ཁ་རྩང་ཆོས་ཁྲིད་ཀྱི་འཕྲོས་དོན་ལ་རི་དྭགས་ཁྲི་སྙན་ས་ལེ་ངོ་སྤྲོད་གནང་བ།
རྨེ་སྤྲུལ་མཆོག་གིས།

ཁ་རྩང་རྨེ་སྤྲུལ་མཆོག་གིས་ཆོས་ཁྲིད་ཀྱི་འཕྲོས་དོན་ལ་རི་དྭགས་ཁྲི་སྙན་ས་ལེ་ངོ་སྤྲོད་གནང་། དེ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ་ལས། པདྨ་དག་གི་གདན་ལ་བཞུགས། །ཕྱག་ན་པདྨ་བཟང་པོ་བསྣམས། །རིལ་བ་སྤྱི་བླུགས་ཕྱག་ན་བསྣམས། །ཁྲི་སྙན་ས་ལེའི་པགས་པ་མནབས། །ཞེས་འཕགས་པ་སྤྱན་རས་གཟིགས་ཀྱིས་རི་དྭགས་ཁྲི་སྙན་ས་ལའི་པགས་མནམས་པར་གསུངས་ཤིང་། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་བཤད་པ་ལས། བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་པའི་རི་དྭགས་ཁྲི་སྙན་ས་ལེ་ཡང་། རྟག་ཏུ་སེམས་ཅན་ལ་བུ་གཅིག་པ་བཞིན་དུ་སེམས་པའི་སྙིང་རྗེ་དང་ལྡན་ན། ཐེག་པ་ཆེན་པོ་རྣམས་ཀྱིས་ལྟ་ཅི་སྨོས། ཞེས་རི་དྭགས་ཁྲི་སྙན་ས་ལེ་འདི་རྟག་ཏུ་སེམས་ཅན་ལ་བུ་གཅིག་པ་བཞིན་དུ་སེམས་པའི་སྙིང་རྗེ་དང་ལྡན་པར་བཤད་པས། བྱམས་སྙིང་རྗེ་ཡང་དག་འབྱུང་བ་ལ་ཤིན་ཏུ་སྨན་པའི་རྟེན་འབྲེལ་ལས། རྒྱ་བོད་ཀྱི་སྒོམ་ཆེན་པ་མང་པོའི་གདན་རི་དྭགས་འདིའི་པགས་པས་བྱེད་སྲོལ་ཡོད་འདུག་ཅིང་།རྗེ་བཙུན་མི་ལའི་བླ་མ་དྲན་དྲུག་གི་མགུར་ལས། གནས་ཆེན་གྲོ་བོ་ལུང་གི་དགོན་པ་ན། །རྡོ་ཆེན་ཨ་མོ་ལི་ཀའི་ཁྲི་སྟེང་ན། །གདན་ཁྲི་སྙན་ས་ལེའི་པགས་སྟེང་ན། །དེ་ན་སུ་བཞུགས་སུ་མི་བཞུགས། །དེ་ན་སྒྲ་སྒྱུར་མར་པ་བཞུགས། །ཞེས་སྒྲ་བསྒྱུར་མར་པ་རི་དྭགས་ཁྲི་སྙན་ས་ལའི་པགས་གདན་གྱི་སྟེང་དུ་བཞུགས་པ་བཤད་ལ།ལོ་ཙཱ་བ་རིན་ཆེན་བཟང་པོའི་གདན་སའི་མཐོ་ལྡིང་ལྷ་ཁང་གི་ལྡེབ་རིས་ལ། ལྷ་ཁང་གི་སྟེང་གི་རི་དྭགས་ཆོས་ཉན་ཆོས་འཁོར་གྱི་རི་དྭགས་ལ་རི་དྭགས་ཁྲི་སྙན་ས་ལེ་བྲིས་ཡོད་པས། རང་རེ་བོད་ཀྱི་འདུ་ཁང་དང་ལྷ་ཁང་སོགས་ཀྱི་སྟེང་གི་རི་དྭགས་ཆོས་འཁོར་གྱི་རི་དྭགས་འདི་ཡིན་པ་རྒྱ་གཞུང་དུ་ཁུངས་གསལ་བོར་ཡོད། བླ་མ་མི་ཕམ་པའི་སྐད་གཉིས་ཤན་སྦྱར་ལས། ཁྲི་སྙན་ས་ལེའམ་ནག་ཁྲ། འཆི་མེད་མཛོད་ཀྱི་འགྲེལ་ལས་འདི་ལ་རི་དྭགས་ནག་ཁྲ་དང་། གཞུང་ནག་ཅེས་བྲིས་ཡོད་ཅེས་རྨེ་སྤྲུལ་རིན་པོ་ཆེས་གསུངས། འདིའི་མིང་གི་རྣམ་གྲངས། ཀྲྀཥྞ་སཱ་ར། ཁྲི་སྙན་ས་ལེ། ཁྲི་སྙན་སཱ་ར། རི་དྭགས་གཞུང་ནག ཁྲི་གཉན། ནག་ཁྲ་རྣམས་སོ། ། དྲྭ་གཞན་ལས་བཤུས། https://t.cn/R2Wx1bc

སྐྱབས་མེད་མགོན་མེད་ཀྱི་དྭ་ཕྲུག་རྣམས་ཀྱི་ཕ་ཚབ་དང་། ཁྱད་པར་བོད་ཀྱི་དྭ་ཕྲུག་དང་བཤད་གྲྭ་པ་དང་སློབ་མ་རྣམས་ཀྱི་མ་ཚབ་འཛམ་གླིང་རོགས་སྐྱོར་ཚོགས་པའི་ཚོགས་གཙོ། སྤྲུལ་ཨ་དཀོན་རིན་པོ་ཆེ་སྐུ་བཤེགས་ནས་ལོ་འཁོར་དགུ་ལོན་པའི་རྗེས་དྲན་ཞུ།

ཁྱེད་ཀྱི་སྙིང་སྟོབས་ལ་དགའ་ཞེན་ཡོད། ཁྱེད་ཀྱི་བྱམས་བརྩེ་ལ་དད་པ་ཡོད། ཁྱེད་ཀྱི་མཛད་སྤྱོད་ལ་ཡི་རངས་ཡོད། ཁྱེད་ཀྱི་ལྷག་བསམ་ལ་དུང་ཞེན་ཡོད།[凋谢][凋谢][凋谢]

གཟའ་མཇུག་གློག་བརྙན་འོས་སྦྱོར།#犬之力#
《ཁྱི་ལས་ལོད།》སྐབས་༩༤་པའི་ཨོ་སི་ཁའི་འཁྲབ་འཁྲིད་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ།

གློག་བརྙན་འདིའི་ནང་དུ་གཅེན་གཅུང་གཉིས་ཀྱི་རང་གཤིས་མ་འདྲ་བའི་རྒྱབ་ངོས་སུ་བུད་མེད་ལ་བཟུང་བའི་རྣམ་འགྱུར་མི་འདྲ་བ་རིགས་གཉིས་ལས་མཚན་མཐུན་འདོད་ཆགས་ཀྱི་འོག་འགྱུའི་སེམས་ཁམས་དང་ཟོབ་རྫུའི་ངོ་བོ་དེ་ཁྱི་ལས་ལོད་ཅིག་གི་རང་བཞིན་དུ་བཤད་ཡོད།


发布     👍 0 举报 写留言 🖊   
✋热门推荐
  • 该公司专注于肿瘤免疫治疗领域创新抗体药物研发,融资所得主要用于推进公司在研项目进入 IND 阶段,以及其它产品管线的临床前研发,尤其是用于自身免疫病和眼科的新药
  • 一路走来,经历春花秋月,夏蝉冬雪,总会让我们变得坚强,从懵懂的变得成熟,从鲜衣怒马到沉稳豁达,随着时间的流逝,尝遍世间百味,看过人间景色,便也就懂得了自律、温婉
  • 感谢太多莫名的关心 螺狮粉也慨叹为何从没有来自你的问候。感谢太多莫名的关心 螺狮粉也慨叹为何从没有来自你的问候。
  • 雍和会湖东店(自助) 食物种类蛮丰富的,刺身、寿司、海鲜、水果、铁板烧、甜品、烧烤、酒水饮料,应有尽有,小青龙、鹅肝、海胆、大闸蟹、红蟳、海参不限量,热门食材要
  • 看泰迪熊博物馆再也不用到济州岛了[太开心][太开心]![鼓掌][鼓掌]能帮大家只有这里了……剩下的等你来体验一下吧!
  • 一个杯子两种用途,解决您口渴的同时让您享受运动后满身是汗迅速降温保湿的清爽感觉!【早上补水重要性】人体经过一个晚上的睡眠时间不喝水,早上起来就会有口渴的身体信号
  • 一对老夫妻带着已婚的子女和孙辈在这间公寓里住了20年,他们决定从根本上更新设计,以混凝土和高级灰的形式进行大胆的尝试。这次看到图片中显示的是老夫妻从弯道转入正道
  • 我们经常忘了给自己时间去做自己,而这即是禅修。——噶玛老师我们经常忘了给自己时间去做自己,而这即是禅修。
  • (环球时报)【#北京全面排查有中高风险地区旅居史人员# 抵京后72小时内要测核酸】 北京市卫健委提醒,当前,北京出现多渠道、多传播链新增确诊病例,再次给我们敲响
  • 你说这么多咋选择啊,就我而言,我对2021年5月1日那场直播印象深刻,当时他云淡风轻讲诉干厨师时的“摘木耳”和“罚两百块钱”事件直接把我说哭了,我就觉得怎么那么
  • “雪为五谷之精”确实有记载说雪水“取以煎茶,幽人情况”“味更清冽”……但唐·张又新《煎茶水记》里雪水在众水中只排到第二十位,宋·蔡襄《茶录》说雪水“性感重阴,不
  • 问题是:女朋友怀孕了嘛,因为还没结婚我就说先不要,但是她想要,最后闹得很不愉快,但最后商量后还是决定打掉,打掉后就分手,但是女朋友提了很多要求,要做一个月月子不
  • 今天去拜访尊敬的教授夫妇,天雨+脚疼,临时决定打车前往,司机态度很好,但是这样……这样……还没给我送到地方,我要去28号,把我放在2号,正好是南辕北辙,发现的时
  • 梦 飞施 新CHINA阐纳M嘉Y 当 馈 览一无余 秋裤不穿贪肉羊 廉 颇相赵画秦王 织编姥孫忆温凉 曦 轮傲双 羊舍菜白洞心肠 大 吉立
  • 原来大s腿上这个,还是他亲手纹的,这才给忘记了,闹出这么一出乌龙,属实是“灯下黑”太尴尬了原来自打两人决定戒指用纹身后,就购买了一台刺青机,在家里看电视剧的时候
  • #每日一善[超话]#[新鲜好柿]#每日一善# 走在生活的风雨旅途中,我们没有必要去为难自己,冷了,自己加衣,累了,给自己一个拥抱;坚持不下去了,想想自己为什么要
  • 双集各有十几位师友作序留言,成为孙宽记录成长的特殊方式,也是双集的又一特色,作者以开放的心,接纳各种声音,批评与鼓励并进,脍炙人口,自成一格。软精装手掌书,方便
  • 12星座当爱情来了之后,你猜会咋样?♈白羊座:整天打听对方的事♉金牛座:开始注重打扮买新衣服♊双子座:不时傻笑♋巨蟹座:减肥♌狮子座:等对方手机心急如焚♍处女座
  • [失望]三年前的今天,2019年的9月2日,可能是很多中国球迷都难以忘却的一天。那场比赛过后,周琦成为了中国所有球迷心目中的千古罪人,“波兰中锋”、“鸡蛋灌饼”
  • 图一:阿莲 图‮到二‬图六:西‮的安‬合伙人们90后宝子 90后‮她的‬们,心向阳光,有‮灵趣‬魂,她们基‮上本‬都是从事关于“美”行业:形‮设象‬计,色彩搭