列繞林巴 ལས་རབ་གླིང་པ། 全集 第 A 函 X༔ སྒོ་འབྱེད་གསང་བདག་ཞི་དྲག་གི་དབང་ཆོག་བཞུགས་སོ༔ 啟門靜猛密主灌頂儀軌

X༔

XXXX༔

རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ༔



頂禮金剛持!

ཐུན་མོང་ཁྱད་པར་རྨད་བྱུང་བའི༔

སྒྲུབ་ཐབས་དབང་གི་སྔོན་འགྲོ་ནི༔

དབེན་པའི་གནས་སུ་ཡོ་བྱད་བསགས༔

མཆོད་གཏོར་ལ་སོགས་ཚང་བར་བཤམ༔

共同殊勝極希有,修法灌頂之前行,
寂靜之處資具備,供物朵瑪悉陳設。

རྩེ་གཅིག་ཡིད་ཀྱིས་ཉམས་སུ་ལང༔

བདེ་གཤེགས་སྲས་བཅས་དགོངས་སུ་གསོལ༔

སངས་རྒྱས་ཀུན་དངོས་རྡོ་རྗེ་ཅན༔

མཐར་ཐུགས་སྐྱབས་ཀྱི་མཆོག་བཟུང་བགྱིད༔



一心專注猛實修,如來佛子祈垂念!
諸佛之體金剛持,持為究竟歸依處。

ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔

ཡི་རང་བསྐུལ་ཞིང་བཞུགས་གསོལ་འདེབས༔

སྲིད་ཞིའི་མཐའ་ལ་མི་གནས་པའི༔

ཡང་དག་སྙིང་པོ་བདག་འཚལ་བས༔

頂禮供品種種奉,隨喜勸請祈安住,
有寂邊際悉不住,我求真實心要故,

དེ་ཡི་དམ་ཚིག་རིམ་པ་དང་༔

བྱང་ཆུབ་སེམས་རབ་རྟག་ཏུ་བཟུང་༔

སྔོན་བྱས་སྡིག་པ་སོ་སོར་བཤགས༔

སླད་ནས་ཡང་དག་ལམ་ཞུགས་ཏེ༔



彼之三昧耶次第,菩提妙心恆受持,
往昔所作罪業懺,其後趣入真實道,

............(中略)............

ཁྱབ་བདག་དཔའ་བོ་སློབ་དཔོན་དང་༔

ཡེ་ཤེས་སྤྱན་མངའ་ལྷག་པའི་ལྷ༔

མ་བསྒྲིབ་མཁྱེན་བརྩེའི་བདག་ཉིད་རྣམས༔

ཀུན་ནས་གསན་ཅིང་དགོངས་སུ་གསོལ༔

遍主勇士阿闍黎,具智慧眼增上尊,
無礙智悲體性眾,悉皆請聽請垂念!

བདེ་བར་གཤེགས་ཀུན་ཇི་ལྟ་བུ༔

དེ་ལྟར་བདག་ནི་རབ་བསྒྲུབ་འཚལ༔

དེ་སླད་ཐུགས་རྗེས་ཉེར་བཟུང་སྟེ༔

གསང་སྔགས་དཀྱིལ་འཁོར་ཆེན་པོ་རུ༔

依止一切善逝教,如是一切我奉行!
其後大悲善攝持,密咒殊勝壇城中,

བདག་ལ་དབང་བསྐུར་བྱིན་གྱིས་རློབས༔

འདིར་འབྲས་རང་དོན་འདོར་བྱས་ཏེ༔

མཐའ་ཐུགས་འབྲས་བུ་རྫོགས་སངས་རྒྱས༔ གཞན་ཕྱིར་སྲོག་ལའང་མི་ལྟ་བར༔

於我灌頂賜加持!此中捨棄自利果,
究竟果位成正覺,利他之故命不顧,

ཕྱི་མི་ལྡོག་པའི་དད་བརྩོན་གྱིས༔

སྟོན་པའི་བཀའ་བཞིན་བསྒྲུབ་ནུས་ན༔

དབང་བསྐུར་རུང་གི་གཞན་དུ་མིན༔

བློ་ལྡན་རྒྱུད་ནི་རབ་བརྟན་པོ༔

不退淨信與精進,若能依教而奉行,
堪能灌頂餘非能。具慧相續極堅固,

ཤིན་ཏུ་བརྟག་སྟེ་དམ་ཆོས་ཤིག༔

བདག་གི་སྲོག་ལ་བབ་གྱུར་ཏམ༔

གལ་ཏེ་བདག་ལུས་མེ་འབར་ཡང་༔

བཀའ་བཞིན་བསྒྲུབ་པར་དམ་བཅའ་ན༔



詳細觀察於正法,縱然我命遇危難,
設若我身火熾燃,亦立誓言依教行,

གསང་སྔགས་རྒྱལ་པོ་བསྟན་དུ་གསོལ༔

དེས་ན་སྐལ་བཟང་དཀྱིལ་འཁོར་འདིར༔

རྒྱུད་སྦྱང་ཆོ་ག་ནས་བརྩམ་སྟེ༔

རིམ་པ་དབང་གི་སྒོ་དབྱེ་ཞིང་༔

密咒勝王請開示!是故善緣此壇城,
清淨相續儀軌行,次第開啟灌頂門,

དོན་རྣམས་མ་ནོར་བསྟན་པར་བགྱི༔

སྡོམ་པའི་རྒྱལ་པོ་མཐར་ཐུག་པ༔

རྡོ་རྗེའི་དམ་ཚིག་རྨད་པོ་ཆེ༔

སྐུ་གསུང་ཐུགས་ཀྱི་གསང་མཆོག་ནི༔



諸事無謬令堅固!律儀勝王最究竟,
金剛誓言最希有,身語意之最勝語,

ལྷ་སྔགས་ཆོས་ཉིད་རྟག་ཏུ་བཟུང་༔

ཡན་ལག་གཞན་ཡང་ཚུལ་བཞིན་དུ༔

མ་ཉམས་ལེགས་པར་བདག་གིས་བསྲུང་༔

དམ་ཚིག་ཅན་གྱིས་བདག་སྲུང་ཞིང་༔



尊咒法性恆受持,其餘支分亦如法,
不令退失我善護!具誓諸眾守護我,

བདེ་གཤེགས་སྲས་སུ་བདག་གྱུར་ཅིག༔

བཅོམ་ལྡན་ཡེ་ཤེས་སྐུ་མངའ་བ༔

གསང་མཆོག་འདིས་འགྲུབ་དམ་སྲུང་ཕྱིར༔

སངས་རྒྱས་ཀུན་གྱི་རྡོ་རྗེའི་ཐུགས༔



願我成為善逝子!具足世尊智慧身,
為以勝密修或護,一切如來金剛意,

བུ་ཡི་སྙིང་ལ་རབ་ཞུགས་ཏེ༔

དམ་ཚིག་མི་ཉམས་བསམ་ཀུན་འགྲུབ༔

དངོས་གྲུབ་ཕུན་སུམ་ཚོགས་ཐོབ་ཅིང་༔

གཞན་དོན་རླབས་ཆེན་འགྲུབ་གྱུར་ཅིག༔



最極趣入子心中,誓言不退諸願成!
圓滿證得諸悉地!廣大利他願成辦!

............(中略)............

ཧཱུྃ༔

ནམ་མཁའི་རང་བཞིན་རྡོ་རྗེའི་ཐུགས༔

དབྱིངས་དང་ཡེ་ཤེས་འཕོ་འགྱུར་བྲལ༔

བདེ་བ་ཆེན་པོའི་ངོ་བོ་ཉིད༔

གཉིས་མེད་རྟོགས་པའི་དོན་དབང་བསྐུར༔

སྲིད་ཞིའི་མཐའ་ལས་རབ་གྲོལ་ཏེ༔

སྐྱེ་འགག་མེད་པར་སངས་རྒྱས་ཤོག༔


虛空自性金剛意,法界智慧無遷轉,
殊勝大樂之體性,證悟無二義灌頂!
有寂邊際悉解脫,無生無滅願成佛!

............(中略)............

དེ་ལྟར་དབང་གི་ཆོ་ག་འདེས༔

སྡིག་དང་སྡུག་བསྔལ་ཀུན་ལས་གྲོལ༔

གསང་སྔགས་རྒྱ་ཆེར་རབ་སྣང་བའི༔

དོན་ཆེན་ཕུན་སུམ་ཚོགས་ཐོབ་འགྱུར༔


以此灌頂之儀軌,罪業痛苦悉解脫,
密咒廣大極顯明,圓滿大義願證得!

ས་མ་ཡ༔

རྒྱ་རྒྱ་རྒྱ༔

三昧耶!印印印!

( 此列繞林巴系列翻譯由 #法明山教証寺 發心。)

圖:四川新龍 列繞林巴祖寺。

-------------------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震,一切劣見獸眾皆驚恐,
勝乘獅子吼音遍三地,蓮師大寶教法願興盛!
- 彌龐蔣揚南傑嘉措(不敗妙音尊勝海)

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།

列繞林巴全集 第 06 函 ༄༅།།ཉེས་སེལ་གྱི་ཆོ་ག་རྒྱས་པའི་སྔགས་རྣམས་བཟླས་མཚམས་སུ་མཆོད་བསྟོད་བྱ་བར་སྤྲོ་ན་འདི་ལྟར་བྱ། 淨除過患廣軌諸咒持誦間之廣供讚

ཧཱུྃ༔

ཡེ་ཤེས་ལྷ་རྣམས་སྤྱན་འདྲེན་མཆོད་ཅིང་བསྟོད༔

ཉེས་ཚོགས་མཐོལ་བཤགས་དབང་དང་དངོས་གྲུབ་སྩོལ༔



吽!
智慧尊眾迎請供養讚,懺悔過患灌頂悉地賜!

............(中略)............

འབྲིང་པོའི་སྦྱིན་སྲེག་གི་ལྷ་ལ་བྱོན་སྐྱེམས་དང་ཡམ་ཤིང་མར་ཁུ་རྣམས་ཀྱི་འདོད་གསོལ་ནི།

於中軌燒施之本尊獻奉迎接金飲及護摩木、酥油等祈請所欲:

ཧོཿ

ཀློང་ཡངས་འཁྱིལ་པའི་ཞལ་ཧོམ་དུ༔

དམ་རྫས་བདུད་རྩི་འདོད་ཡོན་འབུལ༔

དམ་སྐོང་མཐུ་དབང་དངོས་གྲུབ་སྩོལ༔

ལས་བཞི་མྱུར་དུ་འགྲུབ་པར་མཛོད༔



吙!
廣大漩聚火壇中,誓物甘露妙欲奉,
酬願威勢悉地賜,四業速疾請成辦!

ཅེས་སོ།

如是誦。

ལྷག་གཏོར་གཏོང་རྗེས་ཚོགས་མཆོད་ལྟར་སྨོན་ལམ་བྱས་ལ་དེ་ནས་འདི་ལྟར་བྱ།

餘供朵瑪施已,應如薈供發願,其後如是:

ཨོཾ་ཨཱཿ ཧཱུྃ༔

རྣམ་དག་ཀུན་བཟང་མཆོད་སྤྲིན་གྱིས༔

ཡེ་ཤེས་དཀྱིལ་འཁོར་རྟག་ཏུ་མཆོད༔



嗡啊吽!
清淨普賢供養雲,智慧壇城恆供養!

............(中略)............

ཧྲཱིཿ

གུ་རུའི་ཡེ་ཤེས་རོལ་པའི་སྐུ༔

རབ་འབྱམས་དཀྱིལ་འཁོར་ལྷ་ལ་བསྟོད༔

བདག་སོགས་མ་རིག་སྐྱོན་དབང་གིས༔

འགལ་འཁྲུལ་ཉེས་ཚོགས་མཐོལ་ཞིང་བཤགས༔



舍!
上師智慧遊戲身,廣大壇城尊稱讚,
我等無明過失故,違亂諸過發露懺!

ཨ་ཨཱ་ཨི་ཨཱི་སོགས་དང་ ཀ་ཁ་ག་གྷ་ང་སོགས་དབྱངས་གསལ་བྱེད་

ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་ ཨོཾ་ཡེ་དྷརྨ་སོགས་རྟེན་འབྲེལ་སྙིང་པོ་རྣམས་ལན་གསུམ་རེས་ལྷག་ཆད་བསྐང་།

阿啊伊咿等,及嘎喀噶咖阿等元輔音咒。
嗡班雜薩埵薩瑪雅等百字明咒,嗡耶達瑪等緣起心咒,各誦三遍補缺。

ལྷ་རྣམས་རང་སེམས་དབྱེར་མེད་ངང་༔

མི་དམིགས་སྤྲོས་བྲལ་དབྱིངས་སུ་བཞག༔

རྗེས་ཐོབ་གུ་རུའི་གཟུགས་སྐུར་ལྡང་༔

སྤྱོད་ལམ་ཡེ་ཤེས་རོལ་པར་ཁྱེར༔



尊眾自心無別體,無緣離戲法界住,
後得上師色身起,威儀轉為智游戲!

བསྔོ་སྨོན་ནི།

迴向發願:

དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །

此善願諸一切眾,福德智慧資糧圓,
福德智慧所出生,清淨二身願證得!

ཤིས་བརྗོད་ནི།

誦吉祥偈:

བཀྲ་ཤིས་ཀུན་གྱི་དཔལ་འབར་བ༔

སངས་རྒྱས་ཆོས་དང་འཕགས་པའི་ཚོགས༔

བླ་མ་ཡི་དམ་མཁའ་འགྲོ་ཡིས༔

ཕྱོགས་དུས་གནས་སྐབས་བདེ་ལེགས་སྩོལ༔



諸吉祥之吉祥熾,諸佛正法及聖眾,
上師本尊空行眾,一切時處善妙賜!

ཨོཾ་སྭ་སྟི་སིདྡྷཾ་མངྒ་ལཾ༔

嗡梭斯帝悉當芒嘎朗!

ལས་རབ་གླིང་པས་བྲིས་པ་དགེ།།

།།

列繞林巴撰著。善哉!

----------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震,一切劣見獸眾皆驚恐,
勝乘獅子吼音遍三地,蓮師大寶教法願興盛!
- 彌龐蔣揚南傑嘉措(不敗妙音尊勝海)

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།

【 聞慧-新譯文摘錄分享 】ཉག་བླ་པདྨ་བདུད་འདུལ་ 白瑪鄧登全集 第 01 函

༄༅། །མཆོད་འབུལ་ནི། 獻供

དཀྱིལ་འཁོར་གང་ལ་ཡང་ཕྱི་མཆོད་ཀྱི་སྐབས་སུ་མཆོད་པའི་རིགས་རྒྱས་པར་མཆོད་ན་བཀག་པ་མེད་ཅིང་ལེགས་པར་འགྱུར་བའི་ཕྱིར། རིགས་མཐུན་གྱི་ཆོ་གས་སྐབས་སུ་བབ་པ་ལས་འདོན་ཚིག་བླང་བར་བྱ་ཞེས་གསུངས་པ་ཕྱག་ལེན་དུ་ཡང་མཛད་པར་སྤྲོ་ན་འདི་ལྟར་རོ། །

任何壇城,外供之際,供物類廣供時,為令無障及善妙轉故,應取相應儀軌念誦。行持亦應如此。廣軌如下:

…………(中略)…………

ཅེས་སོ། །དེ་ཙམ་མི་ནུས་ན་དཀྱུས་ཀྱི་ཆོ་གས་ཀྱང་མ་ཚངས་བ་མེད་དོ། ཅེས་གསུངས་པ་ལྟར་སྤྲོས་པ་རྒྱས་བསྡུས་དང་ལོང་སྐབས་སོགས་དང་བསྟུན་ནོ། སློབ་དཔོན་ཆེན་པོས། རྒྱས་པར་འདོད་ན་རིགས་མཐུན་པའི། །རྒྱུད་དང་མན་ངག་གཞན་ནས་བླངས། །ལེན་དུ་རུང་བ་ང་ཡི་བཀའ། །ཀུན་ཏུ་བཟང་པོས་གནང་བ་སྟེ། ཅེས་གསུངས་སོ།། །།

若不能如此,則常軌亦不可缺。如其所說,依時機等或作廣軌,或作略軌。
大阿闍黎曰:“若樂廣軌於他處,隨取相應續竅訣,堪能答者我之語,普賢如來所開許。”

…………(中略)…………

XXX༔ གཏོར་མའི་དབང་ནིཿ 朵瑪灌頂

ཨེ་ཝཾ་ཟུང་འཇུག་གཏོར་མའི་ཀློང་༔ རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་བཞུགསཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའིཿ ལས་ཅན་སྐལ་ལྡན་གཙོར་བྱས་པའིཿ མཁའ་ཁྱབ་འགྲོ་ལ་དབང་བསྐུར་བསཿ དབང་རྣམས་ཡོངས་རྫོགས་སྨིན་པར་ཤོགཿ

誒旺雙運朵瑪中,三本靜猛尊眾住,
功德事業身語意,具足善緣為主眾,
遍空眾生灌頂賜,圓滿灌頂願成熟!

རྩ་སྔགས་མཐར་བ་ལིངྟ་ཨ་བྷི་ཥིཉྩཿ

根本咒後:巴林達阿毗肯匝

༄༅། །ཕྱི་ཆོག་སྐབས་བསྙེན་དམིགས་ནི། 外儀軌時念誦所緣

རང་ཉིད་སྣང་བའི་ངོ་བོར་གསལ་བའི་སྙིང་དབུས་ཀུན་ཏུ་བཟང་པོའི་ཐུགས་ཀར་པདྨ་ཉི་ཟླའི་སྟེང་དུ་བཻཌཱུཪྻའི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ཁོང་སེང་གི་དབུས་སུ་ཨཱཿཡིག་མཐིང་གསལ་འོད་ཟེར་མདངས་དང་ལྡན་པའི་མཐར་སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར་བར་བསམ་མོ་བཟླས་པ་དངོས་རྩ་གསུམ་སྤྱི་དྲིལ། །

觀想自成光明體性,心間中央化現普賢如來,其之心間蓮花日月之上,化現五股吠琉璃金剛杵,杵臍空隙中央出生ཨཱཿ「阿」字,亮藍之色,光明為體,周圍咒鬘右旋圍繞。念誦根本咒三遍,總咒:

…………(中略)…………

༄༅། །བརྟེན་བཞུགས་ནི། 堅固安住

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ།

十方安住一切諸佛菩薩,請垂念我!乃至量等虛空一切有情,尚末安置無住涅槃之間,祈請諸佛勿入涅槃!祈請堅固安住!

༧ ཁྱད་པར་དུའང་རྡུལ་ཚོན་གྱི། ཚོམ་བུའི་དཀྱིལ་འཁོར་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ།

尤其於彩繪壇城中,生起並迎請之尊眾,乃至未作祈請回返儀軌之前,祈請堅固安住。

༧ ཁྱད་པར་དུའང་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་གཞིག་གི་བར་དུ་བརྟེན་པར་བཞུགས་སུ་གསོལ། །བརྟན་པར་བཞུགས་ནས་ཀྱང་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །

尤其此諸殊勝身語意所依,乃至未被四大損害毀滅之前,祈請堅固安住彼中!堅固安住之後,祈請於我及一切無邊有情,無餘恩賜勝共悉地!

…………(中略)…………

༄༅། །སྨན་མཆོད་ནི། 藥供

ཧཱུྃཿ རང་བྱུང་གདོད་ནས་རྣམ་པར་དག་པ་སྟེ། །རྩ་བརྒྱད་ཡན་ལག་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་རྣམ་པ་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས་ཆེན་པོ། །ཉོན་མོངས་གདུང་བ་སེལ་བའི་བདུད་རྩི་འདི། །དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་འབུལ། །ཐུགས་རྗེས་རྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །

吽!
自生原始本來即清淨,八根千支之中和合藥,
五部五種誓言之本體,圓滿五智殊勝成就物,
遣除煩惱逼迫此甘露,大恩根本上師尊口奉!
大悲垂念灌頂悉地賜!

…………(中略)…………

༄༅། །རྡུལ་ཚོན་ཆུ་བོར་གཤེགས་པའི་ཆོ་ག་ནི། 彩瓶入注儀軌

རྡུལ་ཚོན་གྱི་བུམ་པ་མཆོད་པ་ལ་སོགས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས། སློབ་དཔོན་སློབ་མར་བཅས་པས་དྲི་སྤོས་ཀྱི་སྣ་དྲངས་ཏེ་བསྐུར་བསྟི་དང་བཅས་རྒྱ་མཚོར་འབབ་བའི་ཆུ་བོའམ། མཚོ་དང་། ཆུ་མིག་སོགས་སྐམ་པར་མི་འགྱུར་བར་རྒྱུན་དུ་གནས་པའི་ཆུ་འགྲམས་སུ་མཎྜལ་ལྟ་བུའི་གཞི་ལ་རྡུལ་ཚོན་དཀར་པོའི་པདྨ་འདབ་བརྒྱད་བྲིས་པའམ། སྤར་དུ་བཏབ་པའི་དབུས་དང་འདབ་མ་ལ་མེ་ཏོག་གི་ཚོམ་བུ་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་ལྔ་ཀླུ་སྨན་བཏབ་པའི་འོ་མ། གཏོར་མ་དང་བཅས་དེའི་རྒྱབ་མདུན་གང་འོས་ཀྱི་སྟེགས་བུ་མཐོ་བ་ལ་རྡུལ་ཚོན་གྱི་བུམ་པ་བཞུགས་སུ་གསོལ། ལས་བུམ་གྱི་ལྷའི་སྔགས་ཅི་རིགས་བཟླས་ནས། མཆོད་པ་རྣམས་བསངས་སྦྱངས་བྱིན་གྱིས་བརླབ་པ་ནི།

彩瓶供養等資具備齊之後,阿闍黎攜弟子以妙香迎請、供奉,於流入大海之河流或湖泊,以及泉水等未乾涸而常住之水邊,以曼紮等為所依,以白砂繪製八瓣蓮花,或印製亦可,於其中央及花瓣上,陳設花堆,周圍陳設二水、五供、龍藥所製之牛奶、朵瑪,於其前後適宜高臺之上,祈請安住彩瓶,隨應念誦事業寶瓶之尊咒後,淨化、加持供品:

…………(中略)…………

ཞེས་པས་རོལ་མོའི་སྒྲ་དང་བཅས་པས་ཀླུ་རྣམས་གཤེགས་ཛཿཧཱུྃ་བཾཿཧོཿ ཞེས་པས་རྡོ་རྗེ་སེམས་དཔའ་རང་ལ་བསྟིམ། །རྡུལ་ཚོན་དང་མཆོད་གཏོར་རྣམས་རིམ་བཞིན་ཆུར་དོར། གཞིའི་མཎྜལ་གྱི་ཚོམ་བུ་རྣམས་ཆུར་གཤེགས་ཤིང་རེ་ཁཱ་ཡང་འཁྲུ། ཚོན་སྣོད་ཀྱི་བུམ་པ་ཆུ་གཙང་གི་བཀང་ནས།

鳴擊樂器,諸龍降臨,誦“匝吽邦吙”,融入金剛薩埵。彩砂及供養朵瑪等,次第放入水中,所依曼紮供堆放於水中,條紋亦沐浴。彩瓶盈滿淨水後:

…………(中略)…………

ཞེས་སྤྱན་མའི་སྔགས་བཟླ་བཞིན་ཕྱིར་ཕེབས་ཏེ་གནས་ཁང་དཀྱིལ་འཁོར་སོགས་ལ་བསང་གཏོར་བྱ་ཤིང་ཕྱོགས་ཐམས་ཅད་བཀྲ་ཤིས་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་བྱའོ།། །།

一邊誦佛眼母心咒,一邊朝外走,於修室壇城等,應作灑淨,令一切處遍滿吉祥妙樂殊勝之相。

-------------------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震,一切劣見獸眾皆驚恐,
勝乘獅子吼音遍三地,蓮師大寶教法願興盛!
- 彌龐蔣揚南傑嘉措(不敗妙音尊勝海)

寧瑪文殊,讓世界更多華人能以自己的母語親近佛法!

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།


发布     👍 0 举报 写留言 🖊   
✋热门推荐
  • #呼和浩特市[超话]##情感# 呼和浩特的微信 ——作者 魏刚 青城在飞雪中略显恬静 却在夜色中才彰显妩媚 浸润的大地 倾斜的灯影 匆匆忙忙回家的人影
  • 手口共作曰拮据,不暇修容曰鞅掌。手足并行曰匍匐,俯首而思曰低徊。明珠投暗,大屈才能;入室操戈,自相鱼肉。求教于愚人,是问道于盲;枉道以干主,是炫玉求售。智谋之士
  • 如梦时光,匆逝何方? 唯江水、似旧茫茫。 塔边落日,寂寞苍凉。 有苇微摇,风轻拂,雁低翔。 斜晖如雨,飘飘千里, 旧时人、入土皆藏。 又逢春至,新柳犹长。 望
  • 【#中国妇女报建议全国开展拐卖妇女清查行动#】拐卖妇女是侵犯基本人权的全球性问题。《中国妇女发展纲要(2021-2030年)》《中国反对拐卖人口行动计划(202
  • 我喜欢肖战 ⭐ ⭐⭐ 我喜欢肖战 [心] 我喜欢肖战[心]我喜欢李宁代言人肖战[心]我喜欢欧扎克代言人肖战[心]我喜欢石头机器人代言人肖战[心]我喜欢陌森代言人
  • ₂₀₂₂➕13 元宵前一天 mom突然再说 过年买的丸子还没煮,赶紧煮起来/元宵当天 我问她 汤圆呢,来煮/原来她说的是 贡丸牛肉丸虾丸那种丸子 hh 开学第
  • #你最近读过哪些突破认知的好书# 《长短经全鉴(节选)》赵蕤 唐代。 赵蕤的《长短经》集中国古代谋略之大成,大到治国用兵、识人用人,小到世故人情、生活智慧,一网
  • #人物志# 金刚狼大家都看过或者听过吧,而今天就是金刚狼男主休·杰克曼的生日。 让环宝带大家了解一下。[挤眼] 休·杰克曼(Hugh Jackman),19
  • HELLO NEW DREAM. PROJECT * HELLO NEW DREAM. PROJECT 嵐へ贈る篇 * 還記得當初看嵐にしやがれ最終章 (202
  • 本来我是坚决排斥吃狗肉的,但今天我吃了。 去姐家吃饭,以为是排骨(狗肉没加辣椒,江苏人不太吃辣),吃了两块,有一个人说好像是羊蝎子,我说应该不是,羊肉有点膻,我
  • 虎头蛇尾式的相亲战役在我的“精准操控”下,最终首战告负,这样的结局不禁让人感慨万千。我觉得目前的情况尚未成熟,我不会再随意闯进别人的世界,打铁还需自身硬。 因为
  • #萌青推荐##卡森·麦卡勒斯105周年诞辰# 美国作家麦卡勒斯擅长书写孤独,失意、离群、被遗忘、被抛弃的人在她的文字中找到了共鸣。她19岁开始创作,1940年首
  • 【中国联通喜获2021“5G应用揭榜赛”多项大奖】6 月28 日,年过40岁的陈星在海南琼海市中原镇中心卫生院拍摄眼底像,10 分钟后,上级医院发来了远程眼底诊
  • #星座#能说会道,口才了得,很会察言观色的三大星座,最会拍马屁 双子座 双子座是非常能说的星座,他们一刻也都是不更够停留的,是非常能说话的,
  • 明显思维差火候嘛。 能经常把郑州和西安俩城市作比较的,肯定是河南老乡啊。 正常的西安人,谁没事会看别的城市一眼呀。 陕西人要穷酸,那也只在自家穷酸着。 河南人口
  • 突然很感慨,加上这动感happy的音乐 让我觉得,家里就是比学校好!!! 即便只是躺在沙发上 也比待在学校沙发,宿舍床上舒服 从心而发的舒适与开心[微风][太开
  • 南京市某区法院文书出现“安徽省南京市”字眼,见图1。南京自己跑到安徽来认亲,太尴尬了,这个失误可不小。[汗][汗][汗] 补:无独有偶,知名博主@豢龙有道
  • 佛说阿弥陀经[蜡烛] 【香赞】[蜡烛] 炉香乍爇。法界蒙熏。 诸佛海会悉遥闻。随处结祥云。诚意方殷。诸佛现全身。南无香云盖菩萨摩诃萨[蜡烛] 【莲池赞】[蜡烛]
  • 【缺乏魄力,做事犹豫不决:淮阴侯韩信败亡视角】 前196年,地点长安,韩信心急如焚地赶忙宫中,准备祝贺刘邦凯旋归来。刚一进门,事先埋伏好的刀斧手冲出来,摁住韩信
  • 利特,朴正洙,1983年7月1日出生于韩国SuperJunior组合的队长。 太阳巨蟹,月亮双鱼,水星双子,金星狮子,火星巨蟹,木星射手,土星天秤,天王射手,