࿐ཕྱི་ལྟར་ཐུབ་པའི་ཉེར་གནས་ཀུན་དགའ་བོ།།ནང་ལྟར་རྒྱལ་བའི་དབང་པོ་ཀློང་ཆེན་པ།།གསང་བ་མངའ་བདག་སྔགས་པ་མཆོག་གྲུབ་དངོས།།ཐུབ་བསྟན་ཚེ་རིང་ཆོས་འཕེལ་གསོལ་བ་འདེབས།།
࿐༧ས་སྐྱ་གོང་མ་ཁྲི་འཛིན་རིན་པོ་ཆེས་ཧུང་གོང་ནས་སྣང་བ་གསུམ་གྱི་བཀའ་ཁྲིད་གནང་འདུག Today His Holiness the 42nd Sakya Trizin Ratna Vajra Rinpoche completes the six days Triple Vision teaching at Hong Kong.
尊贵的 第42任萨迦法王大宝金刚仁波切今日于香港圆满了为期六日的三现分教学。
尊贵的 第42任萨迦法王大宝金刚仁波切今日于香港圆满了为期六日的三现分教学。
࿐ ༈ང་དང་འདུན་པའི་ཁ་ཕྱོགས།
གསེར་མདོག་ཀུན་སྣང་འབར་བ༎
ལྷུན་པོའི་རྩེ་ལ་ཤར་སོང་༎
ང་ནི་ལྷུན་པོའི་རྩེ་ཡི༎
ཐང་དཀར་ཡིན་ན་བསམ་བྱུང་༎
དུང་མདོག་བདུད་རྩིའི་ཟེགས་མ༎
རི་ལུང་ཀུན་ལ་ཟགས་སོང་༎
ང་ནི་སྤང་ལྗོངས་སྔོན་མོའི༎
ཀུ་མུད་ཡིན་ན་བསམ་བྱུང་༎
དཔྱིད་དཔལ་སུམ་རྩེན་དབང་མོ༎
གཙང་བོའི་འགྲམ་ན་སླེབས་སོང་༎
ང་ནི་གཙང་ཆབ་སྔོན་མོའི༎
གསེར་མིག་ཡིན་ན་བསམ་བྱུང་༎
ཆར་སྐུ་འདབ་བརྒྱད་མེ་ཏོག །
ཏེ་སེའི་མགོ་རུ་ཐོར་སོང་༎
ང་ནི་ཏེ་སེ་གངས་ཀྱི༎
སྦལ་བ་ཡིན་ན་བསམ་བྱུང་༎
_______________✍ཁམས་ཉི་གཞོན།
གསེར་མདོག་ཀུན་སྣང་འབར་བ༎
ལྷུན་པོའི་རྩེ་ལ་ཤར་སོང་༎
ང་ནི་ལྷུན་པོའི་རྩེ་ཡི༎
ཐང་དཀར་ཡིན་ན་བསམ་བྱུང་༎
དུང་མདོག་བདུད་རྩིའི་ཟེགས་མ༎
རི་ལུང་ཀུན་ལ་ཟགས་སོང་༎
ང་ནི་སྤང་ལྗོངས་སྔོན་མོའི༎
ཀུ་མུད་ཡིན་ན་བསམ་བྱུང་༎
དཔྱིད་དཔལ་སུམ་རྩེན་དབང་མོ༎
གཙང་བོའི་འགྲམ་ན་སླེབས་སོང་༎
ང་ནི་གཙང་ཆབ་སྔོན་མོའི༎
གསེར་མིག་ཡིན་ན་བསམ་བྱུང་༎
ཆར་སྐུ་འདབ་བརྒྱད་མེ་ཏོག །
ཏེ་སེའི་མགོ་རུ་ཐོར་སོང་༎
ང་ནི་ཏེ་སེ་གངས་ཀྱི༎
སྦལ་བ་ཡིན་ན་བསམ་བྱུང་༎
_______________✍ཁམས་ཉི་གཞོན།
✋热门推荐