༈ཨ་གསར་ཅན།
དེ་རིང་ཧ་ཅང་ཉོབ་སྣང་དང་བཅས་པའི་ངང་བསམ་བློ་འདི་ལྟར་ཞིག་འཁོར།  བྱ་དངོས་ཐམས་ཅད་ལ་ཨ་གསར་བྱེད་པ་ནི་མིའི་གཤིས་ཀ་ཞིག་རེད་འདུག་ཨ།  
དེ་ལྟར་ཡིན་ན། འོ་ན།  གྲོགས་ལ་ཨ་གསར་བྱེད་པ་ཡང་མི་གཤིས་ཀ་ཡིན་ནམ།   ལོས་ཡིན།      མི་དེ་ལ་ཨ་གསར་ཆེ་ཆུང་གིས་ཨ་གསར་ཡོད་དང་། མེད་ཅེས་པ་ལས་ཨ་གསར་ཏོག་ཙམ་ཡང་མེད་པའི་མི་ཞིག་ནི་རྙེད་རྒྱུ་མེད་ཨ། 
བརྒྱ་ལ་གལ་སྲིད་ཡོད་ན་མི་དེའི་བློ་འགྱུར་ལྡོག་མེད་པ་ཞིག་ཡིན་ནམ། དེ་འདྲ་ཡིན་ན་མི་དེའི་ཤེས་པ་དངོས་པོ་ཡིན་ནམ།
མི་རྟག་པ་ཡིན་ནམ། བློ་ཡི་མཚན་ཉིད་རིག་པ་དང་།
ཤེས་པའི་མཚན་ཉིད་གསལ་ཞིང་མྱོང་བ་ཅེས་པ་དེ་ཡང་ནོར་བ་ཡིན་ནམ་སྙམ་པའི་རྣམ་རྟོག་ཡང་ཡོད་ངེས་སོ།།
                                        དྲན་པ་ཡིད་བཟླས་ཀྱིས། ༢༠༢༢/༨/༣ཉིན།

༈   བསྔགས་བརྗོད་གཟི་ཡི་ཕྲེང་བ།
          
སྙན་པའི་གྲགས་པ་ཕྱོགས་སུ་རབ་ལྡིར་བ། །
མཁས་མཆོག་སྨྲ་བའི་ཉི་མ་ཀླད་ནས་ཤར། །
ཀུན་ནས་གསལ་བའི་འོད་ཀྱིས་སྣང་མཛད་པའི། །
ཡེ་ཤེས་འབྱུང་གནས་དག་ལ་གུས་ཕྱག་བརྩེགས། །

ཟབ་བརླིང་རྒྱ་མཚོའི་ཕ་རོལ་བགྲོད་པ་ལ། །
མཉེན་ཞིང་ལྡེམ་པའི་གཤོག་འགྱུར་རྫོགས་ཤིང་ནི། །
དགོས་འདོད་ནོར་བུ་སྟོན་ལ་མི་ཞུམ་པ། །
རིག་པའི་དཔའ་བོ་ཚོགས་ལ་དགའ་འབོད་སྒྲོགས། །

ས་ཡི་མཐིལ་དང་ཡུལ་གྱི་བཀོད་པ་དང་། །
ཁམས་དང་མོས་པ་དག་ནི་མ་འདྲེས་པར། །
རྡོ་བརྐོས་རི་མོ་བཞིན་དུ་གསལ་ཐིང་ངེར། །
ཀུན་མཐོང་འཇིག་རྟེན་མིག་རྣམས་མདུན་དུ་བསུ། །

ལེགས་བཤད་རིན་ཆེན་གཏེར་གྱི་སྒོ་འབྱེད་ཅིང་། །
བདེན་དོན་གཟི་བྱུར་གཡུ་སོགས་བསྟར་བར་བསྒྲིག །
བློ་གྲོས་ལང་ཚོ་མཛེས་པའི་རྒྱན་དུ་ངོམ། །
ཡིད་འོང་གླིང་དུ་བཀྲི་བ་ངོ་མཚར་ཆེ། །

ནག་ནོག་སེམས་ཀྱི་དྲི་མ་བཀྲུ་བར་དགའ། །
བྱམས་ཤིང་སྙོམས་པའི་འདོད་ཡོན་སྦྱིན་ལ་སྤྲོ། །
རང་བྱུང་ཁམས་ཀྱི་ཐིག་བཞིན་སྟོན་ལ་མཁས། །
དོན་ལ་གྲུབ་པའི་བདག་ཉིད་ཆེ་རྣམས་རྒྱལ། །

རང་གི་ཚབ་ཏུ་ལེགས་གསུང་སྒྲོན་མེ་བཞག །
ས་རྡོ་རི་ལ་གྲུབ་པའི་སྣང་བརྙན་དཔར། །
འཁྱམས་པའི་འགྲོ་ལ་ངལ་བསོའི་སྐྱེད་ཚལ་བསྐྲུན། །
བདེ་ཞིང་གཟི་འོད་འཚུབ་བེར་ཕེབས་པ་རྨད། །

དེ་ལྟར་བརྗིད་ཅིང་བརླིང་བའི་སར་སླེབས་པའི། །
མི་ཡི་རྣམ་རོལ་སྐྱེས་མཆོག་ཚོགས་རྣམས་ལ། །
སེམས་ཀྱི་དྭངས་མ་ལས་འོངས་དགའ་དད་ཀྱི། །
མདངས་ལྡན་གཟི་ཕྲེང་ཚར་དུ་དངར་བ་འབུལ། །
 
འདི་ལྟར་བགྱིས་པས་རང་གི་སྟོབས་འབར་ཏེ། །
ཡ་རབས་དག་མའི་དྲུང་དུ་ཉེར་བསྐྱོད་ཅིང་། །
མཛེས་ཤིང་སྡུག་པའི་དཔལ་ལ་ལོངས་སྤྱོད་པའི། །
རྫོགས་ལྡན་དུས་བཟང་སླར་ཡང་བཞ་ཅིག་གུ། །
        

•  དེང་རབས་པ་ངང་གྲོལ་ཞེས་ཡོངས་སུ་གྲགས་པ་དེས།

༈ འབུམ་ལྔ་གསོག་ཚུལ་མ་ནོར།



正确完成五十万加行的方式

༼སྤྱི་ལོ་༢༠༡༨ལོར་གསེར་ལྗོངས་བླ་མ་རུང་དུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཀུན་བཟང་བླ་མའི་ཞལ་ལུང་ཁྲིད་སྐབས་ཀྱི་གསུང་འཕྲོས། མཆན། ༽

( 注:2018年喇荣堪布慈诚罗珠(戒慧)讲解《普贤上师言教》引导时所说。)

འབུམ་ལྔ་ཟེར་བ་དེ་ཡང་དོན་དེ་ལ་ཞིབ་ཏུ་བསམས་ནས་འགྲོ་དགོས་པ་རེད་མ་གཏོགས། ཡམ་ཡོམ་ཞིག་གིས་འབུམ་ལྔ་ཚད་ལྡན་ཞིག་ཡོང་བ་མ་རེད།

“五十万加行”是要仔细思维它的含义而行,并不是简单草率地完成五十万的数量就可以。

འབུམ་ལྔ་ཟེར་བ་དེ་སྐྱབས་འགྲོ་ལྟ་བུ་ཞིག་ལ་མཚོན་ན་མི་རེས་འབུམ་ཐེར་རེ་གསོག་དགོས་པ་རེད། འོན་ཏེ་དེང་སང་མི་བརྒྱ་སྟོང་མང་པོ་ལྷན་དུ་འདུས་ནས་མི་རེས་གྲངས་ཉུང་ངུ་རེ་བཏོན་ཏེ་ལྷན་དུ་འབུམ་ལྔ་ཚང་སོང་ན། འབུམ་ལྔ་བསགས་པའི་གོ་ཆོད་པ་རེད་ཅེས་ཟེར་ཏེ་འབུམ་ལྔ་ཉིན་བཅུ་ཙམ་ལ་གསོག་ཆོག་པར་སྨྲ་བའི་འབུམ་ལྔ་གསོག་ཚུལ་ཕྱིན་ཅི་ལོག་པ་ཞིག་དར་གྱིན་འདུག དེ་ནི་ངོ་མ་རང་གིས་རང་ལ་མགོ་སྐོར་བ་རེད། དེ་ལྟར་ཟེར་མཁན་རྣམས་ཀྱིས་དེ་ལྟར་མ་ཟེར། གལ་སྲིད་མི་ཞིག་གིས་ཁྱོད་རང་ལ་དེ་ལྟར་ཟེར་ནའང་། དེ་ནི་བདེན་པ་མ་རེད་སྙམ་སྟེ་ཡིད་ཆེས་མ་བྱེད་མ་གཏོགས། དེ་ནི་འབུམ་ལྔ་གསོག་ཚུལ་ཚད་ལྡན་ཞིག་མིན་པ་སེམས་ཐག་གོར་མའི་རྡོ་རེད།

“五十万加行”中,以皈依为例而言,是要求每个人单独完成十万。但是现在,成百上千的人聚在一起,每个人念诵的数量很少,大家一起累计为五十万数,说这也是有效地圆满了五十万加行,说仅仅十天就可以完成五十万,这种五十万的积累方式,正是现在流行的一种颠倒方式。实际上,这是一种自我欺骗的做法。说这种话的人千万不可再如此说。如果有人对你这样说,心中要想:这种说法是不对的。不但不能信以为真,而且还要坚定地认为这并不是合格的积累五十万的方式。

སྤྱིར་ན་མི་མང་གིས་ལྷན་དུ་བཏོན་ན་དེའི་འབྲས་བུ་དེ་ཚང་མ་ལ་ཡོད་པ་ཨེ་རེད་ཟེར་ན། ཡོད་པ་རེད་ལ། དེ་མེད་པར་སུ་གཅིག་གིས་ཀྱང་བཤད་ཀྱི་ཡོད་པ་མ་རེད།

问:很多人一起念诵时,是不是大家全部都能得到它的果?
答:是的。谁也没说没有果。

འོ་ན་འགྲིག་མི་འདུག་གམ། དགོས་རྒྱུ་ངོ་མ་དེ་འབྲས་བུ་མ་ཡིན་ནམ་ཟེར་ན།

问:这样的话,是不合适吗?还是真正的所需并不是果呢?

འབུམ་ལྔ་གསོག་ཟེར་བ་དེ་ནི་མི་རེ་རེས་འབུམ་ལྔ་ཆ་ཚང་རེ་གསོག་དགོས་པ་རེད། དེ་ཡང་ཁ་ནས་ཚར་རེ་དང་འཕྲེང་རྡོག་རེ་བྱས་ནས་འདོན་དགོས་ཞེས་ཐོག་མ་ནས་གསུང་ཡོད་པ་རེད། དེ་ལས་ཀྱང་གལ་ཆེ་ཤོས་གཙོ་བོ་ནི་ཁ་ནས་འདོན་རྒྱུ་དེ་གཙོ་བོ་མིན་པར་དོན་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་རེད། ཁ་ནས་འདོན་པ་ནི་དེའི་དོན་དེ་མི་བརྗེད་པའི་རྟེན་ཙམ་རེད། གཙོ་བོ་ངོ་མའམ་དགོས་རྒྱུ་ངོ་མ་ནི་དེའི་དོན་དྲན་རྒྱུ་དེ་རེད་མ་གཏོགས། ཚིག་རྐྱང་པ་འབུམ་ཐེར་ཞིག་བསགས་ན་ཕན་ཡོན་ཡང་དེ་ཙམ་ལས། སྐྱབས་འགྲོའི་གོ་མི་ཆོད་སེམས་ཐག་གོར་མའི་རྡོ་རེད།

答:积累五十万加行,是要求每个人单独积累全部五十万数,同时嘴上念一次,手中念珠记一次数,要这样来念诵。这从一开始就说过了。而比这更重要的是,嘴上念诵并不是重点,重点是要思维其义。嘴上念诵,是以不忘记它的含义为基础。真正重要的,或真正所需的,是忆念它的含义。否则,单就文句积累十万数,功德也仅仅如此,而绝对不是有效的皈依。

དེས་ན་ཚིག་ནི་སྐྱབས་འགྲོ་མ་ཡིན་པར་དེའི་དོན་ལ་གསལ་འདེབས་བྱེད་ཙམ་ཡིན་པས་གཙོ་བོ་སེམས་ཐོག་ནས་སྐྱབས་འགྲོ་སྒོམ་དགོས་པ་རེད། སྐྱབས་འགྲོ་ནི་དམ་བཅའི་ལྕགས་ཀྱུ་གཉིས་དང་ལྡན་པ་ཞིག་དགོས་ལ། དམ་བཅའ་ནི་སེམས་ནང་ནས་འཇོག་དགོས་པ་ལས་ཁ་ནང་ནས་འཇོག་བཏུབ་པ་ཞིག་མ་རེད།

因此,文句并不是皈依,唯有观想其义才是,所以最重要的是要从心上来观修皈依。皈依要具足两种誓言铁钩,而誓言是从心上来安立的,并不是从嘴上安立的。

དེ་བས་རྣམ་པ་ཐམས་ཅད་ཀྱིས་སྐྱབས་སོགས་འབུམ་ལྔ་སླ་ཐབས་ཀྱིས་གསོག་ཁུལ་མ་བྱེད་མ་གཏོགས། རང་མགོ་རང་གིས་སྐོར་བ་ཡིན་པས་སྙིང་པོ་ཅི་ཡང་མི་འདུག

所以,不要所有人一起以这种简单方便来积累皈依等五十万数量,这只是自我欺骗,没有一点实际意义。

དེ་ལྟར་བྱེད་མཁན་གྱི་བླ་མ་ཁྱེད་ཅག་ལ་རྒྱུ་མཚན་ཨེ་ཡོད། གལ་སྲིད་ཡོད་ན་བཀའ་དང་བསྟན་བཅོས་གང་གི་ནང་དུ་གསུང་འདུག་ཁྱེར་ཤོག་དང་། ང་ཚོས་རྗེས་སུ་དེ་ལྟར་སླ་ཆོས་བྱེད། དེ་ཧ་ཅང་བཟང་པོ་རེད། འོན་ཏེ་རྒྱུ་མཚན་མེད་བཞིན་དུ་དེ་ལྟར་མ་བྱེད་རོགས་མ་གཏོགས་ལོག་ལམ་འབའ་ཞིག་ལས་མ་འདས་པ་རེད།

这样做的人,你们的上师有没有告诉你们这样做的依据?如果有的话,是哪个经论之中说的?请告诉我们,我们也随行这种简单易行的法,那实在太好了。但是,请勿毫无依据即这样做,否则只能滑入邪道而不得出。

སློབ་མ་སྨྱུག་གིས་དབུས་ལྷ་ལྡན་ཆོས་ཀྱི་ཞིང་ནས་དྲྭ་ལམ་བརྒྱུད་དེ་ཆོས་ཁྲིད་ཞུ་སྐབས་ཡི་གེར་ཕབ།

弟子从拉萨法苑通过网路听闻这个讲法时,记录成文字。

宁玛文殊-经典伏藏汉译 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།


发布     👍 0 举报 写留言 🖊   
✋热门推荐
  • 如果就入门款来说,钢款的蓝气球值得推荐,不过如果是机械机芯的蓝气球,这个价钱已经可以买到自产机芯的表款了,所以说卡地亚这个品牌已经赢在了起跑线上。今日作为百达翡
  • [抓狂]如果你想抗黄提亮又怕翻车,就冲这个最新款的奶酪面霜!在抗氧淡纹紧致的基础上,新加了淡斑美白王牌成分377➕VC✅,能更高效的去黄提亮,搞定垮脸暗沉问题
  • [鲜花]3、原油77.4多单,78.1位置斩获70点出场。[鲜花]3、原油77.4多单,78.1位置斩获70点出场。
  • !!
  • 淡淡的阿萨姆味 好喝[awsl]最爱的霸王茶姬[耶]我妈不早说她也喝 不然我回来的时候就给她带了[抓狂][抓狂] 明天点外卖给她吧广隆蛋挞王抖音团购15块钱四个
  • 凡大事面前有静气者,反映出他修炼道行的深邃,大事且能以静制动,小事更是拿得起放得下,静气绝不是柔弱,比如韩信胯下之辱,看客们无不哈哈大笑或为之鸣不平,而韩信却无
  • 放个置顶 (主接稿相关和雷点)介里是anais⭐苯人:三次不追星,二次多坑多推(光夜陆沉 小排球宫侑 进巨艾伦 火影鼬)不拒同担不磕任何cp也不雷究极大社恐,脾
  • 现在来看,俄罗斯和乌克兰都不同意停战,法国的影响力太一般了。100字/8r200字/15r300字/23r500字/36r#泽连斯基拒绝奥运会期间休战#但是,停
  • 说男二知道跟女主不可能了,所以就放下了那段感情,然后就爱上了我,但是从头到尾,不止没有对我怎么好过,而且也没有跟我表达过他的感情,这是爱?说的时候反正我是真心的
  • 那是我刚进小10 还没十分钟 就看到你发了个图片我真的好高兴啊 然后就隔三差五的看到小纸条真是太棒了!想念那个味道[泪] 想了一下好像今天还是我第二次在学
  • 我永远在你身后[打call][打call](下图为我自己亲手写的,字不是很好看,勿喷[作揖][作揖])#成毅0517生日快乐 毅淇同行#今晚的生日直播,从六月的
  • 购票渠道: - 官方网站:牛首山官方网站- 在线旅游平台:如携程、去哪儿等 开放时间:08:30-17:30(具体开放时间可能会根据季节和节假日有所调整,建议
  • 我有什么好乐的,除非现在告诉我,他突然变了心,狠心抛弃了我,又或者我被他挖墙脚成功了,那我可能真的会笑。 我有什么好乐的,除非现在告诉我,他突然变了心,狠心抛
  • Day2:霞浦-泉州-潮州第二天早上起床逛了东壁村,有点新海诚的感觉,在霞浦市区充满电吃了个蒸汽海鲜出发,3个半小时到泉州充电,吃了阿秋牛排逛了一会西街人超多!
  • 比如有人认为有一天可能发生战争,所以现在一切努力到没有意义,你顺着他的逻辑,就会陷入虚无,毕竟有一天我们也都会死,那干脆啥都别折腾了。每天都活在对极端世界的关注
  • 我有太多“素美对素禅”的招术,可我不愿,喜欢纠缠于花花世界。世间走一遭,弘一回归息霜,还他一个鲜活活的“人”所以世人敬仰。
  • ”纪蓖垚看董蔓沁应淹没在水中了,没有了声音和扑腾,多了一份紧迫,“小羃,听我说,我相信你说的,但是人命关天,如果她出事了,你难辞其咎,我去把她救上来。”董蔓沁吐
  • ”紧接着,我听见我母亲故意高声的话语:“江时遇,你翅膀硬了,既然这么不听话,那你以后就想要江家的半点家产!”紧接着,我听见我母亲故意高声的话语:“江时遇,你翅膀
  • 大厅放置着贴有“2024年’5.19’慈善一日捐活动”的红色捐款箱,全体人员拿着提前准备好的装有现金的捐款红包轮流投入捐款箱,他们开心的拍照留念,因为“赠人玫瑰
  • 詳細は下記へ『うたわれるもの ロストフラグ』登場人物紹介冬馬かずさ(声:生天目仁美)近寄りがたき鋭利な気を放つ孤高のピアニスト。詳細は下記ページへ『うたわれるも