མི་ཚེ་ཐུང་ཐུང་འདི་། སོས་དལ་དལ་གྱིས་རོལ་ན་ཚར་འགྲོ་ལ། བྲེལ་འཚུབ་འཚུབ་ཀྱིས་འབད་ན་ཡང་རྫོགས་འགྲོ སྡུག་ཡུས་དང་མིག་ཆུ་ཡིས་བརླན་ཡང་རུང་། དཔའ་སྐད་དང་རྔུལ་ཁྲག་གིས་བཀྲུས་ཀྱང་ཆོག ཉག་ཕྲ་བའི་ཚེ་སྲོག་རེ་རེས། འཇིག་རྟེན་འདིར་ཨ་ལན་བསློག་སྟངས་ཁ་ཁ་སོ་སོ་ཙམ་རེད། མཐར་གཏུགས་ན་མཐོ་དམན་མཆོག་ཞན་གྱི་ས་མཚམས་ཞིག་འབྱེད་རྒྱུ་དཀའ་ཚོད་ཡིན།
མདོར་ན། ཁྱོད་རང་ཅིའི་ཕྱིར་འདུར་ཡང་ཆོག ཅི་ལྟར་གསོན་ཡང་རུང་། རང་གི་ཆེད་དུ་སྨྲེ་ངག་མ་འདོན། གཞན་གྱི་ཆེད་དུ་འཁྲབ་སྟོན་མ་གནང་། དགའ་ས་མོས་ས་དེའི་ཕྱོགས་ལ། སེམས་ཤུགས་དང་འཇོན་ནུས་ཡོད་རྒུ་རྩལ་སྤྲུགས་གནང་རོགས། འདོད་དོན་ཡིད་བཞིན་འགྲུབ་པ་སྲིད་མཐའ་ཙམ་ཡིན་ཡང་། འགྱོད་པ་དང་ཕངས་སེམས་མེད་པ་ཞིག་བྱུང་ན་ཆོག་སྙམ། ཐ་ན་དེ་ནི་འོ་སྐོལ་འཚོ་གནས་ཀྱི་སྙིང་བོ་ཉག་ཅིག་ཀྱང་ངོ་།།[月亮]

གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཅིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་གསུངས་སོ། །

གངས་སྐར་ཞིག་གཟིམ་པ།

*གངས་ཡིག

ཁྱོད་ཕེབས་དུས་
ཉི་ཟླ་ལ་གསལ་ཆ་མི་འདུག་ལ་
འཇིན་རྟེན་གྱི་དཀར་ཆ་ཐ་དག

ནག་པོར་གྱུར་ཟིན་འདུག

ཁྱོད་ཕེབས་དུས་
སྙིང་སྟོབས་དང་སྤོབས་པས་འགྱིང་པའི་
དབྱངས་གསལ་སོ་བཞིས་ང་རོ་སྒྲོག་ཀྱང་

གངས་རིའི་སྨྱུག་རྩེ་དིག་ཚར་འདུག

ཁྱོད་ཕེབས་དུས་
ཁུ་སིམ་མེར་བཞུགས་པའི་ས་ཆེན་གྱིས་
སྐྱོ་གདུང་དང་ངུ་འབོད་ཁོ་ནས་

ཁྱོད་ལ་སྐྱེལ་མ་བྱེད་བཞིན་འདུག
མ་རེད་

ཁྱེད་བློ་བདེ་མོར་ཕེབས་དང་ཆོག
གངས་རི་བ་དག་གིས་དུ་རྐང་ཅིག་མེ་རུ་སྒྲོན་ཏེ་
ཆང་དམ་གང་ཧུབ་ཀྱིས་རྔུབ་སྟེ་
དབྱངས་གསལ་གྱི་རོལ་དབྱངས་སྙན་མོ་ཁྱོད་ལ་སྐྱེལ་མ་བྱེད་ཀྱིན་འདུག

༢༠༢༢/༩/༢༡ཉིན་སྙན་ངག་པ་གཅན་མེ་སྟག་ལགས་ལ་གཤེགས་པའི་གཏམ་ངན་ཐོས་ཕྲལ་ཤར་མར་བྲིས།


发布     👍 0 举报 写留言 🖊   
✋热门推荐
  • 共号自由度高都好商量(抽卡洗命盘之类的你来都行,我相当于半退游只有些细节商量一下)比较难凹的关可以我来,季卡一定会氪,地宫看情况,你喜欢的话我不怎么玩的这几个月
  • 袁思意霍砚舟《袁思意霍砚舟》(最新章节无弹窗)小说全文阅读笔趣阁2D'2m%} ?书名:《袁思意霍砚舟》袁思意霍砚舟 ?主角:袁思意霍砚舟 (荃芠✙➤ ccck
  • 后来才发现,林深时雾起,不知归处,海蓝时浪涌,望而却步,梦醒时夜续,惊慌失措,不见鹿不见鲸,亦不见你,年少时春风得意马蹄疾,不信人间有别离,多年后才明白,风月无
  • 如果预算再高一点,可以选择百年灵的这款AB0138241C1P1,推荐理由是搭载B01计时机芯,和帝舵的MT5813机芯是共用的,并且在劳力士、欧米茄、百年灵这
  • 李帝努:参考黄仁俊,他认为一切都是为了事业服务,其他可以暂缓钟辰乐:他属于反复横跳的类型,有时候认为这是ok的有时候又觉得离谱,但是本质上他未来到某个阶段就会渴
  • 8、终有一天你会静下心来,像个局外人一样回顾自己的故事,然后笑着摇摇头,浮生不过梦一场,一切皆过眼云烟,努力了,尽心了,珍惜了,得失看淡,就问心无愧,坦然前行,
  • 中文一直在进化1.以前叫拍马屁,现在叫提供情绪价值2.以前叫生闷气,现在叫精神内耗3.以前叫傍大款,现在叫向上社交4.以前叫换个工作,现在叫换下赛道5.以前叫没
  • 专注精品规格:27.5x19x4cm 顶级版本男款38-45(46属于定做码,不予退换) VirgilAbloh向篮球鞋设计汲取灵感,推出标志性LVTra
  • 一想到可能有3h的采访,我的胃和腰感觉要受不了,昨天无奈喝酒回去都吐了两口血,胸口以下都处在难受的状态,但凡能撑下去,也不会想到休息……(以后还是要爱惜自己,勇
  • 当你离腕表越近就越会被它的魅力所吸引,慢慢的你大部分业余时间都放在了有关钟表的研究上,阅读有关钟表的故事、品牌的历史、腕表的变迁,泡在各个钟表论坛中欣赏别的人作
  • 资质平平但是后天勤学苦练的那种类型,因为反应力比较差,做事情喜欢提前安排布置做好准备,一旦计划被打乱就会变得措手不及但是又很好强明明吃瘪了还要很不屑地发出啧的一
  • 得病是情绪不能化解的原因,能化解自己的情绪的人都是狠人,有智慧的狠人。遇到事情,总把别人的错误用来惩罚自己,这就是不够爱自己的表现,让自己生气,不开心,所以才得
  • 正??品??图 24C早春度假的活力 这季真的有太多小可爱了\t活力满满的一季 超好看的星星包 款号AS4579 尺寸22.5-22.5-6 全套包装
  • [心][給力][威武][威武][給力][給力][威武]林俊杰《生生》官方版要說這幾天裡自己的睡眠總是那麽的翻來覆去思緒萬千似乎沒有一點睡意,自己失去愛犬到今天已
  • 对比后发现,虽然拼多多的营收比阿里、京东少了几倍,但净利润却是阿里的94.46倍,是京东的9.75倍,差距真的太大了,只能说拼多多太猛了,超过三分之一的营收是净
  • 不管5500元月薪在上海怎么生活下去的问题,擦边就得举报。99年的小姐姐可以跳舞做副业:80后的中年大叔怎么办?
  • 好看啊 [心][心]最后一集也太奈斯了吧看到最后25集我准备二刷再来一遍,[doge][doge] 好帅气给我冲 好好看 应该也很带感我好爱双手奉上!所有的难过
  • 这世上根本不存在感同身受,只因你给的嬉笑太盛,无人在意你的心酸认真,所以别傻傻的摊开伤口向别人诉苦,这世上多的是撒盐的人, ​已经看完20集啦[doge][do
  • 你要知道贵州茅台一季度的利润也不过240亿元,就这样被拼多多轻松超越了。亚马逊创始人贝索斯说过,消费者永远想要两点:便宜的价格,快速的派送。
  • 双子座月的主题总的来说,本月是带着一种“积蓄过的生活资本和经验、会如何准备好拓展我们的生活范围和视野;或见过的世面,如何应用在生活中发生真实改变与提升”的主题—