དེའི་སྐབས་ཤིག་ལོ་ན་ལྔ་བཅུ་ཡས་མས་ཙམ་ལ་སླེབས་པའི་ཨ་ཅག་ཞིག་དབུགས་རྔུབ་གཏོང་དཀའ་བར་གྱུར་ནས་རང་སར་རིལ་ཏེ་འདུག་པ་ན་དེའི་ནང་ཡོད་པའི་ང་ཚོ་ཚང་མས་མཐོང་ཡང་ཚང་མས་དོག་ཟོན་གྱིས་ཁྲིད་ལ་བཅར་འགྲོ་མཁན་གཅིག་ཀྱང་བྱུང་མ་སོང་། དེ་ནས་གང་ཙམ་སོང་རྗེས་སྨན་པ་ཡིན་ནམ་ནད་འགོག་གི་གྱོན་པ་ཆ་ཚང་གྱོན་པ་འགའ་ཞིག་གིས་འཁོར་སྟེག་ཉལ་ཁྲིའི་སྟེང་ཁྱེར་སོང་། ང་ཚོ་ནི་དེར་གཞན་དང་འདྲ་བར་ཁ་ལག་ཐུན་གསུམ་པོ་མ་ཆགས་པར་ཟ་ཞིང་ཉལ་ཁྲིའི་སྟེང་ཁར་པར་ཕུར་བ་འམ་གཉིད་དུ་ལྷོད་འཇགས་པ་ཞིག་བྱུང་། འོན་ཀྱང་དེ་ནི་ཉིན་གཉིས་ཙམ་རེད་ང་ཚོ་གད་པ་མང་པོ་ཞིག་བརྟག་འབྲས་རྒྱུན་ལྡན་དུ་ཆགས་ནས་ཡང་སྐྱར་ས་ཚིགས་དེ་རང་དུ་གཙང་སྦྲའི་ལས་མིར་གྱུར་བ་དང་སྐབས་རེ་ཁ་ལག་སྐྱེལ་རོགས་བྱེད་དགོས་པ་ཕུད་གཙོ་བོ་དེའི་དྲི་ང་བའི་ཁོར་ར་ཁོར་ཡུག་གཙང་སྦྲ་བྱེད་རྒྱུ་དེ་རེད། དེ་ནས་ང་ཚོ་ཁག་ཅིག་སྟོད་ལུང་དུ་གཙང་སྦྲའི་ལས་འགན་སྒྲུབ་པར་འགྲོ་དགོས་པའི་བརྡ་འབྱོར་ནས་སྔར་གྱི་གཙང་སྦྲ་བྱེད་སའི་བོད་སྨན་ཉོ་ཚོང་ལྟེ་གནས་ཟེར་བ་དེར་སླེབས། དེར་ནི་སྔར་དང་མི་འདྲ་བར་སྟེང་ཤོད་བར་གསུམ་ཚང་མ་ནད་པ་ཡིན་མིན་འདྲ་མིན་གྱིས་ཁེངས་ནས་འདུག་ལ་འོག་ཤོད་གཅིག་པུ་ལའང་མི་ལྔ་བརྒྱ་ཙམ་ཡོད་རེད་ཟེར། སྐབས་རེ་མར་ཐོན་འགྲོ་ཉན་གསུམ་བརྒྱ་བཞི་བརྒྱ་ཙམ་ཡོད་ནའང་ཡང་ཡར་ཡོང་མི་དེ་ལས་མང་བ་མེད་ནའང་ཉུང་བ་མེད་ཚོད་རེད། གཏོར་གཟུགས་མགྲོན་ཁང་མཚམས་ཀྱི་ལོགས་དབྱེའི་ས་ཚིགས་དང་བསྡུར་ན་མཐུད་སྒོ་གང་ཙམ་གྱིས་ཞན་པས་ཁང་པའི་སྒྲོམ་གཞི་ཙམ་ལས་ནང་དུ་མཚོན་སོགས་ཀྱིས་བརྒྱན་མེད་པ་མ་ཟད་གསང་སྤྱོད་དེ་ཚོ་ཡང་བཟོ་བཅོས་ཡག་པོ་བྱུང་མེད་པས་ཅིན་པ་དང་ཆུ་ཐོག་རྩེགས་འོག་ཏུ་ཟག་ཡོང་གི་ཡོད་པས་གསང་སྤྱོད་གཙང་སེལ་བྱེད་རྒྱུར་དཀའ་ཁག་ཆེན་པོ་འདུག ད་དུང་དེར་ཉེན་རྟོག་པ་དང་དང་བླངས་པ་དེ་འདྲ་མཐོང་ཆོས་སུ་མ་གྱུར་བས་ནད་པའི་ཁ་ལག་ཚང་མ་ཐོག་རྩེགས་ལྔ་དྲུག་བར་ང་ཚོ་གད་པ་ཚོས་སྐྱེལ་དགོས་པས་གཙང་སྦྲ་བྱེད་དགོས་པ་ལས་ཀྱང་དཀའ་ཁག་ཆེ་བ་བྱུང་། སྐབས་རེ་ནད་པ་ཚོ་འུར་ནས་ཁ་ལག་སོ་སོས་རང་འཚམ་གྱིས་ཁྱེར་ནས་ནད་པ་མང་པོར་ཁ་ལག་མ་རག་པ་མ་ཟད་ང་ཚོ་གད་པ་གཅིག་ཅོག་གི་ཁ་ལག་སྐྱེལ་མི་ཚོ་ལའང་རག་གི་མིན་འདུག

ཁ་ལག་གི་དོན་དུ་ནད་པ་ཚོས་ཚིག་ངན་སྨྲ་བ་ཙམ་མ་ཟད་འགའ་ཞིག་གིས་ལག་པ་མི་འགུལ་བའི་ངེས་པའང་མིན་འདུག དེ་ནས་ཁ་ལག་སྐྱེལ་མི་སོགས་ཀྱི་ཆེད་གོང་རིམ་ནས་དེར་ཡོད་ནད་པའི་ནང་ནས་འདིར་ལས་ཀ་བྱེད་མི་ཡོད་ན་གླ་ཆ་ཡོད་པས་ཐོ་བཀོད་ལ་ཤོག་ཟེར་བས་ལས་མི་བརྒྱ་ཙམ་བྱུང་ཟེར། དེར་སྨན་པའང་མང་པོ་མི་འདུག་ལ་ཁོ་ཚོའི་སྦྱིན་ཡས་ཀྱི་སྨན་གང་འཚམས་ཤིག་ཀྱང་བོར་བ་གོ་ཐོས་འདུག ད་ནི་ང་ཚོ་ཁ་ལག་སྐྱེལ་བར་རོགས་པ་ཙམ་ལས་གཙོ་བོ་གཙང་སྦྲ་བྱེད་དགོས་པ་དེ་ཡིན་ཡང་བཀག་རྒྱ་བསྡམས་ནས་ཉིན་ཞག་སུམ་བཅུ་ལྷག་ཙམ་སོང་ཟིན་པས་སེམས་གཏིང་ནས་སུན་སྣང་ཞིག་སྐྱེས་ཏེ་ནད་ཡམས་ངན་པ་འདི་མགྱོགས་ནས་མྱུར་དུ་ཞི་བར་ཤོག་ཅིག་སྙམ་པའི་སྨོན་ལམ་ཡང་ངང་གིས་འཆོར།།
__________________________༢༠༢༢ / ༩ / ༡༤ ཉིན།

པོད་འཕྲིན་ནང་དུ་བོད་ཡིག་སྤེལ་ཐུབ་ནའང་མང་པོ་ཞིག་གིས་མི་སྤེལ་བ་ཅིའི་ཕྱིར་ཡིན།མང་པོ་ཞིག་ལ་བརྡ་འཕྲོད་ཕྱིར་དུ་ཡིན་ན་བོད་ཡིག་དང་ཡིག་རིགས་དེ་ཚོ་ལྷན་ཏུ་སྤེལ་ན་ཆོག་གི་འདུག

མདོར་ན་ལས་འབྲས་རྣམ་གཞག་རྒྱལ་བས་གསུངས།།
ཀྱེ་མ་ཀྱེ་ཧུད་འཁོར་བའི་སེམས་ཅན་རྣམས།།
རྒྱུ་འབྲས་གནད་ལ་དྲན་དང་བག་ཡོད་མཛོད།།
རང་གིས་རང་ཉིད་བསླུས་ན་སུ་ཡིས་སྐྱོབས།།


发布     👍 0 举报 写留言 🖊   
✋热门推荐
  • 如有组织和个人也愿意提供物品参与进来也可以联系@晴晴的枕头 ,只为可以购买跟多专辑,欢迎各大企事业单位洽谈!(周边费用将由本人承担,不扣除大家累计的购买专辑金
  • 。开始他们都不愿意拍,小男孩小女孩们格外的腼腆害羞,我靠近,邀请他们一起拍照都会跑开,嘴里含糊着“嗯...”我知道是在拒绝。
  • 据了解,天通科技园项目由昌发展负责改造运营,总体规模达20万平方米,依托外部的大型青年居住配套、文化艺术中心、体育馆、华联商场等公共配套和园区内部规划的人才公寓
  • 霍氏集团总裁的老婆去世后,有人发现他从良了,不再沾花惹草,诚诚恳恳的带着儿子过日子。 直到有一天,他新聘请的家庭医生上了门。
  • 团友们看着我在前面甜甜就一个人在后头跟着不哭不闹不娇气都说我们放养得好事实上在带团的时候我也没有太多时间可以把她照顾得很周全就随着她在大草原上玩还好她也可以自娱
  • 《使命召唤》手游国内版是一款由动视和腾讯联合推出的大型多人在线第一人称射击类手游,此前已于 5 月 6 日开启预约。#使命召唤手游# 官宣将于 12 月正式上线
  • 艺术的魅力不管场下有多少人,只要登上台演出就一定要唱完,虽然唱一半下大雨了,好多人都回去了,场下只坐着我和我妈还有几个人,最后我爸把车开进来我坐在车里看,雨停了
  • 另外一个问题,我是觉得如果是同性之间那么区分“恋爱的喜欢”与否真的太重要了,祝题主能找到新的幸福拉让我们一起成为更好的人吧,成为彼此的骄傲,然后在最好的时间里再
  • [牛哞哞]在自己热爱的日子里熠熠生辉~上午的粥,下午的面感谢每一次宝贝的捧场不管做什么都喜欢吃[牛牛哒]小区被日常三问:1⃣️你怎么那么瘦2⃣️她奶怎么不来3⃣
  • 加强与职能部门的沟通联系,实行县镇村三级联动,落实属地管理工作责任,强化信息互通,共同做好生态环境保护工作。2021年7月,潮汕生物科研教育基地在空港区发展和改
  • 涧水之地牛山高,昆仑在我若尘埃!我是玉皇香案吏,谪居犹得住蓬莱。
  •   迪奥克诺说,「我们相信,这些显示美元/比索汇率急剧下降的软件在来源中出现了错误。那一目标已经被下调了好几次,最后一次是百分之六点五至百分之七点五。
  • #每日一善[超话]##每日一善# ✨#阳光信用# “你是照亮漫长黑夜的太阳,让黑暗里的我第一次看见光亮,当你的视线聚焦着我放我在世界中央,是你用拥抱告诉我生命不
  • 從小 爸爸很愛乒乓球他說 看咱們中國人打乒乓球比賽 爽氣尤記得王皓的年代 那些意難平許昕這麼多年來 感覺得到他心中的不甘一個球員 為了國家 放棄自己的單打冠軍我
  • !今天也在咒骂lofter………为什么啊,为什么啊,为什么要把空格也算进去啊我分明才写4w5!
  • 本书与《窗边的小豆豆》《你想活出怎样的人生》共同入选日本小学生推荐读物。本书与《窗边的小豆豆》《你想活出怎样的人生》共同入选日本小学生推荐读物。
  • 成都一举获得“国际化高质量发展环境建设标杆城市”和“高质量发展改革创新十佳城市”两个奖项。成都一举获得“国际化高质量发展环境建设标杆城市”和“高质量发展改革创新
  • 杭州相亲-高颜值 ,性格极好的长腿暖男基本资料出生年份:1995身高体重:183cm 65kg宗教信仰:佛 对对方无要求 文化程度:大专工作年薪:创业 20w+
  • 3⃣️黎家冲浪鱼这道菜也是店里的特色,用的是罗非鱼不但十分肥美,而且味道要鲜美许多。人均消费:95元/人三亚旅游|三亚旅游攻略|三亚美食|三亚美食攻略|三亚自由
  • 也知道最暖的情话真的不是我会爱你一辈子、而是那句(没事、有我在,)性格强势的自己、容不得身边人搬弄是非.就算与小圈子树敌.就算半夜乱想到很无助、就算没有朋友、我