#འཚོ་བ།##生活#
འུར་འུར་ཟང་ཟིང་འཁོར་བའི་མཚོ་ངོགས་སུ།།
སྐྱིད་སྐྱིད་སྡུག་སྡུག་ལས་ཀྱི་སྐལ་དུ་གྲགས།།
འཁྱམ་འཁྱམ་ཡམ་ཡོམ་ངང་གི་མི་ཚོགས་ནས།།
འཆམ་འཆམ་ལྡང་ལྡིང་བྱེད་པའི་བདག་ཀྱང་འཚོ།།
འུར་འུར་ཟང་ཟིང་འཁོར་བའི་མཚོ་ངོགས་སུ།།
སྐྱིད་སྐྱིད་སྡུག་སྡུག་ལས་ཀྱི་སྐལ་དུ་གྲགས།།
འཁྱམ་འཁྱམ་ཡམ་ཡོམ་ངང་གི་མི་ཚོགས་ནས།།
འཆམ་འཆམ་ལྡང་ལྡིང་བྱེད་པའི་བདག་ཀྱང་འཚོ།།
“གལ་ཏེ། རྟོགས་པ་སད་པའི་མི་ཤེས་ཡོན་ཅན་ཞིག་གིས་ཁོའི་མཐའ་འཁོར་གྱི་རྟོགས་པ་མ་སད་པའི་མི་བརྒྱ་ཆའི་གོ་དགུ་ལ་བསྟུན་པ་ཡིན་ན། ཁྱོད་རྟོགས་པ་སད་པར་རྒྱུ་མཚན་ཅི་ཡོད།”ཅེས་པར་གཞིགས་ན་གནད་དོན་ཞིག་ལྷིང་ལ་བུད་ཡོང་གི་འདུག་སྟེ་ང་ཚོ་བློ་རིགས་གྲུང་མདོག་གིས“མཐུན་ཐབས་སྨྲ་བར”འགྱུར་བའི་བརྒྱུད་རིམ་དེ་ཉམ་ཉེས་བསུ་བའི་རིམ་པ་ཞིག་ཡིན་པ་སུ་ལ་གསང་ཨང་། [咖啡]
ནམ་ཟླ་ཇེ་འཁྱག་ལ་སོང་བ་དང་བསྟུན་ལྕགས་ཐབ་ལ་མེ་བུས་ནས། ང་རང་དགའ་སའི་ཁོ་ཧྥེ་འཐུང་ཞོར་དཔེ་ཆར་བལྟས་ན་དེ་ནི་རང་གིས་རང་ལ་བདག་བྱེད་སྟངས་ཤིག་ཡིན་པ་ལས་དེ་ནི་ང་རང་ཁམས་ཨེ་དྭངས་ལ་ལྟ་བྱེད་ཅིག་མ་རེད་བསམ།[咖啡]
✋热门推荐