དྲུག་པ། ནང་པའི་གཞུང་ལུགས་ཞིབ་འཇུག་རང་བཞིན་གྱིས་འཆད་ཐུབ་པ། 

    སྤྱིར་ན་སློབ་ཁྲིད་གང་ཡིན་ཡང་སློབ་མའི་རྒྱུད་ཚོད་དང་བསྟུན་ནས་རྒྱས་བསྡུས་གང་ལ་གང་འཚམ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡང་། ཞིབ་འཇུག་རང་བཞིན་གྱི་རིག་གཞུང་སློབ་ཁྲིད་ཚན་ལྡན་ཞིག་བྱེད་པར་བཤད་བྱའི་གཞུང་ལུགས་ལ་ངེས་ཆ་ཡོད་པ་ཙམ་ཞིག་དང་། ཚིག་གི་སྣེ་མོ་གང་ས་ནས་རྩོད་པ་ཚ་པོ་རེ་རྒྱག་ཐུབ་པ་ཙམ་གྱིས་མི་ཆོག་པར། དེ་འབྲེལ་གྱི་ལོ་རྒྱུས་དང་། རྩོམ་པ་པོ་གཞན་གྱི་ཞིབ་འཇུག་གི་དཔྱད་འབྲས། རིག་གཞུང་གི་འཕེལ་རིམ་སོགས་མང་པོ་ཞིག་ལ་དོ་སྣང་མ་བྱས་ཚེ། གཞུང་ལུགས་གང་དེའི་ཚིག་དོན་གོང་འོག་ཙམ་ཞིག་ལ་འགལ་འདུ་ཇི་ཙམ་བསྒྲིགས་ཀྱང་། གཞུང་དོན་རྣལ་མ་ཞིག་གོ་བ་ཧ་ཅང་དཀའ་ཞིང་། དེ་ལྟ་བུའི་འཆད་ཁྲིད་བྱེད་ཐབས་ཀྱིས་གཞུང་ལུགས་ཤིག་ལ་ལོ་བརྒྱ་འཆད་ཉན་བྱས་ཀྱང་ཡར་སྐྱེད་འགྲོ་རྒྱུ་ཤིན་ཏུ་དཀའ།  དེར་མ་ཟད། ཇི་ཙམ་འབད་ཀྱང་གླེང་རིན་ཡོད་པའི་དཔྱད་དོན་ཞིག་གཟུར་གནས་མཁས་པ་དག་གི་སྤྱར་སྔ་རུ་དགྲམ་ཐུབ་རྒྱུ་མི་སྲིད་པ་ལྟ་བུར་ཆགས་ཡོད། དཔེར་ན་བོད་ཀྱི་ཆོས་གྲྭ་ཁག་ཏུ་རང་རང་གི་ཡིག་ཆར་ལོ་ངོ་བརྒྱ་སྟོང་མང་པོར་འཆད་རྩོད་བྱས་ཀྱང་། རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་ལ་ལེགས་སྐྱེས་ཆེན་པོ་གང་ཡང་འབུལ་ཐུབ་མེད་ཅིང་། ཐ་ན། བོད་བརྒྱུད་ནང་བསྟན་གྱི་གཞུང་འགྲེལ་ག་གེ་མོ་ཞིག་ལའང་ཞིབ་ཚགས་ཀྱི་དཔྱད་པ་བྱས་ཏེ། ཀུན་གྱི་གཟིགས་མོ་རུ་འགྲེམ་ཆོག་པའི་དཔྱད་འབྲས་ཀྱི་དཔེ་དེབ་ཅིག་ཀྱང་ཤིན་ཏུ་དཀོན་པ་ནི། ང་ཚོའི་སློབ་གཉེར་བྱེད་སྟངས་དང་སློབ་ཁྲིད་བྱེད་ཐབས་ལ་འབྲེལ་བ་དམ་ཟབ་ཡོད་པ་སྨོས་མེད་རེད། འགའ་ཤས་ཀྱི་ང་ཚོའི་སློབ་གཉེར་གྱི་དམིགས་ཡུལ་རང་རྒྱུད་འདུལ་ཆེད་དུ་ཡིན་པ་ལས་གཞུང་དོན་ཞིབ་འཇུག་གི་ཆེད་དུ་མིན་ཞེས་འུད་བརྗོད་བྱ་སྲིད་ཀྱང་། དོན་དངོས་ཐོག་ད་བར་རང་རང་གི་ཡིག་ཆ་ལ་མཁྲེགས་འཛིན་བྱས་ནས་དེ་ཉིད་ཁོ་ནར་བྱང་ཆ་ཕུད། བློ་འཛིན་བྱས། རྩོད་པ་བརྒྱབ། ཐ་ན། རྒྱ་བོད་ཀྱི་ཡིག་ཆ་ཚད་ལྡན་ཚང་མ་དེ་དག་གི་སྒྲོམ་དུ་བཅུག་ཨེ་ཐུབ་ལ་དེ་ཙམ་འབད་ཡོད་པའང་། ཉམས་ལེན་འབའ་ཞིག་གི་ཆེད་དུ་ཡིན་མིན་གསལ་པོ་ཞེ་དྲག་མ་ཡིན་ནམ།
      གང་ལྟར་ཡང་ནང་བསྟན་རིག་གཞུང་གི་འཆད་རྩོད་རྩོམ་པའི་དབྱར་རྔ་ལྡིར་ལྡིར་དུ་འཁོར་སའི་བོད་ཡུལ་ཆོས་ལྡན་གྱི་ཞིང་ས་ནི། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དར་རྒྱས་ཡུན་དུ་གནས་པའི་ས་ཆ་དང་། མདོ་སྔགས་གཞུང་ལུགས་ཐམས་ཅད་ལ་དྲི་མ་མེད་པའི་རིགས་ལམ་གྱིས་བརྡར་ཤ་གཅོད་སའི་ནང་བསྟན་གྱི་ཕ་ས་ཞིག་ཡིན་ཞེས་གཞན་ཡུལ་དུ་བསྒྲགས་ཤིང་རང་ཡུལ་ནས་ཇི་ཙམ་གླེངས་ཀྱང་། རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་གི་ཐབས་ལམ་དག་སྣང་མེད་དུ་གཡུགས། ཁོ་ཚོས་ཕྲ་ཞིབ་ཀྱི་རིག་པས་ལོ་མང་དཔྱད་དེ་བྲིས་པའི་རྩོམ་ཡིག་དག་ལ་མིག་ཟུར་ཙམ་ཡང་མ་བལྟས། སྡེ་པ་གཞན་དང་སྐད་ཡིག་གཞན་གྱི་ཆོས་གཞུང་དག་ལའང་བློ་ཁ་མ་ཕྱོགས་ཚེ། ནམ་ཞིག་བོད་ཀྱི་དགེ་བཤེས་མཁན་པོར་བསྙད་པ་དག་ནི་ལུང་ཁུག་གི་གད་རྒྱངས་ཅན་ཙམ་ཞིག་དང་། དེ་དག་གིས་བཤད་པའི་གཏམ་དང་བྲིས་པའི་དཔྱད་རྩོམ་དག་ནི་ཕྱོགས་རེའི་ཀུ་ཅོ་ཙམ་ཞིག་ཏུ་མི་འགྱུར་བའི་ངེས་པ་མི་འདུག་ཅིང་། དེ་དུས་ང་ཚོས་རང་བསྟོད་བྱས་པའི་གཏམ་དེ་དག་ནི་རང་གི་ངོ་གདོང་ཚ་མོ་ཆགས་བྱེད་དུ་འགྱུར་སྲིད་ཅིང་། རྒྱལ་སྤྱིའི་ནང་བསྟན་བགྲོ་གླེང་ཞིག་ཚུགས་པའི་ཚེ་ཡང་ང་ཚོ་བོད་ཀྱི་རིགས་པ་སྨྲ་བ་དག་ཕྱི་གླིང་པ་དག་གིས་ཅི་བཤད་ལ་མི་ཉན་རང་ཉན་གྱི་དུས་སྐབས་ཤིག་ཀྱང་ཤར་དང་འཆར་བཞིན་ཡོད་ཚོད་འདུག་པས། ང་ཚོའི་བོད་ཀྱི་ནང་བསྟན་གཞུང་ལུགས་སྨྲ་བ་དག་གིས་དོན་དེ་ལ་བསམ་གཞིགས་མི་བྱེད་ཀ་མེད་ཡིན་ཞིང་། ཞིབ་འཇུག་རང་བཞིན་གྱི་ནང་བསྟན་འཆད་ཉན་ཞིག་གནང་རྒྱུ་ཡང་དུས་སུ་བབ་པའི་བྱ་བ་ཞིག་མ་ཡིན་ནམ། 
     རྒྱལ་དབང་ཀརྨ་པ་ནི་ཏག་ཏག་དོན་ཆེན་དེ་ལ་དགོངས་ཚོར་ཟབ་མོ་བྱུང་ནས། བོད་ཀྱི་སྐད་ཡིག་གི་ལམ་ནས་ནང་བསྟན་ཞིབ་འཇུག་རང་བཞིན་གྱིས་གཞི་རྒྱ་ཆེ་བའི་འཆད་ཁྲིད་གནང་མཁན་གྱི་བོད་ཀྱི་བླ་ཆེན་ཐོག་མ་དང་། གྲྭ་པ་ཐོག་མ། བོད་མི་ཐོག་མ་དེ་ཆགས་ཡོད་ཅིང་། ཁོང་གིས་སྐད་ཡིག་གཞན་དུ་ཡོད་པའི་ནང་པའི་གཞུང་ལུགས་དང་། རྒྱལ་ཁབ་གཞན་དག་གི་ནང་བསྟན་ཞིབ་འཇུག་གི་དཔྱད་འབྲས་སོགས་ལ་གཟིགས་ཞིབ་ནན་པོ་གནང་སྟེ། སྔོན་མེད་ཀྱི་ལེགས་བཤད་གསར་པ་མང་པོས་ཕྱུག་པའི་འཆད་ཁྲིད་ཇི་ཙམ་གནང་ཡོད་མེད་ཀུན་ཀྱིས་མཐོང་གསལ་ལྟར་ལགས། 
       དེར་མ་ཟད། ཁོང་གིས་དུས་དང་དུས་སུ་"ང་ཚོའི་བོད་ཀྱི་གྲྭ་བཙུན་དག་སྲོལ་རྒྱུན་གྱི་འཆད་ཉན་བྱེད་སྟངས་ཙམ་ཞིག་ལ་མགོ་འཁོར་ནས་ཁྲོན་པའི་སྦལ་བའི་བརྟུལ་ཞུགས་མ་བཟུང་བར། སྐད་རིགས་སྣ་མང་ལ་བསླབས། ཤེས་བྱ་སྣ་མང་ལ་སྦྱངས། མི་རིགས་གཞན་གྱི་སྐད་ཡིག་ཏུ་བཞུགས་པའི་ནང་པའི་གཞུང་ལུགས་ཁག་ལའང་ཐོས་བསམ་བྱས། རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་པ་དག་གི་དཔྱད་འབྲས་ལའང་གཟིགས་ཏེ། རང་རང་གི་བློ་གྲོས་ཀྱི་ཁོ་ལག་རྫོགས་པར་བྱས་ནས་ཐོས་པའི་གྲུབ་དོན་གསར་པ་གསར་པས་གཞན་གྱི་ལོག་རྟོག་སེལ་ནུས་ཤིང་། རང་གི་བསྟན་པ་སྤེལ་ཐུབ་མཁན་ཏེ། འཛམ་གླིང་ཡོངས་གྲགས་ཀྱིས་ཁས་ལེན་ཐུབ་པའི་བོད་ཀྱི་ནང་བསྟན་གཞུང་ལུགས་སྨྲ་བ་རེ་བསྐྱེད་བསྲིང་ཐུབ་རྒྱུ་ཡང་ཤིན་ཏུ་གལ་ཆེ་བར་ཡང་ཡང་གསུང་གླེང་མཛད་ཀྱིན་འདུག་པས། ང་ཚོས་རང་རང་གི་ཆོས་བརྒྱུད་ཀྱི་ཞེན་ཁོག་གིས་མིག་བཙུམས། སྲོལ་རྒྱུན་གྱི་གཞུང་ཁྲིད་ཙམ་གྱིས་ཡིད་ཚིམས་ཏེ། རྩ་ཆེའི་དགོངས་གཞི་དེ་དག་སྣང་མེད་དུ་མ་བཏང་བར་ཆེ་ཆུང་ཀུན་གྱིས་ཐུགས་སྣང་མཛད་རྒྱུ་ཡང་ཧ་ཅང་གལ་ཆེ་བར་སྙམ།

རིག་འཛིན་འཇིགས་གླིང་པས། 
ཁྱིམ་ལ་གནས་ཀྱང་ཡང་དག་བསྟན་ལ་དད། །
དཀོན་མཆོག་གསུམ་ལ་བླ་མར་བྱེད་པ་རྣམས།  །
ཐེག་པ་ཆེན་པོའི་གདུལ་བྱ་ཉིད་ཀྱི་ཕྱིར།  །
གཡེལ་བ་མེད་པའི་མེལ་ཙེ་སྲུང་སྐྱོབ་མཛོད།  །
晋美林巴尊者:
身虽在家信正法,
恭敬皈依三宝众,
此乃大乘所化故,
祈请护法恒庇佑。 https://t.cn/z8A5LA3

ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་རྗེས
ངག་མི་སྨྲ་བའི་ཁེར་རྐྱང་ཟླ་བ་དེས
ཁྱེད་ཀྱི་གྲིབ་མ་མཐོང་ཐུབ་བམ་སྙམ
YZHཡི་སྐྱོ་གདུང་ཁྲོད་དུ་ལུས་པའི་སེམས་གཅོང་དེ
སྔར་བཞིན་ཁུ་སིམ་མེར་སྡོད་ཐབས་བྲལ།


发布     👍 0 举报 写留言 🖊   
✋热门推荐
  • #博君一肖[超话]##博君一肖[超话]#一个周末解锁了超话,LOFTER,豆瓣小组等技能zqsg地没日没夜地磕博君一肖和忘羡,妈呀,没想到今年这个劲比去年镇魂还
  • 千万不要去买这家的酒,卖酒的人既不专业态度又恶劣,还跟我说进口葡萄酒都不写保质期。发了一个同一酒庄的酒的背标给她看,她竟然说人家写了保质期的是不规范的……哈哈
  • 永州市河长制工作委员会办公室主任廖荣良在发布会上介绍:“从今年9月到2018年12月将举行永州“民间河长”选拔赛,在全市招募241名民间河长,开展14场保护母亲
  • “鱼咡湾公园作为一个传统公园,在规划中要留住乐山人的记忆,我们轻梳理浅设计,目的是还原它本来的样子,在此基础上进行景观提升,让自然和园林艺术交相辉映。经过改造提
  • (1)【商品】古琦可定制双层隔热玻璃杯 【加 V】:ABCDE0880 【推荐】高硼硅玻璃,骤冷骤热不破裂,双层防烫,密封防漏,喝水有它就够了~ -------
  • 毕竟在刚分手的时间段内,你的前女友心中所思考的,依然是对上一段感情的否定,你这样贸然出击,必然是再次碰壁,还怎么能够挽回对方呢?在有些情况下,女朋友提出分手的决
  • 比如:一位91年生属羊的单名一个【洋】字,反馈怎么努力都没有用,自己很用心也很努力,还是财来财去!比如:一位91年生属羊的单名一个【洋】字,反馈怎么努力都没有用
  • 我希望我们相爱的程度是∞,我希望我们相爱的期限是0-∞咨询更多案例及报价,点击下方链接更快速噢#成都婚庆公司# #秀场# #红色婚礼#【婚礼主题】:灿灿星云【婚
  • #湖南第一师范学院绿植领养# 绿植介绍篇:木芙蓉为落叶灌木或小乔木,高2-5米;小枝、叶柄、花梗和花尊均密被星状毛与直毛相混的细绵毛。叶宽卵形至圆卵形或心形,直
  • 不妨尝试着把普通的事情做到极致,或许有一天,你会惊讶地发现,曾经以为难以忍受的“苟且”会赫然变成梦中的远方田野。不妨尝试着把普通的事情做到极致,或许有一天,你会
  • 地址:潮州市潮安区彩塘镇宏三工业区薪酬待遇:4000-30000元,具体面议,视个人能力,薪酬你来定联系电话:13829071604(微信同号)有意者可加微信联
  • 国内媒体:若北控比赛被判胜,20分或将算在高登身上据媒体《天天体育》报道,两年前八一队0-20北京队的20分算在了李慕豪身上,两年后的高登或将享受同样待遇。【
  • 可以说《我的秘密室友》把多重元素融合到了一起,直接增加了剧作的看点,让它不只是一部单纯的甜宠剧,前期还有悬疑,恐怖等情节的设定,增加了剧情的可看性,也让人忍不住
  • 在未来,我希望我也能执教一场国家德比的比赛。在未来,我希望我也能执教一场国家德比的比赛。
  • 天天都有人问怎么兼职,一说收费都无声了,免费的个个都想做,记住没人会免费给你提供挣钱的平台。别再做可笑的白日梦了 这个世界上没人欠你的,谁闲着没事给你提供免费赚
  • 电视剧有笑点泪点和幽默点,而且看起来就是让人一气呵成想看完的冲动,因为故事和剧情人物吸引了我,在我觉得拍得十分不错,的战争题材的电视连续剧,评分6,我觉得可以到
  • 按照毓老的解读,奇正是相生的关系,人越能守正就越能出奇,人要是一点正不守,就一点不能出奇,诸葛亮守了一辈子正,就出了一次奇【空城计】。在中文说【守】字的时候,是
  • 一切便从做最美的自己开始❤️加油加油加油冲冲冲你最棒✈️ #衍博狮子line[超话]#我同你最相似与你最默契和你在不同的时空里做着一样的事我不会提起你却总是在某
  • #风云独揽[超话]#其实你在意念里对自己说,你要坚强,你要不断成长,你要活出你自身的价值和姿态,你每天这种话对自己说多了,久而久之,你就变成了你要的哪个自己。
  • 恒生前海基金提到,虽然新能源汽车、光伏、风电等板块的交易拥挤度已经达到较高水平,短期利好预期已经在股价上反应得较为充分,但从中长期来看,上行趋势大概率并没有改变