#阿荣雄书香阁##第四期阿荣雄讲堂#
༄༅།། ཡར་སྔོན་སྤྱི་ཟླ་བཞི་པའི་ཚེས་ཉི་ཤུ་ཉིན་དངོས་སུ་ཨ་རང་བྱོན་དྲ་ལམ་དཔེ་ཤག་ཤར་གཏོང་བྱས། སྔ་ཕྱི་འབུམ་རམས་པ་གསུམ་གདན་དྲངས་ནས་རིག་གཞུང་ཞིབ་འཇུག་དང་འབྲེལ་བའི་ཐབས་ལམ་བྱེ་བྲག་པ་སོགས་ངོ་སྤྲོད་བྱས། ཐེངས་འདིར་ཡང་ཕ་ཡུལ་མགར་ཐར་ནས་ཡིན་པའི་ཝིར་ཇི་ནི་ཡ་གཙུག་སློབ་ཆེན་ན་འབུམ་རམས་པའི་སློབ་གཉེར་བྱེད་བཞིན་པའི་བཀྲ་ཤིས་བདེ་སྐྱིད་ལགས་གདན་འདྲེན་ཞུས་ཡོད། ཉིན་ཤས་ཀྱི་རྗེས་སམ། སྤྱི་ཟླ་བརྒྱད་པའི་ནང་ཕ་ཡུལ་མཛོད་དགེའི་ཡུལ་དངོས་ནས་ཨ་རང་བྱོན་དཔེ་ཤག་དངོས་སུ་སྒོ་འབྱེད་གྲབས་ཡིན།
མ་བཅོལ་བའི་ལས་འདི་འདྲ་འགན་དུ་བླངས་ཚེ། ཕན་ཁེ་རག་རྒྱུ་ལྟ་ཅི་དེ་ལས་ལྡོག་“ཚེར་མའི་ལམ་”གང་མང་ཞིག་བརྒྱུད་དགོས་མོད། གང་ལྟར་ཕུགས་བསམ་གྱི་ལས་འདི་ལ་དངོས་ཡོད་ཁྲོད་ཁ་རྡུང་ཇི་འདྲ་ཐེབས་རུང་། མཐའ་འཁྱོང་ཅི་ཐུབ་བྱ་ངེས། རྗེས་སོར་ཡང་རིག་གཞུང་དང་དཔེ་ཀློག་ལ་འབྲེལ་བའི་ལས་ཅི་རིགས་ཤིག་སྤེལ་ཡོང་།

༄། དེ་རིང་དྲ་ལམ་ནས་ཕྲུ་གུ་བཙས་ནས་ཡུན་རིང་མ་ཕྱིན་པའི་ཨ་མ་ཞིག་གི་གཏམ་ཞིག་ཐོས། མོ་རང་གིས་གཡོག་མོ་གླས་ནས་ཕྲུ་གུ་ལ་ལྟ་སྐྱོང་བྱེད་འཇུག་བཞིན་ཡོད་པར་ཟད། ནུ་ཞོའང་ཤེལ་དུམ་ནང་ལ་ཞོས་ནས་གཡོག་མོ་ལ་ནུ་ཞོ་ལྡུད་འཇུག་བཞིན་ཡོད་ཟེར། དེ་ཐོས་དུས་སེམས་པ་འདྲ་སྐྱོ་སོང་། རྒྱུ་མཚན་ནི། ཉེ་ཆར་སེམས་ཁམས་རིག་པ་སྦྱངས་དུས་བྱིས་པ་དམར་རྗེན་ལ་བརྩེ་བ་ཅི་འདྲའི་གལ་ཆེན་པོ་ཡིན་པ་དང་བྱིས་དུས་ནི་དར་མའི་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ཟབ་མོ་ཅི་འདྲ་ཡོད་པ་ཤེས་བྱུང་། ཐོག་མ་ནས་སེམས་ཁམས་སྦྱངས་དུས། སྦྲུམ་མ་དང་ཕྲུ་གུ་ཆུང་ཆུང་གི་ཕ་མས་ཚོས་ངེས་པར་སེམས་ཁམས་རིག་པ་ལྟ་དགོས་ས་རེད་སྙམ་བྱུང་། མ་གཞི་ང་ལ་འདིའི་ཐད་སྐད་ཆའི་སྐལ་མེད་ཀྱང་། ཉེ་ཆར་ཤེས་རྟོགས་བྱུང་བའི་སེམས་ཁམས་རིག་པའི་ལྟ་བ་ཁ་ཤས་འདིར་འགོད་འདོད་བྱུང་།

ཉམས་མྱོང་ཁ་ཤས་ནི་ཉམས་མྱོང་གཞན་ལས་ང་ཚོ་ལ་ཡུན་རིང་ཤུགས་རྐྱེན་ཐེབས་པའི་རྒྱུ་མཚན་ཅི་ཡིན་ཞེས་ན། འདིའི་འདྲི་ལན་གྱི་ཆ་ཤས་ཤིག་ནི་ང་ཚོ་བྱིས་དུས་ཀྱི་ཚོར་བ་སྐྱེན་པའི་དུས་དང་འབྲེལ་བ་ཡོད་ཟེར། ཚོར་བ་སྐྱེན་པའི་དུས་ནི། བྱིས་པ་ལ་དམིགས་བསལ་གྱི་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་སླ་བའི་དུས་ཤིག་ཡོད་པ་དེ་ལ་ཟེར་ཞིང་། དུས་དེར་བྱུང་བའི་དོན་དག་གིས་ཕྲུ་གུའི་འཚར་ལོངས་ཀྱི་བརྒྱུད་རིམ་ཡོངས་སུ་འགྱུར་བ་གཏོང་ཐུབ། དཔེར་ན། ང་ཚོ་ཆེན་པོའི་སྐབས་ཀྱི་སེམས་ཁམས་བདེ་ཐང་ནི་ང་ཚོ་ཆུང་བའི་དུས་དང་འབྲེལ་བ་ཆེན་པོ་ཡོད་པ་རེད། ཆུང་དུས་བྱམས་སྐྱོང་མ་ཐོབ་པའི་མི་དེ་ཆེན་པོ་ཆགས་དུས་སེམས་ལ་གནད་དོན་མང་པོ་ཡོད་པར་མ་ཟད།གནད་དོན་དེ་དག་མི་ཚེ་གང་པོ་མི་དེ་དང་འགྲོགས་ངེས་རེད། མདོར་ན། བྱིས་པ་ལ་བརྩེ་བ་ནི་ནུ་ཞོ་ནང་བཞིན་གལ་ཆེ་བ་ཡིན་ཞིང་། ཕྲུ་གུ་དམར་འབྱར་དང་ཨ་མར་བར་ལ་བརྩེ་དུང་གི་འབྲེལ་ཐག་འཛུགས་རྒྱུ་ནི་ཕྲུ་གུའི་ཚེ་སྲོག་གི་ལོ་དང་པོའི་ནང་གི་འགག་རྩའི་དོན་ཆེན་དེ་ཡིན་པར་མ་ཟད། ཕྲུ་གུ་རྗེས་མ་ནར་སོན་དར་མའི་སྐབས་དང་མི་གཞན་དང་འབྲེལ་ལམ་ལེགས་པོ་འཛུགས་ཐུབ་མིན་ཡང་འདི་ལ་རག་ལས་པ་ཡིན།ཟེར།

༄།།མཐོང་ཡངས་དགུང་ལ་སྤྲིན་དཀར་ཚོམ་བུ་འགོད། །
འདབ་བཟང་ལྗོན་པས་སྦྲང་ཆར་བདུད་བརྩི་སྒུག །
དྲི་བཞོན་རླུང་བུས་ཞི་བསིལ་རེག་བྱ་སྦྱིན། །
སྔོ་ལྗང་སྤང་ལ་བདེ་བའི་རྩེད་དགར་རོལ། །


发布     👍 0 举报 写留言 🖊   
✋热门推荐
  • #金勇俊# [211103 官方SNS更新] [ #김용준#] [] 채널S '힐링산장 시즌2'와 MBC every1 '
  • 两项工程开工,将在我国壮丽的特高压版图上再增添浓墨重彩的一笔,对于进一步提升电网安全稳定水平和能源资源优化配置能力、更好地服务经济社会发展,具有十分重要的意义。
  • 现在我们听了药师佛的咒,我们知道了,原来可以通过在药师定之中来修药师咒,在定中来持咒,就可以消除黑子场,调控黑子场。❤️中国俗话说,人活一口气,说的就是这个道理
  • ”去年,李玮锋也曾经说过相似的话,“这个行业没有什么去辩解的地方,每个行业都会出现这样那样的问题,既然做得不好,就需要听取别人的建议,然后自己努力把这个行业做好
  • #我和绍城有个约定# 重阳酒,应当是那一坛温厚醇香的女儿红,是那记忆里永不消退的绍兴气息。衬着半壁亭的飞檐与青瓦,映着陌陌的斜晖,想起这儿曾有过的爱情悲剧,更添
  • 开往山顶路上的一棵大枫香树,正披着一身浓郁的红装,上山时祂在夕阳光里,下山时沐浴在暮色中,美得让我停车驻足,完全挪不开眼。我爱你们,我的树[爱你][给你小心心]
  • 突然意识到! 虽然也有去健身房 但是夜宵吃的疯狂,烧烤啊 我爱的芋圆啊 一堆零食啊 嗨 周末两天把两周的垃圾量都吃回来了吧 昨天和同事去了法喜寺 吃了Fo锅 喝
  • 为充分践行责任彩票理念,进一步做好疫情防控工作,努力降低疫情对体彩实体店的影响,3月18日,市体彩中心印发《关于给予体育彩票实体店发放防疫补贴的通知》向全市部分
  • 被MU5735刷屏,泪目[泪]和它有关的每一条信息都字字戳心,下午也收到很多朋友的问候,我很好[鲜花] 平常我和王哥经常吵架,打过110也打过120,我们总是为
  • 目前市博物馆主体建筑前身是1968年建成的老展览馆,现为河北省重点文物保护单位,占地和馆舍面积小,功能不完善,容纳量有限,不利于大量接待游客和开展广泛的青少年爱
  • 漯河市公安局关于人民来访接待室暂停接待群众来访的通告根据当前疫情防控形势和要求,为减少人员流动聚集带来的感染风险,保障人民群众生命安全和身体健康,自2022年3
  • 稻盛和夫说:当你压力大到要崩溃的时候不要跟别人讲也不要觉得很委屈因为没有人会持续心疼你所以无人问津也好 技不如人也罢你要试着让自己安静下来去做自己应该做的事 而
  • 同时,明确了3类人群进行抗原检测需满足的主要条件、检测试剂的获得渠道,制定了检测发现阳性后的处置管理流程,促进抗原检测与核酸检测相衔接。隔离观察人员进行抗原检测
  • #全国天气# 2月12日08时至13日08时,新疆北部、甘肃河西、青海北部、内蒙古中西部、黑龙江北部、陕西北部、山西中北部、北京、天津、河北大部、山东西北部、川
  • 工作总会一件一件一件一件一件做完的 钱包也会慢慢慢慢慢慢慢慢慢鼓起来的 体重就算增增增增增增增也会减下去的 假期迟迟迟迟迟迟迟迟迟迟早会来临的 所有的事都会慢慢
  • ”“战火纷飞,愿一人安好,吾心即安”陆绎:“说了让你等我,就一定会来”陆绎:“你的身份曝光了,会使我们陆家蒙羞的。”有谁知道他到底用了多大的勇气才能够说出那些话
  • 但想做好驼峰真的很难,做好了是“清丽艳绝”做毁了是“粗犷硬汉”下面是关于驼峰鼻审美点和测评,直接开干!驼峰是对鼻梁高度的加高,如果配上高山根,会从整体上拉高鼻子
  • 其实,人生不过百年,遇见伤害你的人,与其抱怨,不如感恩。与其和自己较劲,让自己活得疲惫不堪,失去了生命原本的美好,不如学会欣赏自己,悦纳自己。
  • 四十年来,《幼儿画报》用爱和陪伴见证了无数大小朋友的成长,成为了80后、90后、00后、10后童年的专属回忆。最大的10后即将进入青春期了!
  • 普普通通却又很伤感的高级文案1.以后看山是山 看海也是海了2.就用野草纪念我吧 玫瑰太贵了 野草遍地都是3.真的有风都吹不散的认真吗4.不出意外的话 我们不会