དཔལ་ལྡན་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས།།
མཁྱེན་བརྩེའི་འོད་དཀར་ངེས་གསང་གྲུ་ཆར་འབེབས།།
གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་མཆོག།
མཚོ་སྐྱེས་རྡོ་རྗེ་འགྲོ་བའི་བླ་མར་འདུད།།[合十]

དཔལ་ལྡན་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས།།
搅拌具德二资之大海
མཁྱེན་བརྩེའི་འོད་དཀར་ངེས་གསང་གྲུ་ཆར་འབེབས།།
智悲皓月密法妙甘露
གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་མཆོག །
雪域诸成就者胜顶饰
མཚོ་སྐྱེས་རྡོ་རྗེ་འགྲོ་བའི་བླ་མར་འདུད། །
莲生金刚众生师前礼

ཉིན་ཐོ།
༢༠༢༢/༨/༦ཉིན།
ཉིན་ཁ་ཤས་སྔོན་ལ་སྤྱི་སྟེགས་ཤིག་ལས་འབྲི་གུང་མཐིལ་གྱི་རྟེན་ཕྱག་གམ་དུར་ཁྲོད་ནི་བོད་ཀྱི་ལོ་རྒྱུས་ལས་བྱ་གཏོར་ལས་ཀྱི་མགོ་རྩོམ་ས་ལྟ་བུ་ཡིན་པ་ཞིག་མཐོང་། ལས་གྲོགས་གཡང་འཛོམས་ལ་དྲིས་ཙ་ན། མལ་གྲོ་གུང་དཀར་ལས་ཤར་ལྷོ་ཕྱོགས་སུ་སྤྱི་ལེ་བདུན་བཅུ་ཡས་མས་མཚམས་སུ་མཆིས་པ་དང་དེ་ཧ་ལས་པ་ཡོད་པར་བཤད། རང་ཡོད་ས་དང་ཐག་ཉེ་བས་འགྲོ་འདོད་ཚ་བོ་བླངས། དེ་རིང་ལས་གྲོགས་པདྨ་དང་བཀྲ་ཤིས། ཆུང་མ་དང་བཅས་ལྷན་ཆུ་ཚོད་བཅུ་བ་ནས་ལམ་ལ་ཆས་པ་ཡིན། ལམ་ཡག་པས་ཆུ་ཚོད་གཅིག་ཡས་མས་ནས་ཐོན་བྱུང་། གཞུང་ལམ་ནས་གཡོན་ཕྱོགས་ཀྱི་རི་དཀྱིལ་དུ་དགོན་པ་གྲ་དག་ཅིག་ཆགས་འདུག་པ་དེ་འབྲི་གུང་མཐིལ་རེད་ཅེས་པདྨས་མཛུབ་མོ་ཀེར་ཏེ་སྟོན་བྱུང་། ཁོ་བོའི་སེམས་ནས་འཚུབ་ཆ་ཞིག་བླངས་ཞོར་ཆུ་ཚོད་བལྟས་ཙ་ན་བཅུ་གཉིས་ཉེ་འདུག དེ་བས་མོ་ཏྲ་འཇོག་སར་བཞག་མ་ཐག་མཆོད་མཇལ་ལ་མ་སོང་བར་ཁ་ཐུག་རྟེན་ཕྱག་གཟས་ཏེ་སོང་། དེ་ནི་དགོན་པའི་ལྟག་རྒྱབ་ཏུ་འདུག་པས་སྤྱི་ལེ་གཅིག་དང་ཕྱེད་ཙམ་ལ་རྐང་པ་རྒྱག་དགོས་ཐུག ཁོ་བོ་བྲེལ་བས་དེད་དེ་འགྲོ་རོགས་དག་བསྐྱུར་ཏེ་ལམ་ཧྲིལ་བོར་རྒྱུགས་ཏེ་སོང་། དབུགས་འཚང་ཞོར་ཡར་ལ་གསེག་སྟེ་སོང་ཙ་ན་ཐང་ཅུང་ཙམ་བདེ་ས་རུ་མཐའ་སྐོར་ནས་མཁར་རྩིག་ཡོད་པ་དེར་ཐུག་ལ་མདུན་ཐད་དུ་ལྕགས་སྒོ་ཆུང་ཆུང་ཞིག་འདུག དེ་ཕྱེས་མ་ཐག་རྒོད་མང་པོ་གང་སར་བབས་འདུག་པ་མཐོང་། ང་དང་ཐག་ཉེ་ས་རུ་མི་འགས་རིད་པ་མང་པོ་ལྕགས་ཁེམ་གྱིས་སྣོད་ཅིག་ཏུ་བཅུག་གིན་པ་མཐོང་། ཁོ་བོ་དར་ཅིག་ཧད་སོང་། དེའི་རྗེས་ཅི་ཞིག་དྲན་པ་བཞིན་ཁ་པར་ལས་པར་ཞིག་བསྐྱོན་པ་ན། གམ་གྱི་ལས་མི་རྒན་པ་ཞིག་གིས་པར་མ་རྒྱག་རོགས་ལབ་བྱུང་། དེ་མ་ཐག་ཁ་པར་ཨམ་ཕྲག་ཏུ་བཅུག་སྟེ་ཡ་ལགས་ཡ་ལགས་ཞེས་ལན་སློག ངའི་གམ་གྱི་ཁྱོ་ཤུག་འདུག་པ་དེས་དེ་རིང་ཕུང་པོ་བདུན་མ་གཏོགས་མི་འདུག་ལབ། སེམས་སུ་ཉིན་མ་གཅིག་ལ་བདུན་ཡོད་ན་ནི་ཉུང་གྲངས་ཤིག་ག་ལ་ཡིན་སྙམ་ཞོར་རྟེན་ཕྱག་གི་ཉེ་སར་བཏུད་ཙ་ན་རྡོ་མང་པོ་གཤིབ་སྟེ་གྲལ་དག་མོས་སྒྲིག་འདུག་ལ་དེ་ཆ་ཚང་སྣུམ་ཞག་སེ་འདུག གཞན་དྲི་མ་ཡང་ཁ་བོ་ཞིག་འདུག དེར་ཧད་དེ་བསྡད་པ་ན་དེ་ཡི་ལས་བཟོ་བས་མཆོད་མཇལ་ཡོད་ཅེས་ཡར་བསྟན། ཁོས་བསྟན་པའི་ཕྱོགས་སུ་སོང་ཙ་ན་ཁང་ཆུང་ཞིག་ཏུ་མིང་མི་ཐོགས་པའི་བྲིས་རིས་འདྲ་བ་མང་པོ་འདུག དེ་ནི་པདྨས་ཅི་ཞིག་ཡིན་པ་ལབ་ཡོད་མོད། དབུས་སྐད་དཔྱིས་ཕྱིན་པ་མི་གོ་བས་འོ་ཡ་ཟེར་རྒྱུ་ལས་མ་བྱུང་། གསོལ་བ་རྣལ་དག་ཅིག་བཏབ། དེ་ཡང་འདས་གྲོངས་སུ་ཕྱིན་དེ་ཅུང་མ་ལོན་པའི་ཨ་ཕྱི་ཆེད་དུ། ཕྱིར་ལོག་ཁར་ལས་བཟོ་བར་འདིར་མཆོད་མེ་འཇོག་ས་ཡོད་དམ་དྲིས་པ་ན་མེད་པའི་བརྡ་འབྱོར།
སྔར་གྱི་ལམ་དེད་དེ་ཕྱིར་ལོག་རྗེས་དགོན་པའི་ནང་གི་རྟེན་རེ་རེར་མཇལ་བས་ན། ད་གཟོད་འདི་ནི་བཀའ་བརྒྱུད་དགོན་པ་ཡིན་པ་ཧ་གོ དགོན་པ་འདི་རིའི་དཀྱིལ་དུ་ཆགས་འདུག་པས་གྲྭ་ཤག་ཕལ་ཆེ་བའི་སྒོར་མོ་ཏྲ་སོགས་དེང་རབས་ཅན་གྱི་འཕྲུལ་ཆས་ཐར་ཐབས་མི་འདུག མིག་རྒྱངས་ཡངས་ལ་ལྷིང་འཇགས་ཀྱང་ཡིན་པས། དེབ་ལ་བལྟ་ན་འདི་ལས་མཆོག་ཅིག་མི་འདུག ཆུང་མར་ང་ཡང་འདི་རུ་སྡོད་དབང་བྱུང་ན་སྙམ་བྱུང་ཟེར་ཙ་ན། ཁྱོད་ཉིན་མ་གསུམ་ལས་སྡོད་ཐུབ་ཀི་མ་རེད་ཟེར། ལན་ཅང་མ་སློག་པར་ཚོགས་ཆེན་འདུ་ཁང་གི་གཤམ་ལ་ཐོན་ཙ་ན་དགོན་པའི་རྟེན་དང་དྲན་རྟེན་བཙོང་ས་འདུག་པ་དེར་ཕྱིན། ཞིབ་ཏུ་བལྟས་ཙ་ན་འབྲི་གུང་དགོན་པའི་ལོ་རྒྱུས་ཀྱི་དེབ་ཆུང་ཞིག་འདུག དེ་ཉོ་འདོད་ཤུགས་དྲགས་ཏེ་བསྡད་མོད་བཙོང་མཁན་སླེབས་མ་སོང་། ཉེ་འཁོར་གྱི་མི་དྲིས་ཙ་ན་ཁ་ལག་ཟ་རུ་ཆས་ཚར་ཟེར། ཅུང་ཙམ་སྒུག་མོད་ཐོན་མ་སོང་། དེ་ནས་སྒུག་མ་བཟོད་པར་དེ་རུ་མཉམ་པར་ཞིག་བསྐྱོན་རྗེས་བློ་འགྱོད་ཕྲན་དང་བཅས་ཕྱིར་ལོག་པའོ།།


发布     👍 0 举报 写留言 🖊   
✋热门推荐
  • 一是一,二是二,错了就是错了,我们眼里不能揉沙子,绝不接受当面一套背后一套,这是我们的底线!一是一,二是二,错了就是错了,我们眼里不能揉沙子,绝不接受当面一套背
  • 往后,要在每一个平凡的日子,用心珍惜这些你最爱、也最爱你的人,因为有他们,余生才有团圆~!但正如三毛说的那样:“知交零落实是人生常态,能够偶尔话起,而心中仍然温
  • 冥司授以一牌一杖,牌上皆列所拘人姓名,杖一入手,顷刻穿山入海,将所拘人负杖头,虽多至几十,其轻如羽。虽然没做高官,但承蒙上帝谕旨,让我白天应酬世事,夜间治理幽冥
  • #双11预售提前看# 秃头姐妹快码住!【90 】 霸王育发液(升级版)60ml*3瓶 (凑单68.5)[星星]预定付尾款赠80g霸王育发防脱洗发液3瓶[星星]
  • 插花装饰的特点是不追求昂贵的花材,通过装饰给人一种优雅、热情和大方的感觉,以反映主人的情感和修养。02摆放家居花卉的原则,需要在进行插花的时候多1、符合房屋装
  • 一些因缘结识的她,在早前就听她说在老家的爸爸长期不懂照顾自己的身体,还总是不听话,总坐在那里看小说,不知有什么这么好看,总是一本接一本地看,一整天都不会动一下的
  • 乳化剂或者说分散剂是一类表面活性剂,因为制作雪糕要用到牛奶,牛奶含有脂肪,脂肪和水是互不相溶的,添加乳化剂后,油脂和水能够很好地融为一体。其中,含量最高的是标称
  • 2021年一月的星座运势,金牛座B型血金牛B在一月事业上,依然存在很大的压力,其实很多事情的突破点都是沟通,天下没有不可能的事,就看你是否具备热情与意愿,是否用
  • 大杨哥妻子孕晚期晒照留念,四肢纤细皮肤白嫩,被夸很像邓紫棋网红圈中粉丝量只要过百万的人,几乎都开始直播带货,这比单纯发作品赚的要多!他们不是单纯介绍产品的好,更
  • 【#创作匠十一打卡# 迎秋而来】[打call]金秋十一,来画个魔法阵召唤魔法仙女酱陪你过十一小假期吧(◕▿◕✿)为了回应大家的热情与期待,酱酱挥动魔法棒给大大们
  • 九天東廚司命定福奏善天尊 盛贊天地 曰: 聖哲乾坤,榮華萬世。 天地蒼穹,宇宙鴻昊。 吾乃九天東廚司命定福奏善天尊, 受天尊之大果。 非法界食神善廚事,乃
  • 这不又出新品了一整个爱住好吧 用最纯泰国香水椰做的味道真的清爽又舒服 减肥星人的最爱!!-✅开心椰子茶我的坠爱!一定要喝这款啊啊啊·✅椰青水1L装救命!
  • #我本千金[超话]# 首先,我发誓,如果我说一句谎话我倒霉一辈子当时和九服跨服番位,我们会和“潇湘夜雨”会说好了C位凭本事上,女配123是我们,女配456是他们
  • 人不是死于疾病,而是死于无知!即使你有再多的钱,健康都没有了,钱还有什么用?辛苦奋斗几十年,一场大病回从前。8、别以为问候会是打扰,常发微信给你的人定是心里有你
  • 在出演电视剧《科搜研之女》中,他饰演了非常喜欢吃点心的桥口吕太,几乎每次都有吃甜食的场景,这让他感到非常痛苦。#约会博物馆##恐龙# 星期五那天风和日丽,我抽时
  • 该奖项是由Altair公司直接评选,使用了美国Altair公司的CAE(Computer Aided Engineering)软件设计的车辆,是设计能力优秀的车
  • 虽然他有些时候确实凶……我其实都会怀疑我喜欢的其实是我脑内滤镜里的他吧。如果他一直是那样凶狠地与我交流,我肯定不会喜欢,但是,缘分这种事情,不清不楚啊,不明不白
  • 人一定是多面的,解放橘郡的香水似乎天生契合我各不相同的一面!而他们短短的相识,在最终影片结束别人问他,她是谁时,他说了一句:我的朋友与其解释一大堆,不如四个字说
  • 没有你的允许,没有人能毁掉你的一天。没有你的允许,没有人能毁掉你的一天。
  • 注意,这个协议条款是不附带任何条件的,所以,离婚后谢霆锋只能照做,当然,她每年必须付数千万的抚养费。注意,这个协议条款是不附带任何条件的,所以,离婚后谢霆锋只能