࿐དཀའ་སྡུག་མྱང་མ་མྱོང་བ་དང་དབང་ཤེད་ཆེ་བའི་མིས། འཇིག་རྟེན་འདིའི་ཕྱོགས་གཅིག་རྟོགས་པ་ལས་ཕྱོགས་གཞན་དེ་རྟོགས་མི་ཐུབ། མི་ཚེ་ངོ་མ་ནི་དཀའ་སྡུག་ཚད་མེད་ཀྱི་འཐབ་རྩོད་བརྒྱུད་དེ་གཞི་ནས་མངོན་འགྱུར་ཐུབ་པ་ཡིན་ལ།དེ་བས་གསར་དུ་རྙེད་པའི་གཙོ་གནད་ཆེ་བ་བྱ་བ་རྣམས་ནི་ཕམ་ཉེས་ཀྱི་བསླབ་གཞིའི་ནང་ནས་ཐོབ་པ་ཤ་སྟག་ཡིན་ནོ།
࿐དྲིན་ཆེན་རྩ་བའི་བླ་མ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མཐའ་དག་བདག་གི་རྒྱུད་ལ་འཕོས་ནས། བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། 请大恩根本上师,您三门的一切加持融入到我们的心底,祈愿佛法和众生的诸事顺利圆满! https://t.cn/A6G1dnmA
࿐ དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ།
གསང་བའི་ལྷ་མོ་ཁྱོད་དང་མི་འབྲལ་ཞིང་།
བར་ཆད་གེགས་ཀྱི་མཚན་མ་ཅི་བྱུང་ཡང་།
དེ་ཀུན་ལྷ་མོ་ཁྱོད་ཀྱིས་བཟློག་པར་མཛོད།།
གསང་བའི་ལྷ་མོ་ཁྱོད་དང་མི་འབྲལ་ཞིང་།
བར་ཆད་གེགས་ཀྱི་མཚན་མ་ཅི་བྱུང་ཡང་།
དེ་ཀུན་ལྷ་མོ་ཁྱོད་ཀྱིས་བཟློག་པར་མཛོད།།
✋热门推荐