ནམ་ཟླ་སྟོན་ཁ་ཚེས་སོང་། །
གྲང་ངར་དལ་གྱིས་སླེབས་སོང་། །
དབྱར་གསུམ་སྐྱིད་ཀྱི་མཛེས་སྡུག།
སྐད་ཅིག་འཇའ་ལྟར་ཡལ་སོང་། །

དེ་འདྲ་ཨེ་ཡིན་བསམ་ནས། །
རྨི་ལམ་ཡིན་ན་སྙམ་སོང་། །
དུས་ཀྱི་རྒྱལ་མོའི་ཆོས་ཉིད། །
དེ་འདྲ་མགྱོགས་པ་རེད་བཞག།

འུ་ཚོའི་ཅི་ཞིག་ཆེད་དུ། །
འབད་ཅིང་རྩོལ་བ་གནང་ཡང་། །
ལོ་ཟླ་ཆུ་བོའི་བཞུར་རྒྱུན། །
འདི་ལྟར་ངང་ནས་བཞུར་སོང་། །

ཐོབ་པའི་འབྲས་བུ་ཟེར་ཡང་། །
དྲེད་ཀྱིས་ཕྱི་བ་བརྐོས་འདྲ། །
དགའ་སྐྱོ་འདྲེས་པའི་འཚོ་བ། །
སོ་སོའི་འདི་ལྟར་མྱངས་སོང་། །

བསམ་གཞིག་རེ་རེའི་ངང་དང་། །
ཕྱིར་དྲན་རེ་རེའི་ཀློང་ནས། །
འུ་ཚོའི་འདི་ལྟར་དཔྱད་ཡོད། །
འུ་ཚོའི་འདི་ལྟར་བསམ་ཡོད། །

ཐོབ་བྱ་མེད་པའི་མི་ཚེ། །
རྫོགས་མཐའ་མེད་པའི་འཁོར་བ། །
འཕང་ལོ་འཁོར་བ་ནང་བཞིན། །
འུ་ཚོ་འདི་ལྟར་འཁོར་ཡོད། །

༢༠༢༢ -  ༩-༢༥ ཉིན་གྱི་དགོང་མོ་ངལ་གསོ་ཞིག་གི་དོད་དུ་འབྲིས་པའོ།

༈ འབུམ་ལྔ་གསོག་ཚུལ་མ་ནོར།



正确完成五十万加行的方式

༼སྤྱི་ལོ་༢༠༡༨ལོར་གསེར་ལྗོངས་བླ་མ་རུང་དུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཀུན་བཟང་བླ་མའི་ཞལ་ལུང་ཁྲིད་སྐབས་ཀྱི་གསུང་འཕྲོས། མཆན། ༽

( 注:2018年喇荣堪布慈诚罗珠(戒慧)讲解《普贤上师言教》引导时所说。)

འབུམ་ལྔ་ཟེར་བ་དེ་ཡང་དོན་དེ་ལ་ཞིབ་ཏུ་བསམས་ནས་འགྲོ་དགོས་པ་རེད་མ་གཏོགས། ཡམ་ཡོམ་ཞིག་གིས་འབུམ་ལྔ་ཚད་ལྡན་ཞིག་ཡོང་བ་མ་རེད།

“五十万加行”是要仔细思维它的含义而行,并不是简单草率地完成五十万的数量就可以。

འབུམ་ལྔ་ཟེར་བ་དེ་སྐྱབས་འགྲོ་ལྟ་བུ་ཞིག་ལ་མཚོན་ན་མི་རེས་འབུམ་ཐེར་རེ་གསོག་དགོས་པ་རེད། འོན་ཏེ་དེང་སང་མི་བརྒྱ་སྟོང་མང་པོ་ལྷན་དུ་འདུས་ནས་མི་རེས་གྲངས་ཉུང་ངུ་རེ་བཏོན་ཏེ་ལྷན་དུ་འབུམ་ལྔ་ཚང་སོང་ན། འབུམ་ལྔ་བསགས་པའི་གོ་ཆོད་པ་རེད་ཅེས་ཟེར་ཏེ་འབུམ་ལྔ་ཉིན་བཅུ་ཙམ་ལ་གསོག་ཆོག་པར་སྨྲ་བའི་འབུམ་ལྔ་གསོག་ཚུལ་ཕྱིན་ཅི་ལོག་པ་ཞིག་དར་གྱིན་འདུག དེ་ནི་ངོ་མ་རང་གིས་རང་ལ་མགོ་སྐོར་བ་རེད། དེ་ལྟར་ཟེར་མཁན་རྣམས་ཀྱིས་དེ་ལྟར་མ་ཟེར། གལ་སྲིད་མི་ཞིག་གིས་ཁྱོད་རང་ལ་དེ་ལྟར་ཟེར་ནའང་། དེ་ནི་བདེན་པ་མ་རེད་སྙམ་སྟེ་ཡིད་ཆེས་མ་བྱེད་མ་གཏོགས། དེ་ནི་འབུམ་ལྔ་གསོག་ཚུལ་ཚད་ལྡན་ཞིག་མིན་པ་སེམས་ཐག་གོར་མའི་རྡོ་རེད།

“五十万加行”中,以皈依为例而言,是要求每个人单独完成十万。但是现在,成百上千的人聚在一起,每个人念诵的数量很少,大家一起累计为五十万数,说这也是有效地圆满了五十万加行,说仅仅十天就可以完成五十万,这种五十万的积累方式,正是现在流行的一种颠倒方式。实际上,这是一种自我欺骗的做法。说这种话的人千万不可再如此说。如果有人对你这样说,心中要想:这种说法是不对的。不但不能信以为真,而且还要坚定地认为这并不是合格的积累五十万的方式。

སྤྱིར་ན་མི་མང་གིས་ལྷན་དུ་བཏོན་ན་དེའི་འབྲས་བུ་དེ་ཚང་མ་ལ་ཡོད་པ་ཨེ་རེད་ཟེར་ན། ཡོད་པ་རེད་ལ། དེ་མེད་པར་སུ་གཅིག་གིས་ཀྱང་བཤད་ཀྱི་ཡོད་པ་མ་རེད།

问:很多人一起念诵时,是不是大家全部都能得到它的果?
答:是的。谁也没说没有果。

འོ་ན་འགྲིག་མི་འདུག་གམ། དགོས་རྒྱུ་ངོ་མ་དེ་འབྲས་བུ་མ་ཡིན་ནམ་ཟེར་ན།

问:这样的话,是不合适吗?还是真正的所需并不是果呢?

འབུམ་ལྔ་གསོག་ཟེར་བ་དེ་ནི་མི་རེ་རེས་འབུམ་ལྔ་ཆ་ཚང་རེ་གསོག་དགོས་པ་རེད། དེ་ཡང་ཁ་ནས་ཚར་རེ་དང་འཕྲེང་རྡོག་རེ་བྱས་ནས་འདོན་དགོས་ཞེས་ཐོག་མ་ནས་གསུང་ཡོད་པ་རེད། དེ་ལས་ཀྱང་གལ་ཆེ་ཤོས་གཙོ་བོ་ནི་ཁ་ནས་འདོན་རྒྱུ་དེ་གཙོ་བོ་མིན་པར་དོན་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་རེད། ཁ་ནས་འདོན་པ་ནི་དེའི་དོན་དེ་མི་བརྗེད་པའི་རྟེན་ཙམ་རེད། གཙོ་བོ་ངོ་མའམ་དགོས་རྒྱུ་ངོ་མ་ནི་དེའི་དོན་དྲན་རྒྱུ་དེ་རེད་མ་གཏོགས། ཚིག་རྐྱང་པ་འབུམ་ཐེར་ཞིག་བསགས་ན་ཕན་ཡོན་ཡང་དེ་ཙམ་ལས། སྐྱབས་འགྲོའི་གོ་མི་ཆོད་སེམས་ཐག་གོར་མའི་རྡོ་རེད།

答:积累五十万加行,是要求每个人单独积累全部五十万数,同时嘴上念一次,手中念珠记一次数,要这样来念诵。这从一开始就说过了。而比这更重要的是,嘴上念诵并不是重点,重点是要思维其义。嘴上念诵,是以不忘记它的含义为基础。真正重要的,或真正所需的,是忆念它的含义。否则,单就文句积累十万数,功德也仅仅如此,而绝对不是有效的皈依。

དེས་ན་ཚིག་ནི་སྐྱབས་འགྲོ་མ་ཡིན་པར་དེའི་དོན་ལ་གསལ་འདེབས་བྱེད་ཙམ་ཡིན་པས་གཙོ་བོ་སེམས་ཐོག་ནས་སྐྱབས་འགྲོ་སྒོམ་དགོས་པ་རེད། སྐྱབས་འགྲོ་ནི་དམ་བཅའི་ལྕགས་ཀྱུ་གཉིས་དང་ལྡན་པ་ཞིག་དགོས་ལ། དམ་བཅའ་ནི་སེམས་ནང་ནས་འཇོག་དགོས་པ་ལས་ཁ་ནང་ནས་འཇོག་བཏུབ་པ་ཞིག་མ་རེད།

因此,文句并不是皈依,唯有观想其义才是,所以最重要的是要从心上来观修皈依。皈依要具足两种誓言铁钩,而誓言是从心上来安立的,并不是从嘴上安立的。

དེ་བས་རྣམ་པ་ཐམས་ཅད་ཀྱིས་སྐྱབས་སོགས་འབུམ་ལྔ་སླ་ཐབས་ཀྱིས་གསོག་ཁུལ་མ་བྱེད་མ་གཏོགས། རང་མགོ་རང་གིས་སྐོར་བ་ཡིན་པས་སྙིང་པོ་ཅི་ཡང་མི་འདུག

所以,不要所有人一起以这种简单方便来积累皈依等五十万数量,这只是自我欺骗,没有一点实际意义。

དེ་ལྟར་བྱེད་མཁན་གྱི་བླ་མ་ཁྱེད་ཅག་ལ་རྒྱུ་མཚན་ཨེ་ཡོད། གལ་སྲིད་ཡོད་ན་བཀའ་དང་བསྟན་བཅོས་གང་གི་ནང་དུ་གསུང་འདུག་ཁྱེར་ཤོག་དང་། ང་ཚོས་རྗེས་སུ་དེ་ལྟར་སླ་ཆོས་བྱེད། དེ་ཧ་ཅང་བཟང་པོ་རེད། འོན་ཏེ་རྒྱུ་མཚན་མེད་བཞིན་དུ་དེ་ལྟར་མ་བྱེད་རོགས་མ་གཏོགས་ལོག་ལམ་འབའ་ཞིག་ལས་མ་འདས་པ་རེད།

这样做的人,你们的上师有没有告诉你们这样做的依据?如果有的话,是哪个经论之中说的?请告诉我们,我们也随行这种简单易行的法,那实在太好了。但是,请勿毫无依据即这样做,否则只能滑入邪道而不得出。

སློབ་མ་སྨྱུག་གིས་དབུས་ལྷ་ལྡན་ཆོས་ཀྱི་ཞིང་ནས་དྲྭ་ལམ་བརྒྱུད་དེ་ཆོས་ཁྲིད་ཞུ་སྐབས་ཡི་གེར་ཕབ།

弟子从拉萨法苑通过网路听闻这个讲法时,记录成文字。

宁玛文殊-经典伏藏汉译 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།

འཐམ་འཁྱུད་ཐེངས་གཅིག་བྱ།

སོམས་དང་།
ལྷན་འཛོམས་ཐེངས་ཤིག་ལ་སོམས་དང་།
འུ་ཚོ་ལ་ལྷན་སྐྱེས་སུ་ཡོད་པའི་ཁེར་རྐྱང་ཐུན་གཅིག་ལ་སོམས་དང་།
ལོ་ཟླ་ག་ཙམ་གྱི་རྗེས་སུ་འུ་ཚོ་ངོ་ཐུག་མིན་ལ་སོམས་དང་།
ཡང་ན་འུ་ཚོ་དུས་ཡུན་ཅི་ཙམ་ལ་མཉམ་དུ་འཚོ་ཐུབ་མིན་ལ་སོམས་དང་།
ཁ་བྲལ་ཟིན་པ་དེ་དག་ལ་སོམས་དང་།
ནང་མི། ཤ་ཉེ།

སྤུན་ཟླ།

གྲོགས་པོ། ངོ་ཤེས།
འཐམ་འཁྱུད་ཐེངས་གཅིག་བྱོས་དང་།
ཧ་ཅང་ཡིད་གར་འོང་བའི་འཛུམ་ཞལ་དེ་ང་ལ་སྟོན་དང་།
འུ་ཚོ་ནི་ཅི་འདྲའི་སྙིང་ཉེ་བ་ལ།

སོམས་དང་།
གྱེས་བྲལ་ལན་གཅིག་གི་ན་ཟུག་དེ་སོམས་དང་།
ཡང་ན་ཁྱོད་ཀྱིས་སུ་ཞིག་ལ་གནང་མྱོང་བའི་བཅོས་མིན་གྱི་དགའ་བ་དེར་སོམས་དང་།
ནམ་ཞར་མ་ལགས་ཀྱི་ཞལ་ངོར་ཚེས་བའི་བུ་ཆུང་ལ་སོམས་དང་།
བརྩེ་བ་བླ་མེད་ཀྱི་ཕྱག་དྲོད་ཚ་བའི་སྐྱེས་ཆེན་ཚོར་སོམས་དང་།
ངོ་མི་ཤེས་བའི་མི། འབྲེལ་མེད་ཀྱི་མི།

བྱ་དང་བྱེའུ་སྦྲང་མ་སོགས།
མདོར་ན་སྙིང་ཉེ་བའི་ཚེ་སྲོག་ཚོ།
འཐམ་འཁྱུད་ཐེངས་གཅིག་བྱོས་དང་།
ང་ཚོ་ནི་ཧ་ཅང་སྙིང་ཉེ་བ་དེ་ཡིན་ཆོག

༢༠༢༢\༩\༢༤_ལ་སང་ཞོགས་ཀྱིས།


发布     👍 0 举报 写留言 🖊   
✋热门推荐
  • 我每次用它时,都会感受到它那薄如轻烟细腻的粉质,拍在脸上一秒柔焦,完全不会卡纹、斑驳,出门带它补妆,不论叠加几次,都没有明显的粉感,更不会破坏原本的底妆,玩一天
  • 我相信科学,我也有感情,我只想永远都能陪伴我的小猫咪夜店老王子具俊晔出师不利,湾湾首秀被取消了,泡菜老哥煮熟的鸭子飞了。姗一直坚持买进口粮喂它也导致这么多年它几
  • ”谈到景区打造完成后的规划,全贵女满脸喜悦地告诉记者,“我们家在路边,各种条件都还挺好,要是有人经营农家乐、茶楼啥的,我就出租。对此,曹先生说这是前业主留下的一
  • 售卖地点︰新八佰伴6楼「儿童专层」及NY8新八佰伴「儿童世界」查询电话︰+853 8791 8888 / +853 2885 3300【Nespresso粉囊咖
  • 這兩天在看滾石愛情故事,之前有看過演員表,但我都直接劃過,因為想留點懸念,每看一集的開頭就會知道這集的演員和講述哪首歌,就像是拆盲盒一樣(不是然後今天看的時候在
  • 期货开户首先是选择一个正规的有优势的公司 , 然后是期货手续费要低,另外有期货手续费返还更好。全国最好的当然是AA级期货公司了,使用CTP交易系统,下单不延
  • 【女嘉宾[心]2270号】出生年月/星座:1993.10 天秤户籍/现居:安徽黄山/杭州滨江身高体重:158/46学历职业:护士家庭婚姻:单身未婚,父母和弟弟,
  • 请大家关注爱在始终: 公众号《爱在始终》 视频号《爱在始终a》 抖音号《爱在始终》 微博号《爱在始终养老介护志愿者协会》 让我们一起来做一件有意义的事情,愿老人
  • 园子里龙沙宝石开了,花头大、枝条弱,看着蛮心疼,但没忍心剪下,只剪了两枝瑞典女王供在佛前。咳了一个多星期早上起来咳的胸疼加上昨晚夜里闹一晚上没睡实在难受跟她说妈
  • 你身边的都同你疏远了,其实这就是你周围扩大的开始。当你看不到希望,想要放弃的时候,再坚持一下,所有的努力都会有一个结果。
  • 从今往后,戒掉无用的抱怨,换成积极的改变,才能奔赴更美好的生活。更多时候,迫在眉睫的是眼前的日常,照常生活就是对世事无常最好的抵抗。
  • #日行一善[超话]##阳光信用# 时间,不一定能证明许多东西,但一定会看透许多东西。我想这些经历一定都是无法躲避的,哪怕如今能够选择逃避且“幸运”的躲过了一劫,
  • 正如泰戈尔的诗所写:“尽管走下去,不必逗留着,去采鲜花来保存,因为在这一路上,花自然会继续开放。正如泰戈尔的诗所写:“尽管走下去,不必逗留着,去采鲜花来保存,因
  • 很可惜我们无法探寻情侣们渐入心动的甜蜜日常,可能是少年一瞬心动就永远动心,也可能是柴米油盐拆不散的爱意,但玉川酒庄永远记得那些发生爱,见证爱的瞬间。据说,这里是
  • #COS[超话]# #cos正片[超话]# #尼尔:机械纪元# YoRHa No.2 Type B【结局A】flowers for m[A]chines“划分机
  • 余生的路那么长,不想让你一个人走,多杰会担心让你一个人走,你是那样的可爱又单纯,心底又是那样的善良,余生的路充满了未知,遇到比多杰好的,多杰会祝福我家云儿,要是
  • これからも皆を幸せにする事ができたらいいな”【能看见你和赞多是我最大的幸福[抱一抱]】#generations[超话]# 今晚[太开心]このあと21時〜は、「
  • 但数年下来憨厚诚实的海涛,竟为自己赚得数亿资产,如果说主持界的他,存在感弱到极致,那么在商界,海涛绝对可以称得上是一匹黑马。想必他对于新一年也是期待满满,但美中
  • 《莺歌儿》36 前文 ——♡ 《莺歌儿》36 莺歌儿是在第二天夜里醒的,迷迷糊糊睁了眼,借着屋里昏黄的光发了好一会愣
  • 大早上起来就不爽,不晓得是睡得不好还是姨妈要来了 [苦涩] 今天还遇到些意想不到的事儿,要么就是猫粮送到小区又又又找不到了、要么就是志愿者送上门半路把冻干弄掉了