《དབུགས་ལྒང།》ལ་བལྟས་རྗེས།

                                  ༡
                   ང་གནས་གང་དུ་སོང་རུང།
ང་གནས་གང་དུ་སོང་རུང་།
ཁ་ཕྱིར་འཁོར་ངེས།
གནས་ལུགས་ཡོད་ཚད་བརྒྱབ་ཏུ་བསྐྱུར་རྗེས།
བདེན་པ་ཐ་དག་སེམས་ནས་བོར་རྗེས།
ང་ལ་བགད་རྒྱུའི་འཛུམ་མདངས་མེད་ལ།
ངུ་རྒྱུའི་མིག་ཆུ་ཡི་ལྷག་མེད་པ་འདྲ།

དུས་ཚོད་ཀྱི་གོམས་འགྲོས་ལས།
འགྱུར་འགྲོ་བའི་ཆོས་ཉིད་རྟོགས་ངེས་པས།
ང་གནས་གང་དུ་སོང་རུང།
ཕྱིར་བལྟ་ཞིག་བྱ་ངེས།།
                                  ༢
                    གྱང་ངོས་ཀྱི་ཚོན་མདངས་སྣུམ་པོ་དེ།
ལོ་ཟླ་ཡི་ཆར་ཆུས་འཇིབས་བཞིན།
དུས་འཁོར་གྱི་རླུང་བུས་དེད་པའི།
ང་རང་གི་ཕར་མཆོངས་ཚུར་མཆོངས་དག
གྱང་ངོས་ཀྱི་ཚོན་མདངས་སྣུམ་པོ་དེ་ལྟར།
སྐྱ་ཐིང་ཐིང་དུ་གྱུར་མོད།
                                  ༣
                              ཤེལ་སྒོའི་ཕྱི་ན།
ཤེལ་སྒོ་དེའི་ཕྱི་ན།
རླུང་དམར་ལྡང་ཞིང་ཆར་བ་དྲགས་ཏུ་བབས།
ངས་དེ་ནི་མཐོང་བ་ཙམ་ཡིན།

ཤེལ་སྒོའི་ནང་ལོག་ན།
ཐབས་འགྲམ་ན་ཚ་སོབ་སོབ་ངང་ནས་ཟས་ལ་རོལ།
ང་དང་ཁྱིམ་མི་དག་གིས།
ཤེལ་སྒོ་དེའི་ཕྱི་ལ་དོ་སྣང་སླེབས་སམ།

ཤེལ་སྒོའི་ཕྱི་ན།
ཁ་བ་བབས་བཞིན།
ཤེལ་སྒོའི་ནང་ན།
མེ་ཚ་འུར་འུར་སྦར་བཞིན་ཡོད།
                                   ༤
                                  ཕུང་པོ།
རས་སྣ་དཀར་པོས་གཏུམ་པའི་ཕུང་པོ་དེ།
འགུལ་དཀྱོག་མེད་པར་གནས།(འཆི་ཟིན་པས་སོ།)
རྣམ་ཤེས་འཁྱམ་པོ་དེས།
གནས་མལ་གཅིག་དེ་འཚོལ་ཕྱིར།
འཇིག་རྟེན་གྱི་མཐའ་འཁོབས་ནས་ཁྱེད་ལ་སྐྱེལ་མ་བཞུས་རྗེས།
གནས་མལ་ཞིག་འཚོལ་བར་སོང་།
                                     ༥
                                   མ་ཎི་དེ།
ཕྱག་ལན་གསུལ་འཚལ་ཚར་རྗེས།
སྨོན་ལམ་ཞིག་འདེབས་མོད།
མ་ཎི་དེ་འདོན་ཡོད།

མ་ཎི་འདོན་འདོན་ནས།
ངས་འཆི་བ་ཞེས་པ་ཚོར་བྱུང།
དུས་དེ་ནས།
མ་ཎི།  མ་ཎི།
                                       ༦
                                  བརྩེ་དུངས།
བརྩེ་དུངས་ཀྱི་ལྡུམ་རྭ་ནས།
ཕོ་མོ་གཉིས་ཀྱི་འདབ་མ་ལྷུག་པར་གྲོལ།
ཐེགས་གཅིག་གི་ཕོག་ཐུག་ལས།
མིག་ཕན་ཚུན་ལ་བགྲད་བཞིན་ལ།
སེམས་ཕན་ཚུན་ལ་བསྣད་བཞིན་མོད།
དུས་དེ་ནས།
བརྩེ་དུངས།   བརྩེ་དུངས།
དུར་ཁྲོད་ཡིན་ནམ།
ཡང་ན་བདེ་ཞིང་ཡིན།
                                        ༧
                              མིག་ཤེལ་གྱི་བརྒྱབ་ན།
མིག་ཤེལ་གྱི་བརྒྱབ་ན།
བཤད་མི་ཚར་བའི་གཏམ་དང་།
བལྟ་མི་ཕོད་པའི་མིག་མདའ་དེ།

ཕར་ལ་བལྟས་ཚོད་ཀྱི་བརྗོད་རྒྱུ་ཡོད་ནའང།
འཚུབ་ཆ་ཞིག་གིས་སེམས་པ་དཀྲུགས་རྗེས།
བཟོ་ལྟ་ཞིག་སྟོན་པ་ལས།
རྣམ་འགྱུར་དེ་བཀབ་པས།
མཚོན་དོན་དེ་ལྐོག་སུ་བཅུག་མོད།
                                         ༨
                                       ཨ་རག
ཨ་རག་ཕོར་བ་གང་དེ་འཐུང་ཚར་རྗེས།
ངས་ཡོད་ཚད་དྲང་པོར་བརྗོད་ཡོད།
སྡང་བ་དང་ཁྲོ་བ་ཐ་དག་འདོན་ལ།
དགའ་བ་དང་སྤྲོ་བ་ཐམས་ཅད་པོ་མངོན་ཟིན།

ཨ་རག་ཕོར་བ་གང་དེ།
བདུད་རྩི་བཞིན་ངོམ་རྒྱུ་མེད་ཀྱང།
ངར་དྲང་མོར་བརྗོད་པའི་སྨྲ་སྒོ་བསྩོལ་ངེས།
                                             ༩
                                འཚོ་བ་དང་འཚོ་གནས།
འཚོ་བ་དེ་རྩེད་ར་དང་ཁྱད་མེད་ལ།
དེ་ནི་འགྲན་ར་དང་གཉིས་སུ་མེད།
འཚོ་གནས་ནི་ཆེས་ཐ་མའི་རེ་བ་ཡིན།
འཚོ་བ་དང་འཚོ་གནས་ལས།
ངས་ཐ་དག་ལ་དོ་མི་ཐུབ།
                                            ༡༠
                                           ལྒང་བུ།
ལྒང་བ་མིན་པའི་ལྒང་བུ།
འཚོ་བས་གྲུབ་ལ།
ལྒང་བུའི་ལྒང་བུས།
རྣམ་ཤེས་ཀྱང་དེད།

འཚོ་བ་དང་དངོས་ཡོད་ལས།
འདམ་ཁ་ཞིག་མ་གྲུབ་ཕྱིར།
ལྒང་བུ་དེ་གནམ་ལ་འཕུར་ཐེངས་གཅིག་གིས།
རྫོགས་ཚིག་ཞིག་བྲིས་མོད།  
                                                      སྟོང་ལོ་ཉི་ཤུ  ༡༡/༣༠
                                                      ལྷག་པ་དོན་གྲུབ།
                   

    

དེ་རིང་གཙང་བཀྲ་ཤིས་ལྷུན་པོ་ལ་མཇལ་དུ་སོང་བ་ཡིན། དེ་ནི་དབུས་གཙང་དུ་ཡོད་པའི་དགེ་ལུགས་པའི་གདན་ས་ཆེན་པོ་བཞིའི་ཡ་གྱལ་ཡིན་པ་དང་།

གཞིས་ཀ་རྩེའི་གྲོང་ཁྱེར་དང་འདབས་འབྲེལ་ལྟ་བུར་ཡོད། རབ་བྱུང་བརྒྱད་པའི་མེ་ཡོས་ ༡༤༤༧ལོར་ ཏཱ་ལའི་བླ་མ་སྐུ་ཕྲེང་དང་བོ་རྗེ་དགེ་འདུན་གྲུབ་ཀྱིས་ཐོག་མར་ཕྱག་བཏབ། དགོན་མིང་ཆ་ཚང་ལ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་ཞེས་ཟེར།

རྟེན་གཙོ་ཐུབ་དབང་བདུད་འདུལ་མའི་སྐུ་བརྙན་སོགས་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་གསར་བཞེངས་ཐོག

ཆོས་འཆད་ཉན་ལ་རབ་ཏུ་གཞོལ་བས་ཐོག་མར་མཁས་པའི་དབང་བོ་བཅུ་ཕྲག་གསུམ་ཙམ་དང་དགེ་འདུན་པ་བརྒྱ་དང་བཅུ་ཕྲག་འགའ་ལས་མེད་ཀྱང་ཁོང་གི་སྐུ་ཚེ་སྨད་ལ་དགེ་འདུན་པ་ཆིག་སྟོང་དྲུག་བརྒྱ་ཙམ་མམ་སུམ་སྟོང་ཙམ་འཕེལ་མྱོང་ཡོད་ལ་རྗེས་སུ་དེ་ལས་མང་བོ་འཕེལ་ཡོད་ཀྱང་གསལ་བོར་མ་ཤེས། དགོན་པ་བཏབ་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་བསྟན་པའི་བདག་པོ་མཛད་དེ་འཆད་ཉན་ནམ་ཡང་ཆག་པ་མེད་པར་གནང༌། པཎ་ཆེན་དགེ་འདུན་གྲུབ་པ་ཞེས་མཚན་སྙན་གྱིས་ཡོངས་སུ་ཁྱབ་ཅིང་། དེ་ནས་བཟུང་བཀྲ་ཤིས་ལྷུན་པོའི་གདན་ས་སུས་མཛད་ལ་པཎ་ཆེན་ཞེས་པའི་མཚན་སྙན་གྲགས་ཁྱབ་རྡལ་དུ་སོང་། པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དགུང་ལོ་སོ་གཅིག་པ་རབ་བྱུང་བཅུ་བའི་ལྕགས་གླང༡༦༠༡ ལོར་བཀྲ་ཤིས་ལྷུན་པོའི་མཁན་པོ་མཛད་པ་ནས་བཟུང་དགོན་པ་འདི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ལྟ་བུར་ཆགས་ཡོད་པ་རེད། ད་ལྟ་དགོན་པ་འདིར་རྗེ་དགེ་འདུན་གྲུབ་ཀྱི་ཞབས་རྗེས་དང་སྟོན་པ་དང་རྗེ་ཡབ་སྲས་ལ་སོགས་པའི་སྐུ་བརྙན་མང་བོ་བཞུགས་སུ་གསོལ་བ་དང་།

པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན་གྱི་སྐུ་དམར་གདུང་ཆ་ཚང་དང་པཎ་ཆེན་སྐུ་ཕྲེང་ལྔ་བ་ནས་དགུ་བའི་བར་གྱི་གདུང་རྟེན་གྱི་ཆ་ཤས་དང་རིང་བསྲེལ་སོགས་རྟེན་སྣ་མང་བོ་གཅིག་ཏུ་བསྡུས་པའི་གདུང་རྟེན་དང་ཆོས་སྲིད་གཉིས་ལ་བཀའ་དྲིན་བླ་ལྷག་ཆེ་བའི་པཎ་ཆེན་བཅུ་བ་ཆེན་པོའི་སྐུ་དམར་གདུང་བཅས་མཆོད་རྟེན་ཆེན་པོ་གསུམ་བཞུགས་པ་དེ་དག་གི་རྒྱུ་ཆ་གསེར་དངུལ་ཟངས་ལྕགས་དང་གཡུ་བྱུར་སོགས་རིན་པོ་ཆེ་རྩ་ཆེན་ལས་གྲུབ་པའི་གདུང་རྟེན་ཡིན། ༧པཎ་ཆེན་བཅུ་བ་མཆོག་གི་སྐུ་དམར་གདུང་ཆ་ཚང་བཞུགས་པའི་སྐུ་གདུང་ལ་དངོས་སུ་མཇལ་རྗེས། བདག་ནི་བརྗོད་དུ་མེད་པའི་ཚོར་སྣང་ཞིག་གིས་མགྲིན་པ་བརྣངས་ཏེ་ཁོང་གི་སྐུ་གདུང་གི་ཕྱོགས་སུ་གུས་ཕྱག་ཅིག་ཕུལ་བ་ལས་ཐབས་ཅི་ཞིག་བདོག

རིའི་མཐོ་དམན་རྒྱང་ནས་བལྟས་ན་ད་གཟོད་གསལ་བོར་མཐོང་བ་དང་རིའི་ངོ་ལ་འཛེགས་ན་གསལ་བོར་མི་ཤེས་པ་བཞིན་དུ་དམ་པ་ཡིན་མིན་ལོ་མང་གི་རྗེས་སུ་མཛད་རྗེས་ལ་གཞལ་ན་ན་ད་གཟོད་རྟོགས་ཐུབ་པ་ལས།

སྐུ་བཞུགས་པའི་སྐབས་སུ་གསལ་བོར་རྟོགས་ཀྱིན་མི་འདུག

འདི་ནི་མི་རྣམས་ཐུན་མོང་གི་སྣང་ཚུལ་ཞིག་རེད།

གང་ལྟར་གཙང་བཀྲ་ཤིས་ལྷུན་པོ་ན་ད་ལྟའང་རབ་བྱུང་བའི་ཞལ་གྲངས་ཀྱང་དགུ་བརྒྱ་ལྔ་བཅུ་ཙམ་བཞུགས་པས་དགེ་ལུགས་པའི་དགོན་པ་ཆེ་ཤོས་ཤིག་ཡིན་ཞེས་བཤད་ཆོག དེ་ནི་ནང་བསྟན་པ་ཞིག་ལ་མཚོན་ནས་བཤད་ན་དགའ་འོས་པ་ཞིག་མ་ཡིན་ནམ།
དབུས་གཙང་གདན་ས་བཞི་ཡི་ཡ་གྱལ་སྟེ།།
བཀྲ་ཤིས་ལྷུན་པོ་ཞེས་བྱའི་དགོན་ཆེན་འདིར།།
མཇལ་བས་སེམས་སུ་དགའ་ཚོར་བྱུང་བ་དང་།།
ལྷག་པར་པཎ་ཆེན་བཅུ་བ་སེམས་སུ་མངོན།།

༢༠༢༠\༩\༢༣\ ཉིན་རྨ་པྲཛྙཱས་སྤེལ། https://t.cn/EXa6oBp

༼༡༥༽ལང་ཚོ་ནི་མཛེས་ཤིང་ཡིད་དུ་འོང་བའི་མེ་ཏོག་ལྟ་བུ་དང་། རྒ་བ་ནི་དེ་འཇོམས་པར་བྱེད་པའི་ནམ་དུས་ལྟ་བུ་རེད།
(15)青春年華就如同美妙可愛
的花朵,而老化就如乾枯妙花的季節一樣。

༼༡༦༽སྲོག་ནི་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པའི་རིན་པོ་ཆེ་དང་། འཆི་བ་ནི་དེ་འཕྲོག་པར་བྱེད་པའི་ཇག་པ་རེད།
(16)生命是勝過於如意寶的大寶,死亡是搶生命的強盜。

༼༡༧༽མི་ལོ་དུང་ཕྱུར་དང་དུང་ཕྱུར་གྱིས་ཀྱང་གཞལ་དུ་མེད་པ་ནི་ཐོག་མ་མེད་པའི་དུས་དང་། ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་ཟས་ལ་རོལ་ཡང་འགྲངས་སུ་མེད་པ་ནི་ང་ཚོའི་ལྟོ་བ་དང་། ཐོག་མ་མེད་པ་ནས་བྲེལ་བས་འབད་ཀྱང་ད་དུང་མ་ཐོན་པ་ནི་ང་ཚོའི་ལས་ཀ་རེད།
(17)好幾億和幾億年來無法算出的是無
始以來的時間,從無始以來一直在吃東西,但還沒有飽的是我們的肚子,從無始以來一直忙碌做事,但還沒有做完的是我們的事業。

༼༡༨༽ ང་ཅག་ལ་ཡན་ལག་དང་དབང་པོ་ཐམས་ཅད་ཚང་བཞིན་དུ་། རྐང་ལག་མེད་པའི་དགྲ་བོ་ཉོན་མོངས་པའི་གཞན་དབང་དུ་སོང་བ་ནི་ཤིན་ཏུ་མཚར་མོ་ཞིག་དང་། ཤིན་ཏུ་ཐ་ཆད་ཅིག་རེད།
(18)我們是四肢及五根俱全的人類,煩惱是沒有手腳的,但我們還是被煩惱控制而無自由,這就是很奇怪,而且很差勁的。

༼༡༩༽ ཉོན་མོངས་པ་ནི་དཔའ་བོ་ཡང་མ་རེད་ལ། འཛང་པ་ཡང་མ་ཡིན་མོད། ང་ཚོ་ནི་དེའི་དབང་དུ་སོང་བ་འདི་ཆེས་ཤིན་ཏུ་དམན་པ་ཞིག་དང་། ཆེས་ཤིན་ཏུ་ངོ་ཚ་དགོས་པ་ཞིག་རེད།
(19)
煩惱不是勇士,更不是聰明才智,不過我們竟然還被煩惱控制而無自由,這就是很差勁的,我們自己要覺得非常不好意思的。

༼༢༠༽ སྡུག་བསྔལ་ཐམས་ཅད་ལས་ལས་བྱུང་ཞིང་། ལས་ཀྱང་ཉོན་མོངས་པ་ལས་བྱུང་ལ། ཉོན་མོངས་པ་རྩད་ནས་འཇོམས་པའི་གཉེན་པོ་ནི་དམ་པའི་ལྷ་ཆོས་རེད།
(20)
諸苦是業所成的,業是煩惱所成的,根斷煩惱的唯一對治法是殊勝佛法。

༼༢༡༽ ཆོས་ཀྱང་འགྲོ་བའི་སྡུག་བསྔལ་སེལ་བ་ལ་སྨན་ལྟ་བུ་དང་། སྨན་ཡང་འགྲོ་རྣམས་བདེ་བར་བྱེད་པ་ལ་ཆོས་ལྟ་བུ་རེད།
(21)佛法既如良藥去除眾生之苦、良藥也如佛法製造眾生之樂。

༼༢༢༽ནད་ཀྱི་གཙོ་བོ་ནི་ཉོན་མོངས་དང་། སྨན་གྱི་རྒྱལ་པོ་ནི་དམ་པའི་ཆོས་རེད།
(22)疾病之主是煩惱,良藥之王是佛法。

༼༢༣༽ སྐྱེེས་རྣམས་ཀྱི་མཆོག་ཀྱང་དམ་ཆོས་དང་། སྤྱིན་པ་རྣམས་ཀྱི་མཆོག་ཀྱང་དམ་ཆོས་རེད།
(23)最好的禮物是佛法,最好的佈施也是佛法。
༼༢༤༽ དཔལ་འབྱོར་ངོ་མ་ནི་སློབ་སྦྱོང་དང་། སློབ་སྦྱོང་ངོ་མ་ནི་དམ་ཆོས་རེད།
(24)真實的財富是學問,真實的學問是佛法。

༼༢༥༽འཆི་དུས་འགྱོད་འཇིགས་མེད་པའི་གང་ཟག་རིགས་གཅིག་ལས་མེད་ཅིང་། དེ་ནི་ཆོས་པ་རེད།
(25)臨終前沒有恐懼者,獨一無二的一種就是修行人。

༼༢༦༽ དར་བའི་ཚེ་ང་རྒྱལ་མེད་ལ། རྒུད་པའི་ཚེ་ཞུམ་པ་མེད་པའི་གང་ཟག་རིགས་གཅིག་ལས་མེད་ཅིང་། དེ་ནི་ཆོས་པ་རེད།
(26)興旺時不傲慢,落魄時不畏懼者,
唯一的一種就是修行人。

མུ་མཐུད་ནས་ཡོད། དམ་ཆོས་སྨྲ་བ་བླ་མ་གསེར་མདོག་སྤྲུལ་སྐུ་ནས་གདམས་པའོ།
有繼續:善說法者上師仙多祖古仁波切教言


发布     👍 0 举报 写留言 🖊   
✋热门推荐
  • #朴灿烈[超话]#[心]#朴灿烈主演电影TheBox# 今日份jf贴 互评指路留言 【朴灿烈壁纸无水印】【朴灿烈studioNNG】【朴灿烈虎牙直播】【朴灿烈i
  • 人生是一场流动的风景,途中我们或许知晓流星转瞬即逝的闪光是那么的动人;或许懂得枯叶辗转飘零的飞扬是那么的恣意。有的时候,我们以为的无路可走,其实是生命另一段旅程
  • “情不在了,就来谈钱”是许多婚姻或恋爱出现问题时常见的模式——毕竟已经伤了情,就不能再伤了钱吧?“情不在了,就来谈钱”是许多婚姻或恋爱出现问题时常见的模式——毕
  • !假如有︆￷那么一个人,‪‪￸‭￸︅︀你￵︇͏︂︁有好事时᠋￵︌︋他‪比你还开心,￷你不顺利时,他比⁠你还难‭͏过,这才︊算是真心的关心你,︅谁都᠋￶想有个
  • 总结策略:上证指数跌0.23%,深证指数跌0.67%,创业板指数跌0.86%,三大指数以小跌,这是周四常规情绪问题,今天的收盘还是没确定市场方向,封板率和上涨家
  • 喜欢就会关注[无关粉籍]欢迎来扩好友圈嘞[胖丁微笑]❌ zj fj xz bjyx tz ❌ 糖唯 无脑磕糖 看原耽n年 老福特是快乐老家呜呜呜呜呜呜呜[泪
  • 一天就可以卖其他品牌高层一个月的零售量[旺柴]#初遇思芙[超话]##初遇思芙dream team##cherryfree##初遇思芙##悠塔销冠[超话]##悠塔
  • #世界文化艺术# #诗歌#雪莱是英国著名作家、卓越的积极浪漫主义诗人,他和拜伦被公认为是十九世纪英国诗坛的两颗巨星。参加对中国古典文学的深入研究,在名校任教,
  • #【颜玉高端定制婚礼馆】# 星河可以寄望 还有宇宙 浪漫不止…… wecoυтυre - 颜玉 老师 #汕头化妆师##澄海化妆师##潮州化妆师##承接汕头
  • 对另一半要求:上海工作(不想去挑战异地恋)身高160+,对苗条型比较有好感,喜欢运动那最好了!#深圳交友[超话]#【2676】征婚性别 * 男 出生日期 *1
  • [抱抱][抱抱]更多家庭除菌好物指路↓【天猫旗舰店】【京东自营店】#关注自我保健 促进家庭健康# 上海市健康教育协会会长顾沈兵会长提到,健康素养较高的大概是30
  • 所有都在图1!!
  • 这些都是宝贵回忆了[泪]现在emm……❗️p2的承诺就让它陪伴剩下的na姐吧❗️p4是qq空间删的仅剩这么点了pyq更别说了为了防我爸、那段时期的全删光了[失望
  • ------------------------------------------⚠️特别提示我滴个神啊,团第四年的东西了,老客户应该不用说了,新客户要是不能
  • 他说不用不用,我正拆箱呢电梯就来了[嘻嘻] 我是真心的啊!别想了,大家都很忙,你也是成年人了,要自己解决问题和调节情绪,这已经不是学校了。
  • 平时不咋画画的姐姐,特意画了好几张Bob,让我发到推特上Bob的账号去,以表她对Bob的纪念。也很庆幸陪阿福的时间久了这么多,一个爱猫爱到骨子里的人,这样加长版
  • 而占卜所要寻找的“内在智慧”就是这个智者简言之,占卜就是与内在的智慧取得沟通的一种方式#我好喜欢你细节甜##恋爱物语#智慧法语150:修行人相互之间要懂得取长补
  • 现在,你们不难知道我受伤的理由了吧?牛哥的位置还被小屁孩要去了,善良的牛哥最后的执着就是,这几个孩子应该叫她姐姐而不是阿姨。
  • 这是在我国正式签署中欧地理标志协定后,鄂尔多斯市获得的首次受欧盟保护的地理标志产品。这是在我国正式签署中欧地理标志协定后,鄂尔多斯市获得的首次受欧盟保护的地理标
  • 所有的晦暗都留给过往,从遇见你开始,凛冬散尽,星河长明谁也不知道下一秒会发生什么,但是我能确信,在上一秒这一秒下一秒,我还是在喜欢你#每日一善[超话]#[爱你]