ང་རྒྱལ་ཁེངས་དྲེགས་བྱས་ན་རང་ཉིད་ལ་གནོད་འཚེ་ཐེབས་སྲིད་ཅིང་། ཁེངས་སྐྱུང་གཟབ་ནན་བྱས་ན་རང་ཉིད་ལ་ཕན་པ་ཚད་མེད་འབྱུང་སྲིད།

骄傲自满会使自己受到损害,谦虚谨慎会使自己受益无穷。

༤༥༣ སྐྱི་བསེར་རླུང་བུ་འཇམ་པའི་ཞོགས་པ་དེར། །
དྭངས་གཙང་ཆུ་ཡིས་ཕྱིི་ཁྲུས་བགྱི་བྱས་ཏེ། །
དབང་ཕྱོགས་ལམ་གྱི་སྣེ་མོར་འཇུ་བ་ལ། །
ཐོག་མའི་བྱེད་པ་མངོན་པའི་ལས་སུ་ཞུགས། །

༤༥༤ ཡར་ཀླུང་གཙང་པོོའི་རྒྱུན་ལ་གྲོགས་སུ་བྱས། །
རྒྱུས་མེད་ཡུལ་ནས་ཅུང་ཙམ་རྒྱུས་མངའ་བ། །
འབྲོང་པོ་རྫོང་ཞེས་བྱ་བར་ཞོགས་ཇ་འཐུངས། །
སླར་ཡང་གཞུང་ལམ་འཕྲུལ་གྱིས་གཅོད་ལ་ཞུགས། །

༤༥༥ བྱེ་མས་ཐང་མ་བརྡལ་བའི་རི་ཀླུང་ནས། །
དྭངས་གཙང་ཆུ་ཕྲན་ཤག་ཤག་བཞུར་བའི་འགྲམ། །
མ་རྨད་གཡུ་ཡི་སྤང་ཐང་རྙེད་པ་དེར། །
ངལ་བའི་འབབ་སྟེགས་བྱེད་པའི་གནས་སུ་བྱས། །

༤༥༦ རྡུལ་གྱིས་ཟོས་པའི་རླངས་འཁོར་འཁྲི་བ་དང་། །
ཡན་ལག་འཁྲི་བའི་ངང་ཚུལ་རྣམ་པ་གཉིས། །
ལྷན་ཅིག་བཟུང་ནས་བག་ཡངས་འཚོ་བ་ཡི། །
ལས་ལ་ཞུགས་པ་བས་མཐའི་རི་སྐྱེས་བཞིན། །

༤༥༧ དེ་ནས་ཡར་མར་འདུར་བ་རྒྱུན་མི་ཆད། །
དུ་མའི་ལམ་ཐག་བཅད་པའི་ལམ་སྣེ་སྟེ། །
ས་དགའ་རྫོང་གི་མར་ཞབས་སྟོད་དབུས་མཚམས། །
སྔར་བཞིན་དཔྱད་པའི་སྒོ་མོར་བརྒལ་ནས་སོང་། །

༤༥༨ ཀྱ་ཀྱུའི་སྣུམ་ལམ་རི་མོ་བྲིས་པ་ཡི། །
བཀྲ་བཀྲ་རི་བོ་དང་ནི་སྨན་སྐྲ་རི། །
བརྒྱུད་ནས་མང་ཡུལ་གུང་ཐང་བྱ་བ་ཡི། །
ལ་ལ་འདུན་པའི་མེ་ཏོག་འཛུམ་བཞིན་སོང་། །

༤༥༩ བོད་ཀྱི་ལྷ་གཅིག་མཚོ་སྐྱེས་རྡོ་རྗེ་ཡི། །
མཚན་དཔེའི་སྐུ་མཆོག་དངོས་ཀྱི་ཕྲིན་ལས་རྫོགས། །
ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་པའི་ཡུལ། །
མང་ཡུལ་གུང་ཐང་བྱ་བའི་གནས་ལ་ལྷགས། །

༤༦༠ སངས་རྒྱས་གཉིས་པ་པདྨ་འབྱུང་གནས་དཔལ། །
ཞག་བདུན་བཞུགས་པའི་དབྱིག་འཛིན་པང་ལ་ནི། །
སྐལ་བཟང་སྐྱེ་བོས་ལེགས་བྱས་སྟོང་གི་དཔལ། །
ལེགས་བཞེངས་ལྷ་ཡི་ཁང་བཟང་ལྷུན་ཆགས་སེ། །

༤༦༡ རྟེན་གཙོ་གུ་རུ་བར་ཆད་ལམ་སེལ་དང་། །
ཨོ་རྒྱན་ཕྱག་སོར་ཕབ་པའི་གོར་མ་དང་། །
ཞབས་ལྷམ་རང་བྱོན་ལྷ་སྲས་མུ་ཏིག་བཙན། །
སྙན་དབང་རང་བྱོན་ལྟ་བྱེད་ལམ་དུ་ལྷམ། །

༤༦༢ མོས་གུས་མེ་ཏོག་ཉེ་བར་ཆུང་ན་ཡང་། །
མ་བཅོས་དད་པའི་ཟེའུ་འབྲུ་བསྟར་བ་ལ། །
རྐང་དྲུག་གྲེ་བར་ཁུག་པའི་སྨོན་ལམ་ཚིག །
བསྐུལ་བ་མིན་ཡང་ལྷན་ཅིག་གྲོགས་སུ་བྱས། །

༤༦༣ དེ་ནས་ཐབས་ཀྱི་ཕྱོགས་སུ་ཆས་པ་ན། །
བྱིན་རྟེན་བྱང་ཆུབ་མཆོད་རྟེན་དཀར་པོ་ཞིག །
བུམ་པའི་རྩེ་མོར་ཨོ་རྒྱན་རང་བྱོན་སྐུ། །
གསལ་བས་བརྒྱན་པ་དེ་ཡང་མཇལ་བར་གྱུར། །

༤༦༤ ཟངས་མདོག་དཔལ་རིའི་སྨོན་ལམ་ལན་གཅིག་ཞུས། །
ལན་གསུམ་བསྐོར་བའི་ཆོ་ག་རྫོགས་པར་བྱས། །
ཅང་ཤེས་བྷ་ལ་ཧ་ལ་བཅིབས་གྱུར་ཏེ། །
སྲིན་ཡུལ་གཤེགས་པའི་ཕྱོགས་སུ་ལྟ་བྱེད་འཕངས། །

༤༦༥ དེ་ནས་ཕྱིར་ལོག་པའི་ལམ་བར་ནས། །
བརྒྱད་ལྡན་ཆབ་གྱི་ཡོན་ཏན་ལྷུན་རྫོགས་པ། །
ཨོ་རྒྱན་ཆེན་པོའི་སྒྲུབ་ཆུ་བཏུང་བའི་སྐལ། །
ཐོབ་ཏེ་་དིང་རི་རྫོང་ལ་ཉེ་བར་ཕྱོགས། །

༤༦༦ ལྷ་ཡི་ལམ་དང་རིན་ཆེན་ཨིནྡྲ་རྙིལ། །
མ་ལུས་མཛེས་པ་འཕྲོག་པའི་གཡུ་ཡི་མཚོ། །
དཔལ་མགོན་མཚོ་ཉེས་སྙན་པ་འཕུར་བ་དེ། །
འདྲེན་བྱེད་ལམ་དང་པར་མིག་ནང་དུ་དྲངས། །

༤༦༧ ཞོ་དང་འོ་དཀར་པདྨའི་རྩ་བ་ལ། །
འཁུ་བའི་གངས་དཀར་མུ་ཁྱུད་བསྐོར་བའི་འདབས། །
འདབ་ལྡན་སེར་པོའི་མཆོད་པ་བསྟར་བ་ཡིས། །
ཡིད་ཀྱི་བརྟན་པ་འགོག་པའི་ལམ་བུ་བརྒྱུད། །

༤༦༨ ཁ་བའི་རྡུལ་བརྩེགས་མཐོངས་ལ་རྩེ་མོ་ཟུག །
ཉི་ཟླའི་རྣ་ཆ་རྒྱན་དུ་དཔྱངས་པ་ཡི། །
སྙན་པའི་གྲགས་དཀར་འཛམ་གླིང་ཡང་རྩེ་ལ། །
འཕགས་པའི་ཇོ་མོ་གླང་མ་ལམ་བར་མཐོང་། །

༤༦༩ དགོང་ཀའི་སྣང་བྱེད་ཟེགས་མ་དབུ་ལ་འཕོས། །
མཚར་སྡུག་གཟི་བྱིན་འབར་བས་ཐབས་ཤེས་ཕྱོགས། །
འཛུམ་པའི་གངས་དཀར་དག་ལའང་ལྷག་པའི་མཛེས། །
རྒྱན་དུ་བྱིན་པའི་ལས་ལ་བྲེལ་བ་བཞིན། །

༤༧༠ སྤྲིན་དཀར་མགུལ་གྱི་རྒྱན་ཆར་ལེན་པ་ཡི། །
གངས་ཀྱི་ས་འཛིན་མོད་པར་གྱུར་ན་ཡང་། །
སྤྱི་བོར་མཉམ་པའི་དཔེ་ཟླ་མ་མཐོང་བས། །
དོན་མཐུན་སྙན་པའི་གྲགས་པ་འབར་བར་ངེས། །

༤༧༡ དེ་ནས་མཚམས་སྤྲིན་སར་བའི་མཚར་སྡུག་གོས། །
རྒྱན་དུ་བཀླུབས་བཞིན་ཉི་མ་ནུབ་རིར་ཡིབ། །
དཀའ་འོད་ཆེམ་ཆེམ་འཕྲོ་བའི་གྲོང་སྡེ་དག །
རྒྱུ་སྐར་དང་ནི་མུ་ཏིག་འཐོར་བའི་དཔེ། །

༤༧༢ དཀར་ནག་འཐབ་པའི་ལམ་བུ་དུ་མ་ལ། །
མི་ཡིས་མ་ཡིན་འཕྲུལ་གྱི་རྐང་པ་ཡིས། །
ཉེ་བར་བཅད་དེ་ལྷགས་པའི་དིང་རི་རྫོང་། །
ངལ་བ་གསོ་བའི་གནས་སུ་ལེན་པར་བྱས། །

༧.༢༨ཉིན་ཕག་ལུག་གྲོང་རྡལ་བྱ་བ་ནས་གུང་ཐང་ལ་ཁར་འགྲོ་ཞོར་དིང་རི་རྫོང་ལ་ལྷགས་པའི་ཟིན་ཐུན། #✍️ དྲང་འཇུག།#

མཛད་པའི་རྣམ་ཐར་ཐོས་ཚེ་བླ་མ་དྲན།། དད་འདུན་འགྱུར་མེད་སྒོ་ནས་གསོལ་བ་འདེབས།། ལས་ངན་འཁོར་བའི་སེམས་ཅན་མ་ལུས་པ།། ནུབ་ཕྱོགས་བདེ་ལྡན་ཞིང་དུ་འདྲེན་དུ་གསོལ།།


发布     👍 0 举报 写留言 🖊   
✋热门推荐
  • 【精装书】:它们比平装书多了两块硬纸板,书脊也加衬做墙头布,然后有所谓方脊或圆脊的,总而言之就是让书看上去骨头很硬,质感更强烈。【平装书】:现在最常见的平装书就
  • 谢谢配合#张云雷##小辫儿张云雷##辫儿哥哥##一见倾心张云雷##张云雷 千万份爱给你##张云雷 好好爱他##张云雷的奇妙旧时光#我是个胆小鬼吧其实我一个人的时
  • 这,是一群永远信息有限但沉默的民众正式的公告永远等不到,于是被封半天之后出现了“小道传闻”刚刚指责你的人互相传播着,从那女人因为翻栏杆而被施以惩戒拉去隔离,到那
  • 這先天真水,是與上帝一般無差別的智慧,如同智水湧現,源源不絕,不能在每個執念下,自覺起心動念的問題,咋自覺呢?自性惟獨自覺,如同自作自受般,這香林法界,正是眾生
  • 【投稿】“洞娘好,我想问大家一个问题,如果你看到新入汉服坑的朋友买了一些踩雷的衣服,你会去制止她吗?最近发现一个朋友新入了汉服坑,但是她对汉服形制并不了解,在朋
  • 第十七句:如果你养儿是为了养老,那就别说母爱有多伟大,养来养去,不还是为了自己吗!第二十八句:如果有一天,在你的生命里出现了一个,能左右你情绪的人,记住——一定
  • p1-p3.아아아아아아아!!!!!이 그릇들은 모두 내가 좋아하는 스타일이야~~정말..만약 그릇시장에서 실물을 보시면..난 틀림없이 길을 떠날 수
  • 最后返程的爬坡我是真的骑不动啊啊啊啊 好不容易上坡 下坡前真好落日晚霞 一整个天空都没到爆炸 比照片里好看一万倍一千倍 当时觉得“啊~ 真的好浪漫呀~~~”嘿嘿
  • ”就像4G LTE推出最开始的几年,用户也经历了同样的容量问题,比如在人群聚集的球场,手机就会断网。另一家科技媒体The Verge的编辑Chris Welch
  • 사실 가끔 나도 궁금해.. 난 도대체 다른 사람들에게 어떤 모습으로 보이나? 그럼..나는 강아지의 눈에 어떤 존재일까? ㅋㅋㅋ...산책을 하다가
  • #沥青# #沥青期货#上周大饼跌破18200一带支撑后反弹受阻于18200;今天最低下探至上周最低位15588上方,短期二次试探了16000下方/上周最低位15
  • #nflying[超话]#[可怜]#NFlying陪你浪漫出圈#[爱你]#跨海超时光#나를 볼 수 있니!! [可怜][可怜]제가 한국어를 잘 못해서 번역기
  • 8.nulo,配方还行,性价比高,颗粒小,车价250以下,11斤多,但是猫友反馈吃了猫毛会变差9.金素,入门级进口粮,适口性很好,颗粒比较大,猫粑粑很漂亮,性价
  • 说起来,关于这类舆情应对,早在吉林疫情的时候,我就写过相关建议1、不论是舆情处置,抑或是疫情处置,最佳处置时间都是事发后不久。说起来,关于这类舆情应对,早在吉林
  • 很多天使投资人讨厌使用“天使”这个词来描述自己的投资行为,感觉听起来太过于超凡脱俗、虚无缥缈,但他们认为自己毫无疑问是脚踏实地的。无论是否承认,这就是能量的运转
  • [哆啦A梦害怕]虽然只是幻想但你们到底在悲伤什么啊!)//喝最甜的酒爱最远的人✍呼~叹口气人是会有突然的低落说不清的悲伤脑袋也没有想什么就是一种乏力️近来谈不上
  • 今天工作上有点调整不过来和我一起入职的女生有两年工作经验 加上看上去是乖乖女所以深的领导喜欢 而我带着留学生的头衔 每天准时下班 总是很佛的样子 所以就注定被人
  • 莫愁湖分局坚持夯实基层治理“一张网”理念,切实将党建引领“融进去”把网格党建、安全生产、纠纷化解等各条线要素信息对接融入辖区5个网格,严格落实“一格两员”完善“
  • 写真集以“和她一起生活的365天”为主题,以河田的出生地,山口·下关为首,奄美,镰仓,东京等,在国内各处进行了通常写真集5倍以上规模的外景拍摄,坂道系列“史上最
  • 涂完之后,皮肤就是滑滑板还有一个是科颜氏高保湿面霜真的绝了冬季节它永远是我护肤品里的C位!!敏感混干的肤质,就是一到比较干燥的季节特别是被那个冷风呼呼一吹,脸就