གསར་སྣོན་དང་བཅོས་བསྒྱུར།


————///—-དྲེད་པོ་ཧོར།
ཁ་པར་གྱིས་སྤྱི་གཉེར་ཁང་གྲགས་ཅན། ནོ་ཁི་ཡའི་[Nokia]བདག་དབང་མེ་ཁོར་[Microsoft]ཚང་ལ་སྤྲོད་རྒྱུའི་ཕྱིར་བསྒྲགས་འཚོགས་འདུའི་སྐབས། ནོ་ཁེ་ཡའི་སྤྱི་ཁྱབ་འགན་འཛིན་གྱིས་ཁོ་རང་གི་ཕྱག་བསྦྲེལ་ལག་རོགས་དཔུང་སྡེ་དང་བཅས་པ་ཚང་མའི་མདུན་དུ། “ང་ཚོས་ལས་འཛོལ་ནོར་འཁྲུལ་བྱས་པ་གང་ཡང་མེད་དེ། གང་ལྟར་ང་ཚོ་ཕམ་སོང་།” ཞེས་མིག་ནས་མཆི་བ་ཕྱུང་བཞིན་གཏམ་བཤད་མཇུག་བསྡུས་ཡོད།

ནོ་ཁི་ཡ་ནི་སྤྱི་ཚོགས་ནང་ཧ་ཅང་གི་ཡིད་བརྟེན་ཕེར་བ་དང་། གུས་བཀུར་ཐོབ་པའི་ཁ་པར་སྤྱི་གཉེར་ཁང་ཆེ་ཤོས་ཞིག་ཆགས་མྱོང་ཡོད་པ་རེད། འགན་འཛིན་གྱིས་བཤད་པ་ལྟར་ཁོ་ཚོས་ཚོང་ལམ་ནས་ནོར་འཚོལ་བྱས་ཉེས་ཆེན་པོ་གང་ཡང་བྱས་མེད། འོན་ཀྱང་འཛམ་གླིང་གི་འགྱུར་ལྡོག་ཆེས་མྱུར་དྲགས་པ་དང་། ཁ་གཏད་ཀྱི་ཁ་པར་གྱི་སྤྱི་གཉེར་ཁང་གཞན་རྣམས་སྟོབས་ཤུགས་རྒྱས་དྲགས་པས་ཁོ་ཚོ་ཚོང་ལམ་ནས་ཕམ་སོང་ཡོད།

ཁོ་ཚོ་ལ་ཕམ་ཉེས་ཆེན་པོ་བྱུང་བའི་རྒྱུ་རྐྱེན་གཙོ་བོ། ལག་རྩལ་གསར་སྦྱོང་གི་གོ་སྐབས་དང་། ལས་འཆར་ལ་བསྒྱུར་བཅོས་ཀྱི་གོ་སྐབས་དམ་འཛིམ་མ་ཐུབ་པའི་དབང་གིས། སྤྱི་གཉེར་ཁང་དེ་ཡར་རྒྱས་གོང་འཕེལ་དུ་བཏང་ཐུབ་མེད། ཁོ་ཚོ་ལ་བྱུང་བའི་ཕམ་ཉེས་ནི་དངུལ་ཀྱི་ཁེ་སྐྱེད་ཆེན་པོ་སྒྲུབ་ཐུབ་མིན་གྱིས་གནད་དོན་ཙམ་མ་ཡིན་པར། སྤྱི་གཉེར་ཁང་ཆེན་པོ་དེ་གཏན་དུ་འཚོ་གནས་མི་ཐུབ་པའི་གནས་སྟངས་སུ་གྱར་བ་ཡིན།

ནོ་ཁི་ཡའི་གནས་བབས་དེས་ང་ཚོ་ལ་ཅི་ཞིག་འཆད་ཀྱིན་ཡོད་པ་རེད་ལབ་པ་ཡིན་ན། ཡུལ་དུས་དང་མཐུན་པའི་འགྱུར་བ་གཏོང་མ་ཐུབ་ན། རང་ཉིད་རང་གིས་འགྲན་ཞུགས་ར་བ་ལས་ཕྱིར་འབུད་བཏང་བ་དང་ཆ་ཡིན། སྤྱིར་གསར་སྣོན་མི་བྱེད་པ་དེ་དོན་ལ་ནོར་འཁྲུལ་ཞིག་མིན་དུ་ཆུག་ཀྱང་། རང་གི་བསམ་བློས་ཡུལ་དུས་ཀྱི་རྗེས་མི་ཟིན་ནས་ཕྱིར་འབུད་ཐེབས་ཡོང་བ་ནི། ནོ་ཁི་ཡའི་ཁ་པར་སྤྱི་གཉེར་ཁང་ལ་འཕྲད་པའི་དཀའ་ངལ་དེས་གསལ་སྟོན་བྱས་ཡོད།

ཁྱོད་ས་ལ་འགྱེལ་བ་དང་རྗེས་སུ་ལུས་པ་ལ། ཁྱོད་རང་གིས་ནོར་འཁྲུལ་ཆེན་པོ་གང་ཡང་བཟོ་མི་དགོས། ཁྱོད་ཀྱི་འགྲན་རོགས་ཁ་གཏད་ཚོས་གོ་སྐབས་དམ་འཛིན་དང་། སྟོབས་ཤུགས་ཇེ་མགྱོགས་ལ་སོང་ན། དེ་ག་རང་ཁྱོད་རང་བཞིན་གྱིས་རྗེས་སུ་ལུས་འགྲོ་བ་ཡིན། དེ་ཕྱིར་བསྒྱུར་བཅོས་དང་གསར་སྣོན་ནི་རང་ཉིད་ལ་གོ་སྐབས་ཐེངས་གཉིས་པ་སྤྲད་པ་དང་། ཡང་ན་རང་གི་སྟོབས་ཤུགས་དང་ནུས་པའི་དབུགས་རྒྱུན་བསྲིང་བ་ལ་བརྩིས་ཆོག །
31/7/2022

མི་ཚེ་སྙིང་དོན། ང་ཚོ་ནི་མི་ཡུལ་ལ་ཁེར་རྐྱང་གིས་ཡོང་ལ་སླར་ཡང་ཁེར་རྐྱང་གི་འགྲོ་མཁན་ཤ་སྟག་ཡིན་པས། ཡུན་རིང་དུ་སྡོད་དབང་མེད་པ་ང་ཚོ་ནི་མི་ཡུལ་འདིའི་མགྲོན་པོ་ཤ་སྟག་ཡིན་པ་གོར་མ་ཆག འུ་ཅག་མི་ཡུལ་ཁྱིམ་ཚང་ཆེན་པོར་མགྲོན་དུ་འཁྱུག་ཙམ་བསྡད་པའི་དུས་ཚོད་དེའི་རིང་ལ་ཕན་ཚུན་རོགས་རམ་དང་འཆམ་མཐུན་ངང་སྡོད་དགོས་པ་ལས་ཕན་ཚུན་དཀྲུགས་ཤིང་དང་གཡོ་སྒྱུ་ཁྲམ་གསུམ་སོགས་ཀྱི་ངང་མི་ཚེ་ཟད་པ་ཡིན་ན་ཚེ་ཕྱི་མ་འགྲོ་བའི་ཉིན་མོ་དེར་རང་སེམས་ཀྱིས་ཁུར་པོ་ལྗིད་ཏིག་ཏིག་ཅིག་ཁུར་ནས་འགྲོ་དགོས་ཡོང་།



མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ནས།

我们独自来到这人世界也并注定要独自离开。在此无权长居的我们,是人间这大家庭的来客。在此短暂的期间理应互相帮助,互相以真诚对待。而不是以隐形狡诈,你争我夺的事中度过此生。否则当我们离开的时候定要受重量无比的心理包袱。
一-慈诚罗珠堪布

ཁྱིམ།


ཁྱིམ་ཚང་ཕྱུག་བ་ནི་ངེས་པར་དུ་ཧུར་བརྩོན་གྲོན་ཆུང་བྱས་པའི་ཡིན།ཁྱིམ་ཚང་དར་བ་ནི་ངེས་པར་དུ་གུས་ལུགས་དྲང་བདེན་ཆེ་བའི་ཡིན།ཁྱིམ་ཚང་བདེ་བ་ནི་ངེས་པར་དུ་ཀུན་གྱིས་བཟོད་སྒོམ་བྱས་པའི་ཡིན།ཁྱིམ་ཚང་འཆམ་པ་ནི་ངེས་པར་དུ་བརྩེ་བའི་དུང་བ་ལྡན་པའི་ཡིན། ཁྱིམ་ཚང་རྒུད་པ་ནི་ངེས་པར་དུ་རྒྱན་འཇོག་ཤོ་རྒྱག་མང་བའི་ཡིན།ཁྱིམ་ཚང་དབུལ་བ་ནི་ངེས་པར་དུ་ལེ་ལོ་སྒྱིད་ལུག་ཆེ་བའི་ཡིན།ཁྱིམ་ཚང་ཕམ་པ་ནི་ངེས་པར་དུ་བཙན་ཤེད་དབང་ཤེད་ཆེ་བའི་ཡིན།
家福必有勤和俭;家兴必有礼和义.家安必有忍和让;家和必有情和爱. 家亡必有嫖和赌;家穷必有懒和惰.家败必有暴和凶.


发布     👍 0 举报 写留言 🖊   
✋热门推荐
  • 3、好心境是自己创造的我们常常无法去改变别人的看法,能改变的恰恰只有我们自己。6、不要追逐世俗的荣誉终生寻找所谓别人认可的东西,会永远痛失自己的快乐和幸福。
  • 1-8月份,全国房地产开发投资90809亿元,同比下降7.4%;其中住宅投资68878亿元,下降6.9%。  从房地产开发投资数据来看,1-8月份,全国房地产开
  • 二、强化重污染天气应急监管各县(市、区)政府(管委会)要严格按照《唐山市重污染天气应急预案》(唐政办字〔2019〕90号)和新修订的工业源、扬尘源、移动源减排清
  • 认识我最亲爱的她,是在夏天有风微凉的夜里,我去平日常去的猫咖,看到一个长发披肩埋头撸猫的女孩,就是她,待她抬眼的那一刻,我只觉得她的眼睛里有星辰大海,里面揉碎了
  • #爱丽扩关[超话]#各位爱丽姐姐看看新人吧[打call]铁血V9,21年暑假入坑嗑灿白、城堡、勋勉、开度(无cp洁癖)好感:妈木、SJ、东神、红贝贝、泫雅、Je
  • 后来我才知道,国乒老粉嗑的是龙&蟒和科&昕,只能说,内娱粉没见过阵仗,只看到营业的官推,be了好话说回来,真的是有好多人宠着爱着,被爱包围着,之
  •   蜀道一方面显得峥嵘险阻,另一方面也有优美动人的地方,瑰丽的风光就在秦栈上:“芳树笼秦栈,春流绕蜀城。它和《蜀道难》以饱含强烈激情的感叹句“噫吁嚱,危乎高哉,
  • 哈哈,之后的沟通中,小村民说,都是出来玩的,干嘛要搞成这样,小村长也在过程中领悟了村庄的小秘密,做出了调整,早就从半途开始让大家自由行走了呢。武汉太大了,好多有
  • 世上再美的风景,都不及回家的那段路,放弃也是积累了很多失望才做的决定,不管心里有多痛,我都会笑着对全世界说我很好,回家吧!(配zi拍照)7世界上蕞美的风景都不及
  • [em]e169[/em]双11来了,[em]e400372[/em]真的来了![em]e403[/em]你准备好了么?
  • 也就是说,任何人只要敢于离开邪恶一步,就立即成了光明世界的一员,佛的门槛不高,佛的天地很大。但是一到中国就不一样了,大家看,佛教吸纳进了敦煌式的色彩和舞蹈,吸纳
  • 未能免俗,我也整了一根“生涯”四郎管,甭管好坏,四郎!前几年初涉尺八时,对铭印一无所知,在拥有了一把塑料“悠”后,如傻子一般对竹管萌生了奇幻的想象,开始在网上搜
  • 刘冰:赚不到认知之外的钱,没有跟真正的自己链接而只是听了业力系统操控的头脑给他联想的未来,如果相信本自具足的自己,再脚踏实地的干结局不会是这样。你是我的眼如果改
  • 别人说啥其实都用处都不大,真正需要的,是自己的内心想法[抱一抱]自己体验的经验,才是属于自己的~内心有改变的驱动,就慢慢行动吧[抱抱]一下子让你咋样咋样,也急不
  • 初五啦夸迪战痘原液 味道怪怪的又是和发出的小合影的一天今日做客的美食太赞了茄子和基围虾最爱 都好吃厨艺下午又是带着小朋友们的放炮日摔炮好臭哦,还被炸到下巴,
  • 2岁+就能玩起来的“影子陆地”游戏成功让我们家两小只随便走上1KM→游戏规则:树荫是陆地,阳光是海洋,我们只能走有阴影的地方才能不被海里的鲨鱼咬到哟!让无聊的旅
  • 越南:对华出口的榴莲做好筹备工作据平福省农业与农村发展厅,目前,该省已经准备1500公顷榴莲种植面积以及33个榴莲加工厂,为满足对中国市场出口榴莲的需求。最近,
  • 泪涟涟,意潸潸,无常生命足可堪,且将无渡悲哀,一腔忧焚齐抛光,舍去浮世,明月清风,山桂作伴!命运本该如斯,夜半心远钟疏,闻者独身孤寝。
  • 当它发挥作用时,他们确实是一个完美的旋律和完美的时间的交响乐团;尽管可能看起来很狂热,但他们的比赛总是比克洛普在担任多特蒙德教练时难忘的 "重金属足球
  • 善良之举,需要人人拥有,善良之歌,需要人人唱和。善良之举,需要人人拥有,善良之歌,需要人人唱和。