༈ མདང་དགོང་མཚན་ལ་ཨ་རྨོ་གློ་གསུད་མང་ཙམ་བརྒྱབ་སོང་། ཕྲན་བུ་ནི་སྐམ་གློ་ཅུང་ཟད་ལུ་བ་ལས་གཞན་དྲག་ཟིན་འདུག གཉིད་སད་ཙམ་ན་ཁ་སྤྲོད་ཀྱི་ཁང་པའི་ནང་བཞུགས་པའི་ཨ་ཅག་ལགས་དེས། རྨོ་བོ་ལགས་མདང་དགོང་གློ་ཞེ་པོ་བརྒྱབ་སོང་གློ་སྨན་འདི་མཆོད་གནང་དང་ཞེས་གློ་སྨན་ཞིག་ཕུལ་སོང་། དེ་ནི་ཁ་སང་གོང་ནས་སློང་པ་ཞིག་རེད། ངོ་མ་མི་རྒན་པ་རྣམས་སེམས་རྩ་འཁོལ་པོ་འདུག དོན་དུ་བསྙེན་བཀུར་ང་རང་གིས་ཞུ་དགོས་མོད། ངེད་ནི་མི་ལ་སེམས་ཁུར་བྱེད་མི་ཤེས་ཤིང་བསྙེན་བཀུར་མེད་པ་ཞིག་ཡིན་པས་ཁོང་ལ་ཕན་ཐོགས་མ་སོང་། དེ་ནས་ཤོད་དུ་གད་སྙིགས་བླུག་རོགས་སུ་ཕྱིན་པས་ཕལ་ཆེར་འབྲས་ཚལ་དང་མན་པའོ་སྒོ་ང་ལ་སོགས་པའི་ཟས་ལྷག་དང་འགྱིག་ཤོག་ཤ་སྟག་རེད་འདུག སྤྱིར་འཕྲོ་བརླག་གཏོང་རྒྱུ་འདི་འདྲ་ཞིག་ཡོད་པ་ཡང་སྐལ་བ་བཟང་པོ་ཡིན་ཤས་ཆེ། འོན་ཀྱང་། མི་སོ་སོའི་གཟུགས་པོའི་གནས་ཚུལ་དང་དགའ་ས་འཁྱེར་ཕྱོགས་སོགས་རྣམ་པར་ཐ་དད་དུ་སོང་གཤིས། ཀུན་གྱིས་ཟ་རུང་བ་དང་ཟ་འདོད་པ་འབའ་ཞིག་ཡིན་མི་སྲིད། དེས་ཀྱང་ཟས་ལྷག་རབ་ཏུ་འཕེལ་བར་ངེས་སྙམ་ཞིང་། སེམས་ཅན་གྱི་ཁམས་དང་མོས་པ་མཐའ་ཡས་པ་ཇི་བཞིན་ལུས་ཀྱི་གནས་ཚུལ་ཡང་ཤིན་ཏུ་ནས་ཐ་དད་པས། ནད་ཀྱི་མིང་གཅིག་ཀྱང་གསོ་ཚུལ་གཅིག་ཏུ་ག་ལ་ངེས་སྙམ་པ་ཞིག་བྱུང་། སྤྱིར་མཚན་ཉིད་རིག་པའི་བསམ་སྟངས་ཀྱི་ངོས་ནས་བལྟས་ན། ནད་གཅིག་ཀྱང་གསོ་བྱ་མི་རེ་ངོ་རེའི་ཐུན་མོང་མ་ཡིན་པའི་ལུས་སེམས་ཀྱི་གནས་སྟངས་ལ་གཞིགས་ནས་གསོ་བཅོས་ཁྱད་པར་བ་རེ་མཛད་དགོས་པ་ལྟ་བུར་འདུག་མོད། ཚན་རིག་དང་གསོ་རིག་གི་ལག་ལེན་ཁྲོད་ན་དེ་ཉིད་དཀའ་གནད་ཅིག་ཡིན་པ་འདྲ། ལར་བྱེ་བྲག་ཀུན་ལ་ཁྱབ་པའི་སྤྱི་གཅིག་ཏུ་རྟོག་པས་བཏགས་པ་ཙམ་ལས་དོན་ལ་མི་གནས་ཤིང་། བྱེ་བྲག་རྣམས་སྤྱི་གཅིག་གི་རྗེས་སུ་འགྲོ་བ་ཡང་བློས་རྗེས་སུ་བཏང་གི་དོན་གྱིས་རྗེས་སུ་སོང་བ་ག་ལ་ཡིན་སྙམ། མདོར་ན། མཚན་ཉིད་རིག་པ་དང་ཚན་རིག་དབར་གྱི་གྲོག་རོང་ཆེན་པོ་ཞིག་འདི་ན་འདུག་གོ །གད་སྙིགས་བླུགས་ཚར་རྗེས་སོ་འཁྲུད་སོ་སྨན་སོགས་བསྐྱལ་རོགས་གྱིས་གསུངས་པ་ལྟར་ཞུས། མཁོ་ཆས་སྤྲོད་མཁན་ནི་ནམ་རྒྱུན་ཞལ་ལག་སྤྲོད་མཁན་རྣམས་རེད། དོན་དུ་ཁོང་རྣམས་ཀྱང་སྒྲིག་འཛུགས་བྱེད་པར་མི་མཁས་པར་འདུག་སྟེ་སྐུ་ལས་ཁག་པས་ཡིན་ནམ། ཉམས་མྱོང་གིས་དབེན་པས་ཡིན། ཡང་ན་དེ་ནི་ངེད་ཅག་གི་འགོ་ཁྲིད་རྣམ་པའི་གཤིས་ལུགས་ཡིན་ཆ་མ་འཚལ། འཆར་གཞི་དང་རྩིས་ལེགས་པར་བརྒྱབ་ནས་ཅ་དངོས་དེ་དག་སྤྲད་ཚེ་ཀུན་ལ་མི་འདང་བའི་སེམས་ཁྲལ་མི་འདུག་མོད། ཁ་བདེ་བ་དང་། རུ་གྱོང་བ་དང་། རྣམ་འགྱུར་གྲང་བ་རྣམས་ལ་ཐོལ་པ་རག་སོང་ལ། ལྟོས་བཅས་ཀྱིས་བླ་མ་དཀོན་མཆོག་རྣམས་ལ་རང་སྐལ་ཡང་རག་མ་སོང་།
འགའ་ཞིག་ཅ་ལག་ཆུང་ཙག་རེ་ལའང་གསོག་འཇོག་ཤིན་ཏུ་ནས་ཆེ་སྟེ། འགྱིག་ཤོག་རྐང་རེ་ཡང་ཐར་པར་མི་གཏོང་སྟེ་མིག་བཙུམ་ནས་སུ་ཐོབ་རྒྱག་གིན་འདུག
ཅ་ལག་ཙག་ཙིག་དག་ལ་འཛིན་ཆགས་འདི་འདྲའི་ཆེ་ཚུལ་ལ་བལྟས་ན་ཁོང་རྣམ་པས་ཁྱིམ་ཐབ་ལེགས་པོ་ཞིག་བསྐྱངས་ཡོད་ངེས་སྙམ་པ་ཡང་བྱུང་། ང་ནི་རང་མགོ་མ་ཐོན་པའི་བུ་ཕྲུག་ཅིག་ཡིན། རང་ཉིད་ཀྱི་བསམ་སྟངས་འཁྱེར་སོའི་དོན་དུ་ལྟོ་གོས་གཏམ་གསུམ་བཏང་ནས་ཕ་མར་ཐུགས་ཁྲལ་བཟོ་མཁན་ཞིག་ཏུ་གྱུར་ཡོད། ད་བར་རང་ཉིད་ཀྱི་དགའ་ཕྱོགས་རྩ་བའི་རྩེ་རུ་བཟུང་ནས་ཕ་མའི་ཐུགས་དང་བསྟུན་ཞིང་དེའི་དབང་དུ་བཏང་ནས་ལས་ལ་འཇུག་མ་མྱོང་བ་ཡང་རང་ཤེད་ཚ་པོ་ཡིན་སྣང་ཤར། དེ་ཡང་། ལ་ལས་ཁ་སང་ཉིན་གུང་གི་ཁ་ལག་སྐོར་དེ་འགའ་ཞིག་གིས་ཁྱུག་དབྱིངས་(抖音)ནང་སྐུར་འདུག ལག་པ་རིང་ང་ལ། སུ་ཡིན་ན་སྡུག་པ་ལ་ཨང་ཞེས་སོགས་ཟེར་ཞིང་དེའི་རྐྱེན་ལས་རང་ཉིད་སྡུག་ལ་སྦྱར་ཡོང་སྙམ་ནས་སེམས་ཁྲལ་གནང་བཞིན་པ་བལ་པོའི་སེའུ་མ་ཟོས་ཀྱང་ཁ་དོག་ཉིད་ལས་བྲོ་བ་ཤེས་ཟེར་བ་རང་དུ་སྣང་ངོ་། །མང་མང་ཚོགས་སུ་དཔའ་ཞིང་དྲང་པོའི་ཚུལ་འཛིན་ཅིང་ངར་ངར་ཤོར་ཤོར་མཛད་མོད། གཅིག་པུར་སྤྱོད་པའམ་རང་གི་མགོ་ཐོག་ལ་བབས་ཚེ་ཤིན་ཏུ་ནས་འདར་ཞིང་ཞུམ་ལ་ཁ་ཞེ་མི་མཐུན་པ་དང་། བརྒྱབ་མདུན་མི་མཚུངས་པར་ང་རང་གིས་དངོས་སུ་མཐོང་ངོ་། །མདོར་ན། རོལ་ཆ་མཉམ་དཀྲོལ་གཏོང་དུས་ང་ཤོར་ཁོ་ཤོར་བྱེད་ཅིང་། རོལ་ཆ་རྐྱང་དཀྲོལ་གཏོང་དུས་ང་མིན་ཁོ་མིན་གྱི་བསམ་པ་དང་ལྡན་པ་མི་ཕལ་ཆེ་ཡི་གཤིས་ལུགས་སུ་སྣང་ངོ་། །དེའི་ཚེ་《我的哲学之师叔本华》ཞེས་པའི་དཔེ་ཆ་དེ་ངེད་ཀྱི་སེམས་ལ་ཡང་ཡང་དྲན། ད་ཆ་མི་ཕལ་ཆེས་སེམས་ཁུར་བྱེད་བཞིན་པ་ནི་ཉིང་སྐྱུར་བརྟག་དཔྱད་ག་དུས་བྱེད་མིན་དེ་རེད་འདུག ཁོ་ཚོའི་སེམས་སུ་ལྗང་ཁུ་ཆགས་ན་ཁྱིམ་དུ་ལོག་རྒྱུ་ཡོད་པའི་ངོས་འཛིན་གནང་གི་འདུག་ལ། དེའི་ཁར་སྒྲོམ་ཚང་དུ་ཉིན་རེར་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་བྱེད་ཚུལ་ཐོས་པས་ཀྱང་ཡིན་པ་འདྲ། འདིར་སླེབས་ནས་ཉིན་བདུན་འགོར་ཞིང་ཟླ་9ཚེས་10ཉིན་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་བྱས་རྗེས་ད་བར་བྱས་མ་སོང་། འདིར་འཇོག་དགོས་པའི་དམིགས་ཡུལ་གང་ཡིན་ད་དུང་མ་ངེས། བཞག་ནས་ཀྱང་དགོས་པ་ཅི་ཞིག་མཆིས་པ་གསལ་ཆ་མ་མཆིས།

༈ །གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །
索瓦得索喇玛仁布切
至诚祈请尊贵上师宝。
གདུང་བས་འབོད་དོ་དྲིན་ཅན་ཆོས་ཀྱི་རྗེ། །
懂味补托沉钦确给吉
悲切呼求具恩之法王。
སྐལ་མེད་བདག་ལ་རེ་ས་ཁྱེད་ལས་མེད། །
格美达拉热萨切拉美。
自身不堪非尊无所依。
ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས།།
图意义美止巴钦克洛。
师心合一无别祈加持。

ལྕེ་བཙུན་ཆེན་པོ་སེང་གེ་དབང་ཕྱུག་མཐར་སྒྱུ་ལུས་འོད་ཕུང་དུ་གཤེགས་ཁར་མགུར་འདི་གསུངས།
༄༅༈ ཨེ་མ་སྨྱོན་པ་སེང་དབང་ང༔
ལས་ཀྱི་རླུང་ཟད་ཡེ་ཤེས་རྒྱས༔
མ་རིག་སྒོ་ངའི་སྦུབས་ལས་གྲོལ༔
རང་རིག་འོད་གསལ་སྦུབས་སུ་ཞུགས༔
སྒོ་གསུམ་གྱི་འཁྲུལ་པ་ཞིག་ཙ་ན༔
འཁྲུལ་གཞི་ཐམས་ཅད་ཡ་རེ་ཆ༔
འཁྲུལ་སྣང་གི་མདུད་པ་ཆོད་ཙ་ན༔
སེམས་འཛིན་ཟེར་བ་ཐང་རེ་ཆད༔
འཁྲུལ་པ་ཡེ་ཤེས་སུ་ཤར་ཙ་ན༔
དག་སྣང་ཐམས་ཅད་བསླུ་བའི་ཆོས༔
ཐམས་ཅད་དབྱིངས་སུ་ཐིམ་ཙ་ན༔
ཅི་ཡང་མ་ཡིན་ཅིར་ཡང་འཆར༔
ཨེ་མ་ཨེ་མ་དམ་པའི་སྐུ་དྲིན་ལགས༔
ཨེ་མ་འདའ་ཀའི་ཚིག་འདི་སྙིང་པོའི་དོན༔
སྙིང་ཕྱུག་ལག་མཐིལ་བཞག་པ་འདི་ལས་མེད༔
ཚིག་གི་མཐའ་མ་དུས་མཐར་སྣང་བར་ཤོག༔
ཟག་པ་རང་ཟད་འབྱུང་བ་རང་སར་དེངས༔
དྲན་པ་རང་གྲོལ་ཟང་ཐལ་འོད་ཀྱི་ལུས༔
སེང་གེ་དབང་ཕྱུག་ཉིད་དང་མཉམ་པར་ཤོག༔
[合十][合十][合十]


发布     👍 0 举报 写留言 🖊   
✋热门推荐
  • ”“你出现在我的世界里,我的生活变得多彩有趣,你对我所说的,所做的如今都历历在目,我……”他紧紧地抱住了我,我一时间忘了要说什么。”“爸,我之所以留恋这个地方啊
  • 今天是你的生日!星星陪着月亮,微风摇拽着生日蛋糕上的烛光,让我们一同为你唱着生日的歌:“祝你生日快乐!
  • 希望九个月的努力后,我能如愿收到理想大学的录取通知书,和你好好的正向双向奔赴[心](对了,告诉你一个秘密,我和你是同一天生日哦,而且我爸爸特喜欢叫我多多,真的好
  • 就凭着简简单单的三个字,就让我久久心动[心]上学时期的我甚是想你,一定要好好照顾自己,减肥减的太瘦了,换季要多喝水多穿衣服,我相信我们会见面的!优惠下来每箱至少
  • 以团结互助为荣、以损人利己为耻。以团结互助为荣、以损人利己为耻。
  • “班上20多个孩子,最大的7岁,最小的3岁,父母大多在外地打工,如果去乡上的幼儿园,孩子们要走10多里路……”一阵忙活,曾安文抬头眼望前方,嘴里不由喃喃地说。”
  • #网络话语暴力#微议三via言谏: 互联网时代,人类既可以轻松地躺在床上,又可以随时蜂拥到信息高速公路上,一个宽广无边的群体行动开始了。每一个下午我都长久地徜徉
  • 相貌圆满”和“相貌丑陋”的因果!(宣化上人) 人人都欢喜相貌圆满,不欢喜丑陋,可是人做事情就不做圆满的事情,尽做丑陋的事情。为什么人的相貌丑陋了?就因为人尽做
  • 有的人做图,有的人刑侦,还有啥都不懂每天都在到处问什么糖的人,那是我最快乐的一段时光,以至于那段时光成为我能够一直坚守下来的一个重要原因。那个时候我知道我有千万
  • 我的评分:[星星][星星][星星][星星][星星]特别震撼,真实感特别强,声临其境,演员们演技特别特别棒,演员王俊凯饰演的成朗带来不一样的体验,以前对撤侨的概
  • 有本事是一回事,能否成功是另外一回事,得看你选择什么样的环境,跟哪些人在一起,能否很好地应对周围的冲突,如何赢得足够的支持,要多和成功的人交友,借鉴他们的方法;
  • 邪神玄襄,无意发动战乱,于是计都星君,便让喜欢自己的陶紫炁仙子,去蛊惑诱骗玄襄,而爱上了陶紫炁的玄襄,痛恨天条断情的不公,便掀起了仙魔大战。后来计都星君来到了忘
  • 上午文字直播就到这里,这是上午最后一个帖子,我今天明确发出了逃顶提醒,虽然指数没有下跌,我们规避风险但却没有看到实质性的风险释放,相信大家都在默默的等待检验的那
  • 注意上旬发生在天蝎座命宫的新月,会让你们开始进行对自我的深刻思考,部分人可能会有新的人生规划和决定。可以预见的,接下来还是面临着猝死的高风险,更糟的是没有治愈的
  • #法考[超话]##法考[超话]#看我的简介,[打call]就能找到我啦 ​ ​​​ 2022法考各大机构内部强化班全面开更! ​​​OK fine 来更新#小
  • 沈阳市房产局否认 但多家房企证实确实要松绑  延伸阅读  经济日报:不必过度担心今冬能源供应  随着近期煤炭期现货价格大幅回落,加上发电供热企业煤源全面落实,电
  • 男方说,“嫌你能陪送的东西太少[摊手],不想谈了”。经常惹人生气就不说了,做事还一意孤行,都不跟对方商量,仅仅最后来个通知而已[允悲]比如我最近见到的这位。
  • 将君看着怀中打小呼的猫儿,轻笑道:“小家伙,看你到时候给本将生出个小冰山,还怎么藏~”在番茄小说可看:书名《小白猫很听话》短篇#沉香重华##杨紫成毅战损花絮还
  • #扫文# 《罪无可赦》by 形骸[星星][星星][半星]虽说是无CP 但总有点男男的擦边球 一开始塑造的还行 越到后来吴端的角色越女性化——我真是有点搞不懂这些
  • 无感者亦无怕者,自然悠久矣(这不巧了吗[哈哈])福不多享我就不说了,我儿生活方式多自律多不挑剔多简单大家都知道,jzbb的工作人员都说过。在本麻麻看来,都太极端