ཤན་རྩ་རྫོང་དམུ་ཁྱུ་མཚོའི་འགྲམ་རྒྱུད་དུ་རྙེད་པའི་རྡོ་ཡིག་ལ་ཡུལ་མིས་ཞང་ཡིག་ཏུ་འདོད་ནའང་ནུབ་བྱང་དུ་གདན་འདྲེན་གནང་བའི་ལེགས་སྦྱར་ཆེད་མཁས་པས་དུས་རབས་བཅོ་ལྔ་ནས་བཅུ་དྲུག་དུས་ཀྱི་ནཱ་ག་རའི་ཡི་གེ་ཡིན་པ་བདེན་དབང་གནང་སྟེ། དེའི་ནང་དོན་ནི་གུས་འདུད་དང་མཆོད་འབུལ་མཚོན་བྱེད་ལ་གོ རྡོ་ཡིག་གི་ནང་དོན་གྲོགས་ཤ་བོ་མཁའ་བྱམས་ནས་མཁོ་འདོན་གནང་བར་ཐུགས་རྗེ་ཞུས་པ་ཡིན།

རང་གི་སེམས་གཏིང་ན་སྦྲུལ་ཆུང་འདི་ལ་བྱམས་སེམས་དང་སྙིང་རྗེ་བྱེད་ན་གདུག་རྩུབ་ཅན་གྱི་དུག་སྦྲུལ་ཆུང་ཆུང་གི་ཡང་གནོད་པ་བྱེད་མི་སྲིད། དཔེར་ན། ཧེ་ཧེ་ཧེ། ​

གཟའ་མཇུག་ནངས་མ།

ཆགས་པའི་ཕྲ་ཕུང་ཁྲག་གི་མཚོ་མོ་རུ་ཟགས་ཚེ།།
གང་སར་འཁྱམས་འདོད་རྦ་རླབས་ལང་ལོང་དུ་འཁྲུགས་འོང་།།
སྨྱོན་པའི་ལས་དེ་སྐྱིད་པའི་རྩེ་མོ་རེད་བསམས་ནས།།
འདོད་པའི་ལམ་རྒྱགས་འཁུར་ཏེ་ནངས་མ་རུ་ཆས་སོང་།།
མི་རྫིག་རྫིག་དུ་བརྫུས་ནས་རྫིག་རྫིག་ཏུ་འགྲོ་ཞིང་།།
མེད་ཀྱང་ཡོད་ཁུལ་བྱས་ཏེ་སློག་སློག་ཏུ་བཏོན་ནས།།
སྦི་རག་གཅིག་བསྐྱལ་གཉིས་བསྐྱལ་མདུན་ཅོག་སྟེང་ཁེངས་དུས།།
ཚིམས་པའི་གདོང་ལ་བཅོས་མའི་འཛུམ་མདངས་ཞིག་ཤར་ཡོད།།
ཡར་གྱི་ངོ་སོ་ཉོ་བྱེད་གཙང་བཞེས་ཞིག་གནངས་ཞོར།།
བར་གྱི་འདོད་པ་བསྟུན་ནས་ཞབས་བཏེགས་ཤིག་རྒྱབ་ཡོད།།
མར་གྱི་བུ་མོའི་འདོད་པའི་སྤུ་ལོང་དེ་གཡོ་ཆེད།།
ཞབས་བཏེགས་གཅིག་སྦྲེལ་གཉིས་སྦྲེལ་སྦྲེལ་སྦྲེལ་དུ་བཏུང་ཡོད།།
རྒྱུ་ཅན་མིང་ཅན་གཡས་ན་སེང་གེ་ཡི་ཚུལ་དུ།།
རྒྱུ་མེད་མིང་མེད་གཡོན་ན་སྤྲེལ་ལད་ཀྱི་ཚུལ་དུ།།
ལགས་དང་ལེགས་སོ་ཆད་མེད་ཁ་བཏོན་གྱི་ཚུལ་དུ།།
གཡས་གཡོན་གཉིས་ན་སུག་བཞི་དུད་འགྲོ་ཡི་ཚུལ་དུ།།
ཚོན་མདངས་རྣམ་པར་བཀྲ་བ་གར་མཁན་གྱི་སྟེགས་བུ།།
རྭ་བཟི་སྐྱེས་བུ་ཕོ་མོའི་གདངས་དབྱངས་དང་མཉམ་དུ།།
ལྷ་ཡི་གར་མཁན་བྱོན་པས་སྣང་བ་རེ་ཡོད་ཀྱང་།།
བོང་བུ་འཁྱགས་ཐོག་བགྲོད་པས་ཚུགས་ཀ་རེ་མཐོང་བྱུང་།།
གྲོགས་ལ་གྲོགས་མདངས་མཚོན་བྱེད་གདོང་ཐུག་རེ་རྒྱབ་ནས།།
མོ་ལ་བརྩེ་མདངས་མཚོན་བྱེད་ཟུར་མིག་ཅིག་བལྟས་ནས།།
བ་སྤུའི་སྒོ་ནས་སྐྱུར་མོའི་རྔུལ་ནག་རེ་བཞུར་དུས།།
ཆང་གི་སྟོབས་ཀྱིས་རང་ངོ་རང་གིས་ཀྱང་མ་ཟིན།།
མ་བཟི་ཉམ་ཆུང་མི་ལ་ཚུལ་ལྡན་གྱི་གཤིས་ལུགས།།
བཟི་ན་བག་མེད་ཐ་ཤལ་སྨྱོན་པ་ཡི་ཆ་ལུགས།།
རང་སེམས་རང་གིས་བཅོས་ན་སྐྱིད་པོ་རེད་འདོད་ཀྱང་།།
རང་ལུས་རང་གིས་བརླག་ན་སྡུག་གྱོང་རང་ཡིན་སོང་།།
ཉིན་མོ་ལས་རེས་མཚན་མོ་འཁྱམ་རེས་ཀྱི་འཚོ་བ།།
དེང་གི་མི་རྣམས་དེ་འདྲའི་འཚོ་བ་ལ་གོམས་པ།།
ཉིན་མོ་ཟས་བཅག་མཚན་མོ་ཆང་རག་ལ་སྤྱོད་པ།།
དེང་གི་འཚོ་བ་འདི་འདྲ་འཁྱོལ་ཐབས་རང་མི་འདུག །
གཟའ་མཇུག་ནངས་མའི་འཚོ་བའི་ཟུར་ཙམ་ཞིག་བྲིས་པ།།
གཟའ་མཇུག་ནངས་མར་མ་ཕྱིན་ཡིད་ཆེས་ནི་མི་སྲིད།།
གཟའ་མཇུག་ནངས་མའི་འཚོ་བར་རྒྱུས་ལོན་དེ་འདོད་ན།།
གཟའ་མཇུག་ཉིན་མོར་གཟའ་མཇུག་ནངས་མ་རུ་ཕེབས་ཤོག།


གཡང་འབུམ་བཀྲ་ཤིས།

༢༠༡༧.༡༠.༥


发布     👍 0 举报 写留言 🖊   
✋热门推荐
  • #当妈妈你后悔了吗##冒个泡##宝宝的少女心# 工作起来的时候感觉自己有被社会认同的价值感;带娃的时候温柔跟耐心前所未有的都给了宝宝;除了公司员工和宝宝的妈咪之
  • #宝洁致歉# 笑死我了,希望男人们都卷起来,刚跟我男朋友吐槽宝洁低能,难以想象这是大企业发出来的东西,我作为消费者买个东西还要骂我?楼下那种卖三块钱一根有点肉算
  • #杭州江干区租房[超话]##杭州下沙租房通[超话]#3室套房个人转租:下沙江滨 瑞景湾 次卧出租 带大飘窗,合租房 无中介费 4月15日拎包入住A.房租850B
  • 从去年夏季赛被大家送上嘲笑意味的“英国打野”的称号,再到s赛的时候他几次“扶大厦于将倾”的抢龙,V5、wbg宁可降低打大龙速度也要分两个人出来牵制你,应该也可以
  • #浪浪钉[超话]#分析一波)首先是大家都磕到的首唱会送花的糖,其实已经半锤了,俊子12G冲浪的人怎么可能不知道花的意思,11朵香槟玫瑰加上蓝绣球花,基本锤到了。
  • [good][good]#亦之紫F[超话]# 老公我爱你,我什么都不会,我不会乐器,不会画画,五音不全,也不懂浪漫,我本来就是一个很无聊的人,我只会一遍又一遍地
  • 同样是呼吸道传播,接触过肺结核患者的人就一定会得肺结核吗?
  • 人之烦忧,生万千情,情生愁丝,何时理清,必无尽头,皆是自作。物之享受,人之常情,欲作解脱,必须放下,若有多虑,必付代价,体无完肤,身心摧残,一无所得,失望绝望,
  • 莎丽的话我个人觉得郑秀珍可以,又豪爽又英气又带有一点倔强的美,而且她长相不是最好看的,但是很耐看,(选角太美也不行,毕竟不能越过第一美女蓝兔吧23333),所以
  • 透真连续蝉联天猫金妆奖3年,日本高端养肤级配方,清透体量不假白,轻薄服帖不搓泥,缓解晒红晒伤~【随时停券,搞快点】 ​ [最右]【透真旗舰店】防晒隔离修护三合一
  • 有一次,鞠萍赶时髦烫了个新潮的发型,结果许多小朋友都哭了,他们给鞠萍写信:“鞠萍姐姐,在我心里您永远都是姐姐,是不会变成烫头发的大人!这一切都被央视主持人陈铎看
  • ”Bata的表情有一瞬间变得不太自然,她停顿了一下:“接下来它的粮食都需要靠你认真完成实验任务来兑换,如果你不好好完成,它就会饿死。这是主星系上非常受孩子喜欢的
  • 十分感谢一直陪在身边的同袍、朋友们,吾人平时槽吐的多,漂亮话说的少,愿今日之苦,守得他年之开,愿你我竭诚,守西土靖安。#李亚倪[超话]#今日打开腾讯新闻看到一则
  • 古往今来,人类追求的幸福生活,只能建立在公平正义的基础之上。我们追求的富强,不崇尚弱肉强食的丛林法则,不同“国强必霸”的陈旧逻辑,而是希望与世界各国和睦相处、和
  • 坐北朝南房子水池位置西北这个方位为吉位,水池一定要经常保养,围边的石头布置也要摆设美观,才能产生稳定的情绪和活力;西方位在设置水池时,没有阳光反射就是吉位。一杯
  • 今天晚上水豚茶社暂停营业,茶老板跟小小在工作室包茶准备明前茶第二批次发货。今天打开手机想看大侦探的更新,发现官微给出了暂停播出的通知。
  • 【吕小军有望递补获里约奥运举重金牌 实现奥运三连冠|El Tribunal de Arbitraje Deportivo despoja al halteróf
  • 愿我们大家都能健康平安,平凡的活着[心]#闪耀暖暖[超话]#给大家科普一下各式晒欧1.精,该类人群通常会拿非常欧的图同时里气的说自己没晒,被骂后偷偷修改2.卖惨
  • 《女配的魅力》作者:居尼尔斯(现言微娱乐圈,破镜重圆,微信公众号,8.9/10分)文景韵/张妄男女主青梅竹马,小时候一起长大,两人打打闹闹也很亲密,高中毕业时互
  • 本届西洽会共设置8个展馆,各大展厅纷纷通过全息投影、裸眼3D、透明屏等高科技展陈设备、最新黑科技产品、建筑地标等等元素,充分展现“西部开放”“涌立潮头”、“国际