReport update✨ Tutor参加LEISURE PRO
  • 《若干政策措施》要求,各有关部门、各地方要高度重视,加强配合,做好外资扩增量、稳存量、提质量各项工作,营造更加优化的政策环境,稳定外商投资预期、提振外商投资信心
  • 对啦对啦,晗晗昨天说,一秒都离不开我哦真的超级开心好吗,戳到我的心巴上了在附上我被吞掉然后重新填写的志愿者服务照片#墨西姐生活# 「EP21 来墨西哥大理,快
  • OPPO Reno7 Pro 英雄联盟手游限定版的手机后壳采用了全新的暗影柔晶技术,通过优化光影效果对比,让人仿佛置身在峡谷的暗影迷雾之中,而且还有 3条若隐若
  • 10、橱柜品牌参考,第一梯队博洛尼、皮阿诺、古诺奇、我乐、金牌等等,橱柜因为使用环境特殊,经常接触水源、火源,使用还很频繁,所在在选择上是质量放在首位,在价格同
  • 这个赛季常规赛的第一阶段的时候,林书豪仅仅出战4场比赛,他的表现也比较一般,郭士强指导明显就不太信任他,相比之下广州队中的另外一名小外援梅森的机会更多一些,他的
  • 四川海膜贸易有限公司1、岗位:农副产品订货员2、人员要求:25~57岁,会基础电脑操作,面试通过后,公司提供7天理论+实践的系统培训,考核上岗3、工作内容:大宗
  • ”鲍威副主任表示:“中国的标准化工作,从无到有,从低水平到高水平,从引进国外的国际标准开始,到现在我们的高度参与甚至开始主导一部分国际标准的制定,以比亚迪为代表