༈ ཡུམ་བུ་བླ་སྒང་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཕོ་བྲང་ཆུས་ཁོངས་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་ནུབ་ཏུ་ཟུར་གཉིས་བརྐྱངས་པའི་གཡོན་གྱི་རི་ཟུར་བྲག་རིའི་སྟེང་ཏོག་ལྟ་བུར་ཆགས་ཡོད། ཕོ་བྲང་འདི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་བོད་རྒྱལ་ཐོག་མ་རྗེ་གཉའ་ཁྲི་བཙན་པོས་བཏབ་པར་གྲགས་ཤིང་། བོད་ཀྱི་སྐུ་མཁར་ལ་སྔ་བ་དེ་ཡིན། དེ་ཡང་ཤྭ་བ་ཡུ་མོའི་བརླ་འདྲ་བའི་རི་སྟེང་དུ་བཏབ་པ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་མིང་དུ་གྲུབ་སྐད་ཀྱང་ཕྱིས་ཡིག་རྒྱུན་དུ་ཡུམ་བུ་བླ་སྒང་ཞེས་འབྲི་རྒྱུན་དར། རྒྱ་བཟའ་ཝུན་ཤིང་ཀོང་ཇོ་བོད་དུ་ཕེབས་རྗེས་སྐབས་ཤིག་རིང་དབྱར་དུས་ཡུམ་བུ་བླ་སྒང་དུ་བཞུགས་པ་དང། དགུན་དུས་ཁྲ་འབྲུག་གཙུག་ལག་ཁང་དུ་བཞུགས་སྐད།

༈ རིག་འཛིན་ཀློང་གསལ་སྙིང་པོས།
ལུས་འདིར་བོར་ནས་གར་སྐྱེ་ངེས་མེད་འདི། །
ཕྱོགས་དང་རིས་སུ་བཅད་པའི་དགོས་པ་ཆུང་། །
མཁའ་མཉམ་སེམས་བསྐྱེད་བསྔོ་བ་སྨོན་ལམ་གྱིས། །
ཕྱོགས་མེད་འབྲས་བུ་སྨིན་ན་སྐྱིད་པ་ལ། །

ཞེས་གསུངས་སོ།།

༈ངག་བཅད་མ།བཅད་མ།格律诗

དུས་ཚོད་རླུང་ལ་བཏབ་པའི་ངོ་གདོང་རེད།།
བར་ཐག་ཀྲིག་ཀྲིག་ཞེན་ཆགས་ཆེམ་ཆེམ་འོང་།། 
རྣ་བ་འོན་པ་རེད་དམ་ཅི་ཞིག་རེད།།
མིག་ཟུང་གཡོ་ཐབས་མ་བྱུང་ཐག་རིང་བྱེར།།
སྐད་ཆ་ཡོད་ཚད་ཁ་བའི་ནང་དུ་ནུབ།།
མཚན་ལ་ཁྱོད་རང་ཉལ་ཐ་བཞིན་དུ་འཐེན།།
སྐར་མའི་གོང་བ་གཡུག་ཞོར་རྒྱང་ལ་བལྟ།།
སྙན་ངག་ལན་གསུམ་བྲིས་ནས་ལན་གསུམ་བསུབས།།
གོམ་པ་གང་གིས་ཅིས་ཀྱང་འཕྲད་ན་བསམས།།
ལག་པ་གཅིག་གི་རྒྱབ་ཏུ་བར་སྣང་བཟོ།།
སྒོ་མོ་འབྱེད་མཁན་མེད་པ་ཆ་མ་འཚལ།།
སྤྲིན་གྱི་གཅིན་པ་ཤག་ཤག་མཚོ་རུ་བསྐྱིལ།།
གད་སྙིགས་ནང་དུ་སྡུག་བསྔལ་བླུགས་པར་བྱས།།
འབྲི་ཤོག་དུ་མ་ཚིག་མཛོད་གསེབ་ཏུ་བོར།།
མཆུ་ཏོ་བཅད་པའི་ཁྱིམ་གཞིས་ཡོད་པར་ཤོག།།
དྲ་བ་དྲ་ཕྱེད་ཀློང་ན་རྫ་མ་ཆག།།
དྲན་པ་ཆག་རོ་རེ་རེ་བཟོ་བར་བྱ།།
སྐུད་པའི་སྲིབ་ཏུ་འཛིངས་པའི་སེམས་པ་ཉིད།།
བར་སྣང་བྲུས་པའི་ཁང་པ་ནག་པོ་ཡིན།།
དབྱར་ཟླ་བཞི་པ་གདུག་རྩུབ་ཆེ་བ་ཨང་།།
ལྷིང་འཇགས་གོས་སུ་གྱོན་ན་ག་འདྲ་རེད།།
མུན་པ་ད་རུང་གཏན་ནས་གསལ་མ་བྱུང་།།
རི་མོ་དཀར་སེར་དམར་གསུམ་ངོ་རུ་འཚུབ།།
ཆར་པ་དྭངས་རྗེས་རྨི་ལམ་གསལ་བར་ཤོག།།
སྟོན་མཇུག་འདྲ་བའི་ང་ཡི་ངག་བཅད་མ།།

མེ་ལོང་ནང་དུ་ནགས་ཚལ་པར་དུ་བཏབ།།
སྨུག་པའི་ཟོལ་གྱིས་བརྙན་མིག་ནང་ལ་བལྟས།།
རི་རྩེ་ཤིག་ཤིག་ཕར་ཕར་ངང་ནས་ཆས།།
ལག་རས་ཤིག་གིས་འཁྲུལ་སྣང་བཏུམས་པར་བྱས།།
རྨི་ལམ་ནག་པོའི་གྲོང་ཁྱེར་སིམ་སིམ་འགུལ།།
གད་སྙིགས་མང་པོས་ཡན་ལག་ཡོད་ཚད་བཟུང་།།
ཕྱེད་ཀ་གཉིས་སུ་འཐོར་བའི་ཆག་གྲུམ་རེ།།
ང་ཡི་གཙང་འགྲམ་མཐའ་རུ་བྲུགས་ནས་བྱུང་།།
ཕྱི་ནས་བལྟས་ན་ཆར་ནག་འབབ་ཙམ་རེད།།
མགོ་བོ་དགྱེ་དགྱེ་བྱས་ནས་ལགས་སོ་ཞུ།།
ཚིལ་དྲེག་གཏན་ནས་འདག་ཐབས་མེད་པ་ཅི།།
སྒེའུ་ཁུང་ཕྱི་རུ་མཛེས་སྡུག་མང་པོ་བྲིས།།
གྲིབ་མ་རེ་རེ་ཚོས་གཞི་ཀློང་དུ་ཟགས།།
ད་རུང་མུན་ནག་འཆར་བ་ཅི་ཞིག་བྱ།།
དབྱར་ཁ་དེ་འདྲ་རིང་བ་རྫོགས་པར་འཚལ།།
མཚན་མོའི་མཐའ་རུ་མཚན་མོ་གྲངས་མེད་མཐུད།།
རང་གིས་རང་ལ་ཧ་རེ་བཏབ་དང་འདྲ།།
གཅིག་པུར་ཁེར་རྐྱང་ཡང་ཡང་འཐག་དུས་སུ།།
ཁྱོད་ནི་ཆ་རྒྱུས་མེད་པའི་སང་ཉིན་ཡིན།།
ཟླ་འོད་མལ་དུ་བཏིང་བའི་མཚན་མོ་ཡིན།།
ཕྱི་མིག་ཆེམ་ཆེམ་ཀློང་གི་ཕྱི་དྲོ་ཡིན།།
སྒྲུང་རིང་ཆེན་མོ་ཞིག་གི་བརྗོད་བྱ་ཡིན།།
སྙན་ངག་ཚན་པ་ཞིག་གི་ཡིད་བརྙན་ཡིན།།
གློག་བརྙན་ཡག་པོ་ཞིག་གི་གཏམ་རྒྱུད་ཡིན།།
སྟོན་མཇུག་འདྲ་བའི་ང་ཡི་ངག་བཅད་མ།།

                        2021/4/5ལ་བྲིས།

2021/4/18ལ་ལྷ་ལྡན་གྲོང་དུ་བཅོས།


发布     👍 0 举报 写留言 🖊   
✋热门推荐
  • 时隔多年,港铁深圳终于有新线了[二哈]#交通仲夏夜##我的地铁我的城##通行线·轨交# 【成都轨道交通与港铁签约 为地铁商业运营构筑未来】今日,成都轨道交通集团
  • 当我来这里之后,我看到中国并不像我所认知的那样,中国有万丈高楼平地起的大城市,每座城市有着独特的历史文化,中国的生意人很有意思,很多人都有自己的“致富密码”。“
  • 作为一名曾经的香氛爱好者,我一直很好奇公司的氛围香,到底是什么香水能给人若即若离但又高端大气的感觉。我是应该称赞单位的眼光,还是承认 绿茶 是我,一边吐槽家里的
  • 精彩回顾:威海市图书馆尼山书院国学经典诵读走进千山路小学为弘扬优秀传统文化,推动经典诵读活动深入开展,11月28日,威海市图书馆尼山书院特聘国学讲师张果红教授,
  • 54年后,天津重回河北省会 | 无关行政变更
  • 考试时我写的很多篇作文她都让我在班级里念给大家听,我把很多故事都写进过作文里。而或许我喜欢的 深刻记得的 是那段最好的时光吧。
  • #魔金石科技[超话]#我喜欢肖战,肖战喜欢唱歌,爱唱歌的人喜欢听歌,爱听歌的人热爱生活,爱生活的人喜欢美食,爱美食的人喜欢海鲜,爱海鲜的人喜欢虾。我喜欢肖战,肖
  • #今日山东# #东营# 【东营数字乡村建设荣获全国第二届2020数字政府特色评选创新奖】 11月26日至27日,由中国社会科学院信息化研究中心、北京国脉互联信息
  • 这些明亮的光源(统称为SDSS J1254 + 0846)由落在超大质量黑洞上的材料提供动力。一种超风,例如NGC 3079中的超风,起源于中央超大质量黑洞产生
  • 发作寒热,实际就是血热外出发疹的反应。也有人认为是病人肠中平素积有瘀热,热久伤津化燥,风从内生,致成便秘。
  • 더블11회사에와서,우리모두가더블11무엇을구입했다,많은사람들이전체마이너스를만드는방법에대해얘기하고,내가믿을수있다고생각하지않아,모든것을구입하는데필요한
  • 同时,为克服招商引资受疫情影响出现出不去、招不来这一难题,长春装备制造产业开发区化危机为商机,通过推进“不见面”线上招商新模式,主动与投资者通过电话、传真、微
  • 一个人真的挺好,听音乐、听相声、听评书、看书、看电影、煲剧、追星、旅行、享受美食,自由自在的时间,随心所欲的生活~一切的一切都源自于我喜欢~唯一的压力就是大龄被
  • 我们从何而来,归于何处,其实都是明明白白的,科学也已经证明了灵魂的存在,那为什么大家不敢去问问身体死亡后,灵魂会去哪里呢?尤其是那些作恶思恶的人,为了使自己心安
  • 一盘青丝,2两小烧,人生不外乎如此…~落花与我立黄昏,不必问我粥可温,何须良人共熄灯,一人就可书半生,有人陪我夜仍深,不如独自美酒吞,不曾去流相思泪,可却梦她
  • 比余茂春更显赫、更危险!戴笠曾孙女戴琦被提名出任美国贸易代表
  • 如果你想听听那些与你擦肩而过的路人的故事,如果你也想收到和你经历相似的朋友的回信,请不要错过了这本豆瓣高分小说。这份温暖和爱,就是他们对人生的态度,早已与他们经
  • 是岁大寒,水道冰,舟不得入江,乃引还”。清朝诗人王樾曾以诗歌记载当时钱塘江被冻时的状况:“大地气不温,重衾疑浸水。
  • 在这崎岖艰险的人世上生活,若能侧耳倾听那清澈透明的心灵,就不会误入歧途。在这崎岖艰险的人世上生活,若能侧耳倾听那清澈透明的心灵,就不会误入歧途。
  • 我说没有,后来我的新鲜感过去了,就没有再找他,有天他又给我分享这首歌曲,他说下雪了,开始下的很大,但不知道怎么就停了。后来有一次我翻他朋友圈,是他和他新对象的合