བུ་སྟོན་རིན་ཆེན་གྲུབ༼༡༢༩༠-༡༣༦༤༽ནི་དུས་རབས་བཅུ་གསུམ་ནས་བཅུ་བཞི་བར་གངས་ཅན་གྱི་མཁས་མང་ཁྲོད་དུ་ཀུན་གྱིས་ཚད་མར་བརྩི་བའི་མཁས་པ་ཞིག་ཏུ་མ་ཟད། མདོ་སྔགས་རིག་གནས་དང་བཅས་པ་རྩལ་རྫོགས་པའི་དབང་གིས། ཚལ་པའི་བཀའ་འགྱུར་སོགས་ལ་ཞུ་ཆེན་གྱི་འགན་འཁྲི་བཞེས་ཡོད་ལ། དེ་མཐུན་གྱི་དཀར་ཆག་སོགས་བཀོད་པའི་གསུང་རྩོམ་ནི་གངས་ཅན་མཁས་པ་ཀུན་གྱིས་ཚད་མར་བཞེད་ནའང་། སྔགས་ལུགས་འཛིན་པར་ཁས་འཆེ་བ་འབའ་ཞིག་གིས་བུ་སྟོན་ཞེས་པ་ནི་གདོང་པ་ཉེས་ཚུལ་གྱི་འགྲེལ་ལོག་བྱས་ཏེ་མཚན་སྨད་དགོད་བྲོ་བའི་བྱ་སྤྱོད་མང་པོ་བྱས་མྱོང་ཡོད། གང་ལྟར་ཉི་ཤར་སྤར་མོས་མི་ཁོག་པའི་དཔེ་བཞིན་དུ་ཕྱི་རབས་པ་རྣམས་བུ་སྟོན་རིན་པོ་ཆེ་ཡི་གསུང་གང་ལའང་མཇལ་ནའང་། མཁྱེན་རབ་ཀྱི་རྩལ་རྫོགས་ཤིང་འབའ་ཞིག་གིས་མིག་སེར་བྱས་པའི་སྐྱུགས་བྲོ་བའི་སྐུ་ཚེའི་ལོ་རྒྱུས་ཀྱི་ཆ་ཤས་དེའི་འབྱུང་རྐྱེན་གང་ཡིན་ཡང་གསལ་བོར་གོ་ཡོང་གི་འདུག་སྙམ། ང་ཚོས་དེ་དག་ངེས་པར་དུ་དཀར་འདོན་བྱ་འོས་པའི་དུས་སུ་བབ་ཡོད། — བན་ཤུལ་པས་ཆོས་འཁོར་ལྷ་སའི་ཤར་ཚེས་གསུམ་ཐང་ནས། 翻阅布顿·仁钦珠的著作《密宗概论》

དཔེ་ཆ་སྤུས་ལེགས་ཞིག་ལ་མཇལ་ནས་ཡང་ཉོག་བཤད་རྒྱག་ན།

༡ ཇོ་སྲས་སམ་རྒྱལ་སྲས་ཙོང་ཁར་བྱོན་པ་དང་རྒྱལ་པོའི་ཁྲི་ལ་བསྐོས་བའི་བརྒྱུད་རིམ་ལས་སྤུ་རྒྱལ་བཙན་པོའི་རྒྱལ་རབས་འཇིག་ནས་ཧ་ལམ་ལོ་བརྒྱ་འཁོར་ཡང་འབངས་ཀྱིས་བཙན་པོའི་གདོང་རྒྱུད་ཀྱིས་མངའ་རིས་སུ་དབང་དུ་བསྒྱུར་བའི་ཐོབ་དང་མཐུ་ལ་ད་དུང་དད་པ་ཡོད་པ།

༢ ཟི་ལིང་ཞེས་པ་ནི་ལྡོང་གི་རུས་ཚན་ཟི་ན་ཞེས་པའི་ཟི་དང་། གྲོ་བོ་ལུང་ཞེས་པའི་ལུང་ངམ། ས་ལྡོང་གྲོ་བོ་གོན་ལིང་ཞེས་པའིི་ལིང་ངམ། ཟི་ན་རྒྱལ་པོའི་ལིང་མཁར་ཞེས་པའི་ལིང་སྟེ། བོད་སྐད་རྣལ་མ་ཡིན་པ་དང་། སྤྱི་ལོ་༡༡༠༤ལོར་སུང་རྒྱལ་རབས་ཀྱིས་ཟི་ལིང་མཁར་བཟུང་དུས་གཞི་ནས་ཞི་ཉིན་ཞེས་ད་ལྟའི་རྒྱ་མིང་ཡོངས་གྲགས་འདི་ཆགས།

༣ བསྟན་པ་ཕྱི་དར་སྐབས་སུ་སྟོད་འདུལ་སྨད་འདུལ་ཞེས་པ་ཡུལ་ཕྱོགས་དེ་འདྲ་གཉིས་ནས་བྱུང་བ་ནི་སྟོད་སྨད་གཉིས་མཐའ་ཁམས་ཡིན་པས་མིན་ཏེ། ཡུལ་དེ་གཉི་ཀ་ལ་སངས་རྒྱས་ཀྱི་བསྟན་པ་སླར་སོས་ཀྱི་ཆ་རྐྱེན་ཆབ་སྲིད་དང་། རིག་གནས། ཆགས་ཡུལ་སོགས་ཀུན་གྱི་ཆ་ནས་འཛོམས་པས་ཡིན་འདུག། ཟི་ལིང་མཁར་དཀྱིལ་བྱས་པའི་ཙོང་ཁའི་ཡུལ་འདིའི་བསྟན་པའི་ཆོས་ཀྱི་བྱུང་བ་དེ་ཕལ་ཆེར་ལྷ་བཙན་པོ་ཁྲི་སྲོང་བཙན་ལས་ཀྱང་སྔ་འདུག

༤ སྟོད་འདུལ་གྱི་ལོ་རྒྱུས་རྒྱུ་ཆ་དང་ཞིབ་འཇུག་གྲུབ་འབྲས་སྨད་འདུལ་ལས་ཆ་ཚང་བོ་འདུག

༥ བཙན་པོའི་རྒྱལ་རབས་རྗེས་ཀྱི་ལོ་རྒྱུས་ནི་ད་སྔ་གྲུབ་མཐའི་ཆོས་འབྱུང་གིས་བཤད་པ་དང་། མ་འོངས་པ་ན་ཡུལ་ཕྱོགས་ལོ་རྒྱུས་ཀྱིས་ཁ་གསབ་བྱེད་དགོས།
ཞི་ཞ་རྒྱལ་རབས་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་རྒྱ་ཡིག་ཡིག་ཚང་དང་གནའ་དཔྱད་གྲུབ་འབྲས་འབའ་ཞིག་ལ་རྟེན་པ་ལས། ད་དུང་ཙོང་ཁ་རྒྱལ་རབས་སོགས་སྐབས་དེ་ཞི་ཞ་ལ་དམག་དོན་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ཆ་ནས་འབྲེལ་འདྲིས་ཟབ་མོ་ཡོད་པའི་མི་རིགས་གཞན་གྱི་ལོ་རྒྱུས་ཞིབ་འཇུག་ལའང་རྟེན་ཆོག་ཆོག་རེད།

༦ ཀྲུང་གོའི་ཡུལ་སྐད་ཆེན་པོ་བརྒྱད་ལས་ནུབ་བྱང་སྐད་ཀྱི་བརྡ་སྤྲོད་ནི་རྒྱའི་སྤྱི་སྐད་གྱི་འགྲོས་དང་ཡོངས་སུ་ལྡོག་པ་ནི་སྐད་རིགས་མི་འདྲ་བ་གཉིས་འཕྲད་པ་ལས་བྱུང་བའི་སྐད་རིགས་གསར་པར་རྩི་ཆོག་སྟེ། སྐད་རིགས་གཅིག་གི་བརྡ་སྤྲོད་དང་སྐད་རིགས་གཅིག་ཤོས་དེའི་ཐ་སྙད་གཞིར་བཞག་པ། དེ་ནི་མི་རིགས་འབྲེལ་འདྲེས་ལས་བྱུང་བ་ཡིན་ལ། ད་ལྟ་བོད་ཀྱི་ཡུལ་ཕྱོགས་ཀུན་དུ་སྐད་རིགས་འདིའི་རིགས་གྲུབ་ཡོད་པ་མ་ཟད་བཀོལ་སྤྱོད་བྱེད་བཞིན་ཡོད།

༧ བཙན་པོའི་རྒྱལ་རབས་རྗེས་ཀྱི་ལོ་རྒྱུས་ཞིབ་འཇུག་རིམ་གྱིས་འཐུས་ཚང་དུ་གྱུར་བ་དང་། མ་ངེས་ལོ་རྒྱུས་ཀྱི་གྲུབ་མའི་དགབ་པའི་ས་ཁྲ་རིམ་གྱིས་ཞིབ་འཇུག་གྲུབ་འབྲས་ཀྱིས་འཕྱག་པ་ན། གླིང་གེ་སར་རྒྱལ་པོ་ཞེས་པའི་ལོ་རྒྱུས་རང་བཞིན་གྱི་གཟུགས་བརྙན་དེ་ཡུན་གྱིས་ཐག་ཇེ་རིང་དང་ཇེ་རིང་དུ་གྱེས་སོང་།

སློབ་གསོ་ལབ་ཡ་དེ།
༡༽ སློབ་གསོའི་གཞུང་ལུགས་དང་མཐུན་དགོས།
སློབ་གསོའི་གཞུང་ལུགས་དང་མཐུན་པར་སློབ་གསོ་སྤྲོད་དགོས་ན་རྒྱལ་ཕྱི་ནང་གི་སློབ་གསོའི་གཞུང་ལུགས་མང་པོར་མཇལ་དགོས་པ་ལས་མར་ཁི་སི་ལྟ་བུ་གཅིག་པུར་བློ་ཕུག་བཅོལ་བ་ནི་མཆོག་དང་རབ་ཅེས་ན་ནོར་འཛོལ་དང་ལམ་ལོག་གོ །
༢༽འཚོ་བའི་ཉམས་མྱོང་གཞི་དང་རྩ་བར་འཛིན་དགོས།
འཚོ་བའི་ཉམས་མྱོང་གཞི་དང་རྩ་བར་འཛིན་དགོས་ན་རང་ཉིད་ཀྱིས་དངོས་སུ་བརྒྱུད་ཅིང་མྱོང་བའི་བྱ་བ་ཙག་ཙིག་ལའང་ཕྱིར་རྟོག་དང་གཟབ་ནན་གྱིས་བསམ་གཞིགས་བྱ་དགོས་ལ། འབད་འབུངས་ཀྱིས་མ་ལྷོད་པ་དེའོ། ། མདོར་བསྡུས་ན་ལག་ལེན་དངོས་ལ་འཇུག་རྒྱུ་དེའོ། །
༣༽དྲང་སྙོམས་མཛེས་གསུམ་སྲོག་སྲིད་ལྟར་གཅེས་དགོས།
དྲང་སྙོམས་མཛེས་གསུམ་སྲོག་སྲིད་ལྟར་གཅེས་དགོས་པ་ནི་མི་ཆོས་བསམ་བློ་འཐུས་ཚང་ཅན་དུ་ཕྱོགས་པ་དང་འཚོ་བ་བརྟན་བརླིང་ཞིག་འཛུགས་ཐུབ་མིན་གྱི་གནད་དམ་པའོ། །
༤༽དགའ་མོས་སྤྲོ་གསུམ་སློང་བ་གཙོ་གནད་དུ་འཛིན་དགོས།
དགའ་མོས་སྤྲོ་གསུམ་གཙོ་གནད་དུ་འཛིན་རྒྱུ་ནི་མི་ཐམས་ཅད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པའི་ཆོས་ཉིད་ལྟར་རང་གིས་སྡུག་བསྔལ་མི་འདོད་པ་ལྟར་གཞན་སུས་ཀྱང་སྡུག་བསྔལ་མི་འདོད་པ་ཚད་མས་གྲུབ་པས་དགའ་མོས་སྤྲོ་གསུམ་སློང་བར་འབད་པ་ནི་འཇིག་རྟེན་གྱི་བྱ་བ་ཆེ་ཆུང་གང་འགྲུབ་པའི་རྒྱུ་ཉག་ཅིག་གོ །
༥༽ཤེས་འཇོན་སྤྱོད་གསུམ་བསྲིང་བར་དམིགས་པ་གཏད་དགོས།
ཤེས་འཇོན་སྤྱོད་གསུམ་བསྲིང་བར་ཐབས་གང་དང་ཅི་བཀོལ་མིན་ནི་ཕ་མ་དང་དགེ་རྒན་རང་ཉིད་ལ་ཤེས་འཇོན་སྤྱོད་གསུམ་བརྒྱུད་ཅིང་མྱངས་པ་སྲབ་མཐུག་སྙི་གསུམ་དང་འབྲེལ་བ་ལྡན་པས་རང་ཉིད་སློབ་གསོ་དང་བྱིས་སྐྱོང་གི་གཞུང་ལུགས་མ་ལག་དང་བཅས་པ་བྱང་ཆུབ་པ་ཞིག་ལྡན་པར་གཏོང་མ་ཐུབ་ནའང་། རྒྱུན་ཤེས་ཙམ་པོ་དང་གལ་གནད་ཟིན་མཁན་ཞིག་ཡིན་པ་སྨོས་མ་དགོས་སོ། །
༦༽ཡུལ་དུས་གནས་བབ་དང་བསྟུན་དགོས།
ཡུལ་དུས་གནས་བབ་དང་བསྟུན་ན་ང་ཚོ་སྔོན་ཐོན་དང་ཁྱོད་ཚོ་རྗེས་ལུས་ཞེས་གཅིག་གིས་གཅིག་ལ་འཕྱ་ཞིང་དམོད་པའི་གཞི་མེད་ལ། བརྙས་ཤིང་བཅོས་ཏེ་དམའ་ཕབས་གཉའ་བཅོག་གི་ལས་ཀྱི་རྩོལ་བ་འབྱུང་མི་སྲིད། དེ་བས་རང་ཉིད་རང་གི་གདན་ཐོབ་ལ་ཡིད་རྟོན་དང་གདེང་ཚོད། སྤོབས་པ་བསྐྱེད་རྒྱུ་དེ་ལས་ཡོད་དོ་ཅོག་ལེགས་འགྲུབ་འབྱུང་བའི་གནད་ཀྱི་དོན་པའོ། །

ཕྱི་ལོ༢༠༢༡ལོའི་ཟླ༡༠པའི་ཚེས༡༩ཉིན་བདེ་ཐང་བོད་ཟས་ཁང་དུ་སྦྱར།


发布     👍 0 举报 写留言 🖊   
✋热门推荐
  • 两伙人并没有明确的谁不服谁,问题在于,在这几年他们全都是泥菩萨过江,质量和周转抓一个就已经焦头烂额,更别提什么“两手抓”或“合作共赢”能保住底线就算好的。#平均
  • 而且郭麒麟对事情的见解真的很有深度,这是别人学不来的,三观正[赞]就是不爱发微博[跪了]这可咋办!感觉他的综艺很让人舒服不是非得表现强调综艺感,就是说话语气和小
  • 若是不痛快,大可以说出来,你可以生气,可以恨,可以埋怨,这都没有什么大不了的。不为我的感受考虑的人不值得我手下留情。
  • 仅从制作岩茶的选料角度来看,选用生长在砾质砂壤中的茶树为原料,岩韵更加突出。仅从制作岩茶的选料角度来看,选用生长在砾质砂壤中的茶树为原料,岩韵更加突出。
  • #blythe[超话]#(谢谢来互关的姐妹!人数也差不多了,为了不让帖子老是被顶上来,如果还有有缘看到并想互关的姐妹可以直接私我哦,谢谢大家~[打call])求
  • 大家一定要保护好玫瑰园里的Yoki玫瑰花苞宝宝们 —— 尺寸:(H) 11 cm + 5.5 cm材质:软胶售价:NT.12000 一组发售方式:展位号C2-1
  • 享优惠?不用等了往下看你想要的优惠都在这6.18提前享”6月13日年中冲量 全民夏日 热销盛“惠”2020年首场厂家直销团购会尽在广汽传祺襄阳新茂新店咨询电话:
  • 我不想再失眠了,也不想再做各种画面的背叛的梦了,这或许是我这辈子最差的感受了,我从来没有想过会遭受这样的委屈,我居然还幻想过那只是暂时的考验,我太低估一个人喜新
  • 新车动力系统是由一台2.0T双涡轮增压三缸发动机+3个电动机组成的,搭载的电池为800V 16.6kWh液冷高压蓄电池。#贵到飞起# 初代宝马440i xDri
  • 我都会放在书房使用,轻微的涩在工作的地方闻着会有提神的感觉,能让我沉静下来,即使在工作也感觉被治愈~ ROSEONLY 十二星座香氛蜡烛-CAPRICORN 摩
  • 它也将为青训学院的年轻球员提供一条充满抱负和鼓舞人心的道路,我们期待有一天他们能在那里为利物浦完成首秀。我们不能否认梅尔伍德在俱乐部历史上的重要性,从20世纪5
  • 理财规划,目的是为了将自己家庭有限的财富最大限度地合理消费、最大限度地保值增值,不断提高生活品质、规避风险,以保障自己和家庭经济生活的安全和稳定,从而使自己和亲
  • 哪个牙科诊所比较好?广州成人龅牙技术好的医生?
  • 不清楚可问我#上海牙齿矫正##上海隐形矫正##住在成都#【一环路到五环路:成都发展的历史年轮】进入新的发展时期,成都坚定贯彻新发展理念,重塑城市形态、再造城市功
  • 时光飘零,素颜怠尽,当迟归的游子把每一个无眠的夜轮回成远方的梦时,才知不是每个墨夜都有琴音的陪伴,也不是每一个拂晓都有诗韵的缭绕!无眠的夜是一曲甜蜜的旋律,绵绵
  • 法院认为,被告人王某违背妇女意志,先后两次采用暴力手段欲强行与二名妇女发生性关系而未得逞的行为,构成了强奸(未遂)罪。法院认为,被告人王某违背妇女意志,先后两次
  • !一定要好好爱自己哦!
  • 我应该六点起床准备出发去学校的,可是现在的我还在刷微博emmmmmm而且还是一直憋着尿刷的!回家这一个礼拜温差真的是好大呀,我可是只穿了一件短袖回来的人,到家没
  • 。朋友上周见我说“这是我认识你以来最憔悴的时候”我还不信,直到拍了几张照片才发现,浮肿的眼袋,暗淡的皮肤,爆痘、脱皮……然后我就在问自己:你是不是真的很累?
  • !暴风哭泣呜!