འབྲོམ་ཆུས་དཀྱུས་ནས་བཅད་པའི་ས་སྐྱ་དགོན་གྱི་ཆོས་སྡེ་ལྷོ་བྱང་ལས། ཆོས་སྡེ་བྱང་ནི་འཕགས་པའི་དུས་སུ་སེ་ཆེན་ཆ་བུ་དཔོན་ཆེན་དང་བཅས་པའི་རིང་ལ་སྤྲུལ་པའི་ལྷ་ཁང་ཆེན་མོ་རྒྱ་ཆེར་བཞེངས་ནས་ད་ལྟའི་བར་གནས། (པར་1/2/3/4/5)

འོན་ཀྱང་། སྔོན་མའི་ཆོས་སྡེ་བྱང(པར་6)དང་ད་ལྟའི་ཆོས་སྡེ་བྱང་གི་འཛུགས་བསྐྲུན་གྱི་བཀོད་པ(པར་7/8/9/10)གཉིས་བསྡུར་ན། ཆོས་སྡེ་བྱང་ནི་ག་དུས་ཙམ་ལ་རྐྱེན་ཅི་བྱུང་གིས་བཤུལ་མེད་དུ་གནས་ལ། ཡིག་ཚངས་དུ་བྱུང་བའི་དཔལ་ས་སྐྱའི་གཙུག་ལག་ཁང་ནི་ཆོས་སྡེ་བྱང་དུ་འདོད་པས། དངོས་དོན་ས་དཔང་ཤོང་གསུམ་སོགས་ཀྱི་ལོ་ཙཱ་བགྱིད་སའི་ས་སྐྱའི་གཙུག་ལག་ཁང་ནི་དགོན་ཆེན་འདིའི་བྱེ་བྲག་གི་ལྷ་ཁང་ཅིག་གམ། ཡང་ན་ད་ལྟའི་བྱང་ངོས་ཀྱི་དགོན་སྡེ་ལ་གོ གོ་ན་ལོ་ཙཱའི་གླིང་གསུམ་པ་ངོ་མ་དེ་ཡང་ཕལ་ཆེར་འཇིགས་ཚར། དཔལ་ས་སྐྱའི་གཙུག་ལག་ཁང་ཞེས་པའི་མིང་འདིའི་དོན་དངོས་ཀྱི་གོ་བྱེད་དང་བསྟན་དོན། ཁྱབ་ཡུལ་གྱི་ཆ་བཅས་ནི་ད་རུང་བློ་གཟུ་བོས་དཔྱད་པར་ལུས།

ད་ལོའི་<<མི་རིགས་ཀྱི་རྩོམ་རིག>>་དེབ་ལྔ་བའི་ངོས་ན་སྔོན་གྱི་ཆར། དྲ་དེབ་ཚགས་གསུམ་གང་རུང་དུ་སྤེལ་མྱོང་ཡེ་མེད་པའི་སྒྲུང་ཁམས་དྭངས་གཅིག་དང་། སྙན་ངག་ལེགས་གྲས་གཅིག་འདུག སྔ་མ་ནི་སྒར་བ་ཚེ་བཀྲས་བརྩམས་ཤིང་། ཕྱི་མ་ནི་ནག་པོས་བྲིས་པའི་སྙན་ངག་ཅིག་གོ། རྩོམ་ལ་ནན་ཏུར་ངང་འཇུག་མཁན་ཚོས། ཀློག་གི་དུས་ཚོད་བཙལ་ནས་བཀླག་རོགས། [咖啡] https://t.cn/R08xaRT

དེང་སྐབས་དྲྭ་བའི་དུས་རབས་ཆགས་ཡོད་སྟབས། སོ་སོས་དངོས་སུ་དཔེ་ཀློག་བྱ་མ་ཐུབ་ཀྱང་། འགྲོ་ཞོར་འདུག་ཞོར་དུ་རྣ་ཉན་བཙུགས་ཏེ། གཞན་གྱིས་དྲྭ་སྒང་ན་ཀློག་འགྲེལ་བྱས་བཞག་ཡོད་པའི་དེབ་རྩ་ཆེན་མང་བོ་གང་འདོད་འདོད་ཉན་ཆོག་པའི་ཆ་རྐྱེན་ཕུན་སུམ་ཚོགས་པ་འཛོམས་འདུག་པས། དེ་ནི་འུ་ཅག་ལ་མཚོན་ན་ཤིན་ཏུ་སྟབས་བདེ་བའི་སློབ་གཉེར་གྱི་གོ་སྐབས་ཤིག་དང་། འཛམ་གླིང་ཤར་ནུབ་ཀུན་གྱི་ཤེས་རིག་གི་འཇིག་རྟེན་ལ་འཚོལ་རྟོག་བྱ་སའི་སྒེའུ་ཁུང་ལྟ་བུ་ཞིག་ཀྱང་ཆགས་འདུག ལན་རེར་གྲགས་སྐད་ཆེ་བའི་མཁས་པ་ཚད་ལྡན་མང་བོས་ཀློག་འགྲེལ་བྱས་ཡོད་པའི་དེབ་ཅིག་ལ་ཉན་པ་དེས། རང་ཉིད་ཀྱིས་དངོས་སུ་ཀློག་པ་ལས་ཀྱང་དེབ་གང་དེའི་དངོས་ཤུགས་ཀྱི་བསྟན་དོན་ཡོད་ཚད་གཏིང་ཟབ་རང་བཞིན་གྱིས་གོ་ཐུབ་པའི་ཕན་རླབས་ཀྱང་ཆེན་པོ་འབྱུང་ལ། ཁ་ཟས་གཡོ་སྐོལ་བྱེད་པའི་བར་གླགས་རེ་རེ་ནས། ཤིན་ཏུ་གྲགས་སྐད་ཆེ་བའི་དེབ་རེ་རེའི་ཀློག་འགྲེལ་ཆ་ཚང་རེར་ཉན་ཐུབ་པས། བཟང་བཏུང་གཡོ་སྐོལ་གྱི་དུས་ཚོད་དེ་ནི། དཔེ་ཀློག་གི་དུས་ཚོད་ཅིག་ཏུ་བསྒྱུར་ཆོག་པ་དེ་ཡང་། ཇི་འདྲའི་དགའ་འོས་ལ། ཇི་འདྲའི་དོན་སྙིང་ཆེ་བ་ཞིག་གོ།། འོན་ཀྱང་འདོད་རྔམ་ཆེ་དྲག་ནས་སྔོན་ཆད་ཉན་མ་མྱོང་བའི་དེབ་གསར་ཤོས་དག་གི་ཀློག་འགྲེལ་འབའ་ཞིག་ལ་ཉན་རྒྱུར་བྲེལ་འགྲོ་བའི་གོམས་གཤིས་ཆགས་འདུག་ལ། དེས་ནི། སྔོན་ཉན་ཟིན་པའི་དེབ་ཅིག་ལ་ཡང་བསྐྱར་ཞིབ་ཏུ་ཉན་རྒྱུའི་ཡི་ག་ཡང་འགག་པར་བྱས་འགྲོ། དེ་ལྟར་སོང་ན། དེབ་ཇི་འདྲའི་མང་བོ་ཞིག་ལ་སློབ་གཉེར་བྱེད་ཁུལ་གྱི་བགྱི་བརྩམས་ཟིན་ནའང་། མཐར་ཐུག་དེབ་དག་གི་བརྗོད་དོན་གལ་ཆེ་བ་ཡོད་ཚད་བརྗེད་ངེས་ཀྱི་དབྱིངས་སུ་འཐིམ་ངེས་པའི་ཉེན་ཁ་ཡང་ཆེན་པོ་འདུག་པས། སླད་ཀྱི་ཆར་དེབ་ཀྱི་མང་ཉུང་གཙོ་བོ་མི་བྱེད་པར་རྩ་ཆེ་བའི་དེབ་དག་ལ་ཡང་དང་བསྐྱར་དུ་ཉན་ཏེ། དེབ་ལས་བྱུང་བའི་བསམ་བློ་རིན་ཐང་ཅན་དག་ནི་ཚེ་གང་གི་སེམས་ཀྱི་ལོངས་དང་མི་ཚེའི་ལམ་གྲོགས་སུ་འཁྱེར་ཐབས་སུ་ཅིས་ཀྱང་བརྩོན་དགོས་འདུག་གོ།།


发布     👍 0 举报 写留言 🖊   
✋热门推荐
  • 凌晨2时50分-3时在距山海关服务区十公里处停留,全车人员休息至5时,未接触任何人。15时左右进入代县服务区等待后车晋H53011,约1小时,等待期间上厕所,同
  • 5.《得配本草》:世人动云生地妨胃,其能开胃,人实不晓,惟胃中阳气不足者,服之则胃气不远而饮食减,若胃阴虚,而胃土干燥,致胃气不远者,生地滋其阴,以清其火,而胃
  • 8在迷人的世界里,照顾好迷糊的自己9这世界不停开花,我想放进你心里一朵。8在迷人的世界里,照顾好迷糊的自己9这世界不停开花,我想放进你心里一朵。
  •   永久的童话,从一开始便不存在,一切只是幻想,一切只是虚无,镜子里的模样仿佛不再是自己,时间在嘲笑我们的年轻,承诺就像易碎的花瓶。以前我看书,不能完全理解,也
  • 行业动向◆中国基金报:截至12月17日,首批获8只北交所主题基金虽然成立尚不足一个月,净值已出现不同程度的波动。财经新闻早知道:#五粮液将坚持发力2000元以上
  • #晨起看天#【新疆这些风口今日阵风12~13级 乌鲁木齐市迎来小雪】今日北疆大部分地区和喀什地区山区、克孜勒苏柯尔克孜自治州山区、巴音郭勒蒙古自治州北部山区、哈
  • “近几年媒体不断发文报道南阳的好人好事,特别是央视一套播出的2016‘感动中国’十大年度人物中的英雄王锋,也是咱们南阳人,我想到要立即写一篇文章”为“南阳好人”
  • 雨和“悲伤的情绪”之间有一种天然的紧密联系,所以人们说“泪如雨下”。雨和“悲伤的情绪”之间有一种天然的紧密联系,所以人们说“泪如雨下”。
  • 】本次黄浦江路改造工程起于中环东线高架落地段,经友谊路后跨越南粮路、天鹅路,之后以隧道形式下穿现状元丰路(百灵路)继续向南跨越老吴淞江及吴淞江,向南以连续高架形
  • 是方辛温解表、温化寒饮,为治外感风寒,内有痰饮,表里同病而设。细品此方,乃是在消食健胃方中,加入活血化瘀药和清热理气药,意在促进胃动力,加强胃肠功能,有利于宿食
  • 恭请+V:15877425974阿赞迪猜亲自按照泰北和合秘法制作提炼的情降粉,捣碎的老牌U尼加湾料,内含两只人缘符管。恭请+V:15877425974阿赞迪猜亲
  • 这时,不仅其邻近的穴位,如左侧的章门、京门、腹哀以及胃上穴等,在针刺时可导致损伤,而且涉及到更多的其他腹部穴。另外,有些医生在不了解病情的情况下,盲目行腹部深刺
  • #病房里的春天#如此动人[心]】春天已如约而至,隔离病房也“春意盎然”。#病房里的春天#如此动人[心]】春天已如约而至,隔离病房也“春意盎然”。
  • 品名:舒柔自然系长绒棉印花四件套你喜欢的样子我都有,或温柔清新,或热情浓烈1.本系列四件套采用100%长绒棉,面料柔软丝滑透气,比一般棉透气性更高,水洗防日晒不
  • #上海[超话]# 最美的文案是请战书,国召必战[太开心]因为最近核酸采样人员数量也越发处于一个紧张阶段然后我呢近期休假在家是想申请到特殊岗位进行工作。我个人情况
  • 高碑店市行政审批局副局长李彦群介绍说,中心扩大至1.2万平方米,通过对整体功能布局的调整和优化,设立综合审批、工改服务、企业设立、医保服务、税务服务、不动产服务
  • 当深耕一项工作的时候,大部分人往往被当下浮躁的社会观所影响,越简单越容易吸引人的事情越容易获得“成功”。但深耕的本质尽管不利于商业,可它利于个人,别忘了,个人发
  • (非常灵验,收藏)从现在开始所有的好运将降临于我所有的好事都将发生在我的身上我健康有钱幸福快乐感恩生命中所有一切的发生【自我确认】:我是很富有的人,我本自具足无
  • 1964年毕业于西安美术学院国画系,国家一级美术师、教授。1964年毕业于西安美术学院国画系,国家一级美术师、教授。
  • (图六:修枝后的金桔,不好看了[笑cry] ,图七八九:去年金桔开花时的模样,很美) #阳光信用##每日一善#     皇帝是一个好皇帝,也是一个好父皇,云迟受