འཇམ༵་དཔལ༵་དབྱངས་དངོས་བློ་བཟང་རྒྱལ་བའི་བསྟན།།
འཛིན་ལ་ལུང་རིགས་སྨྲ་བའི་མཆོག་གྱུར་བ།།
ཟླ་བྲལ་བློ༵་གསལ་བྱེ་བའི་མིག་འབྱེད་མཁན།།
ཤེས༵་རབ་འོད་བརྒྱ་འབྱེད་ལ་གསོལ་བ་འདེབས།།

བྱང་ཆུབ་ཐུགས་ཀྱིས་འགྲོ་ཀུན་བུ་བཞིན་གཟིགས།།ལྷག་པའི་ལྷ་ཡིས་རྗེས་བཟུང་བྱིན་གྱིས་བརླབས།།སྙིགས་དུས་འགྲོ་བ་འདྲེན་པའི་བཤེས་གཉེན་མཆོག །ནམ་མཁའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།།

བླ་མས་བསམ་པ་ནི་སློབ་མའི་ཉམས་ལེན་ཡིན། དགེ་བཤེས་སྟོན་པར་རང་དང་འདྲ་བའི་སློབ་མ་གསུམ་ཡོད་ལ་སྐུ་མཆེད་གསུམ་ཞེས་འབོད།

སྐུ་མཆེད་གསུམ་ནི་རྒྱ་ཆེན་སྤྱོད་པའི་བཀའ་བབས་པོ་ཏོ་བ་རིན་ཆེན་གསལ། ཉམས་ལེན་བྱིན་རླབས་ཀྱི་བཀའ་བབས་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། ཟབ་མོ་ལྟ་བུའི་བཀའ་བབས་སྤྱན་སྔ་བ་ཚུལ་ཁྲིམས་འབར་ཏེ། འདི་གསུམ་ལ་སློབ་མའི་གཙོ་བོར་གྱུར་པ་གསུམ་སྟེ། ཁོང་གསུམ་ལ་བཀའ་གདམས་པའི་སྐུ་མཆེད་རྣམ་གསུམ་ཡང་ཟེར།

ཉིན་ཞིག་དགེ་བཤེས་སྟོན་པའི་དྲུང་དུ་བཙུན་པ་ཞིག་མཇལ་དུ་བྱོན། དགེ་བཤེས་སྟོན་པས་བཙུན་པ་དེ་སྐུ་མཆེད་གསུམ་དང་ཁམས་ལུང་བའི་སློབ་མ་ཡིན་པ་མཁྱེན་པ་དང་། རང་རྐྱ་ཐུབ་པའི་སློབ་མ་དེ་དག་ཐུགས་ལ་ཤར།

བླ་མ་ཞིག་ཡིན་ན་ཁོང་གི་ཐུགས་གཏད་ས་སློབ་མ་ཡིན་ཞིང་། སློབ་མས་འཁྱོངས་ན་བླ་མའི་ཐུགས་འདུན་གྲུབ་པ་ཡིན། དེ་བས་ཁོང་གིས་སློབ་མ་འདི་དག་གི་གནས་ཚུལ་དྲིས།

སྟོན་པས་ཐོག་མར་པོ་ཏོ་བ་ཁོང་གིས་ཅི་མཛད་ཀྱིན་གདའ་ཞེས་དྲིས། པོ་ཏོ་བའི་མཚན་ལ་རིན་ཆེན་གསལ་ཟེར་ཞིང་། འཕན་ཡུལ་སྤྲས་ཀྱི་བའོ་ཐང་དུ་མེ་མོ་ཡོས་ཀྱི་ལོ་ལ་སྐུ་འཁྲུངས། ཡེར་བའི་རྔོག་བྱང་ཆུབ་འབྱུང་གནས་ལས་རབ་ཏུ་བྱུང་། དགུང་ལོ་བདུན་ཅུ་རྩ་དགུ་བར་གཤེགས། སློབ་མ་ཀ་ཆེན་བརྒྱད་ཡོད།

དགེ་བཤེས་མཚན་ཉིད་དང་ལྡན་པ་དང་མི་འབྲལ་བར་བསྟེན་དགོས་པར་དགོངས་ནས་དགེ་བཤེས་སྟོན་པ་ལོ་བདུན་བསྟེན་པ་ལ། དགེ་བཤེས་སྟོན་པའི་ཐུགས་ཀྱང་ཁེངས་པས། བའོ་ཐང་འདིར་ཇི་ལྟ་བུའི་མི་ཆེན་ཞིག་འབྱོན་པར་འདུག་གསུངས་པར་གདའ།

དགུང་ལོ་དྲུག་ཅུ་རྩ་གཅིག་པ་ལ་སྤྲས་ཀྱི་པོ་ཏོ་དགོན་པ་ན་བཞུགས། ཕྱིས་སུ་གྲྭ་བ་ཆིག་སྟོང་སུམ་བརྒྱ་ཙམ་བཞུགས་པར་འཆད་ཉན་བསྐྱངས།

བཙུན་པ་དེས། ཁོང་གིས་དགེ་འདུན་བརྒྱ་ཕྲག་མང་བོ་ལ་ཆོས་གསུང་གིན་གདའ་ཞུས་པས། ངོ་མཚར་ཆེ། དེ་ཡང་གཅིག་ཡིན་གསུངས།

དེ་ནས་དགེ་བཤེས་ཕུ་ཆུང་བ་ཁོང་ཅི་མཛད་ཀྱིན་གདའ་ཞེས་དྲིས།

ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ཏེ། ལུག་གི་ལོར་ཡུང་བའི་ཕུའི་དགོན་པར་འཁྲུངས། དགེ་བཤེས་སྟོན་པ་ལོ་བདུན་ལ་བསྟེན། དགུང་ལོ་བདུན་ཅུ་རྩ་དྲུག་པ་ཁྱི་ལོའི་རྒྱལ་གྱི་ཟླ་བར་སྐུ་གཤེགས།

ཁོང་སྐྱེས་ཀྱང་ནགས་སུ་སྐྱེས། དེངས་ཀྱང་ནགས་སུ་དེངས་པ་ལྟ་བུ་ཞིག་ཡིན་ཏེ། ཤ་གཟུག་རང་ཟ་གསུངས་ནས་སྒྲུབ་པ་འབའ་ཞིག་སྐུ་ཉམས་སུ་བཞེས། པོ་ཏོ་བ་ཆེན་པོས་ནི་བཤད་རྒྱུད་ཀྱི་གདམས་ངག་གིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ། བསྟན་པ་ལ་ཁོང་ཁོ་ན་བཀའ་དྲིན་ཆེ། ཞེས་གསུངས། ཕུ་ཆུང་བ་རང་ལ་ཡོ་བྱད་ཅི་ཡོད་ཀྱིས་དཀོན་ཅོག་མཆོད་པ་ལ་ཕྱག་ལེན་མཛད། སྤྱན་སྔ་སྐུ་གསུང་ཐུགས་ཀྱི་རྟེན་བཞེང་བ་ཕྱག་ལེན་མཛད།

བཙུན་པས་དེས། རང་གཞན་གྱི་ཡོ་བྱད་མང་བོས་རྟེན་གསུམ་འབའ་ཞིག་བཞེངས་ཤིང་གདའ་ཞུས་པས་སྔར་བཞིན་ངོ་མཚར་ཆེ། དེ་ཡང་གཅིག་ཡིན་གསུངས།

དགོན་པ་བ་ཁོང་ཅི་མཛད་ཀྱིན་གདའ་གསུངས་པས། ཁོང་སྒོམ་འབའ་ཞིག་མཛད་ཀྱིན་གདའ་ཞུས་པས། སྔར་བཞིན་ངོ་མཚར་ཆེ། དེ་ཡང་གཅིག་ཡིན་གསུངས།

ཁམས་པ་ལུང་བ་ཁོང་ཅི་མཛད་ཀྱིན་གདའ་ཞེས་དྲིས། ཁམས་པ་ལུང་བ་ཆེན་པོ་ནི། འཕན་ཡུལ་ཡུང་བར་ཤིང་མོ་གླང་ལ་འཁྲུངས་ཤིང་དགེ་བསྙེན་ཡིན། མཚན་ཤཱཀྱ་ཡོན་ཏན། གཞོན་པའི་དུས་སྡེ་སྣོད་ལ་ཡང་སྦྱངས་པ་མཛད་དེ། སྙེ་ཐང་དུ་ཇོ་བོ་ཉིད་དང་མཇལ་ཞིང་ཕྱིས་རྭ་སྒྲེང་དུ་དགེ་བཤེས་སྟོན་པ་ཡུན་རིང་དུ་བསྟེན་ཅིང་སྐུ་མཆེད་གསུམ་མམ་བཞི་ཞེས་གྲགས་སྐད།

ཤིང་མོ་ལུག་གི་བར་དགུ་བཅུ་རྩ་གཅིག་པ་རྟའི་ཟླ་བའི་ཚེས་བཅུ་བཞི་ལ་ཁམས་ལུང་དུ་སྐུ་གཤེགས། བྱང་ཆུབ་ཀྱི་ཐུགས་འབྱོངས་པས་ཞལ་མཐོང་བ་ཐམས་ཅད་དད་པར་གྱུར། མདོར་ན་མཐོང་ཐོས་དྲན་རེག་དོན་ལྡན་དུ་འགྱུར་ངེས་པའི་སྐྱེས་བུ་ཆེན་པོར་གྲགས་སོ། །

བཙུན་པ་དེས། ཁོང་པ་གྲོག་ཁ་རེར་བཞུགས། དབུ་བཏུམས་ཏེ་བཤུམ་པ་འབའ་ཞིག་མཛད་ཅིང་གདའ་ཞུས་པས། སྟོན་པས་དབུ་ཞྭ་ཕུད། ཐུགས་ཀར་ཐལ་མོ་སྦྱར། སྤྱན་ཆབ་མང་བོ་ཕྱུང་ནས་ཤིན་ཏུ་ངོ་མཚར་ཆེ། ཆོས་བྱ་བ་ཁོང་གིས་བྱས་པ་ཡིན་གསུངས།

འདིའི་ཡོན་ཏན་མང་བོ་བཤད་རྒྱུ་ཡོད་དེ། ད་ལྟ་བཤད་ན་ཁོང་མི་མཉེས་པར་འདུག་གསུངས། ཁམས་པ་ལུང་བ་ཁོང་དབུ་བཏུམས་ནས་བཤུམ་པ་འབའ་ཞིག་མཛད་པའི་ཚེ། འཁོར་བ་ན་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་ལ་དགོངས་ནས་སྙིང་རྗེ་ཁོ་ན་བསྒོམས་ཏེ་བཤུམ་པ་ཡིན།

དེ་བཞིན་དུ་བྱམས་པ་དང་སྙིང་རྗེ་གཉིས་པོ་འདི་གལ་ཆེ་བའི་རྒྱུ་མཚན་མང་བོ་སྤྱན་སྔ་བས་གསུངས་པའི་ཚེ། གླང་ཐང་པས་ཕྱག་མཛད་དེ། བདག་དུས་འདི་ནས་བཟུང་སྟེ་བྱམས་སྙིང་རྗེ་འབའ་ཞིག་བསྒོམ་པར་ཞུ་ཞུས་པས། དགེ་བའི་བཤེས་གཉེན་པས་དབུ་ཞྭ་ཕུད། ཤིན་ཏུ་བཟང་ལགས་ཞེས་ལན་གསུམ་གསུངས།https://weibo.com/u/7342583952


发布     👍 0 举报 写留言 🖊   
✋热门推荐
  • 当时间确定后,馆社教部志愿者团队将保密,以突然广播的形式让观众惊喜,毕竟这些专业航海人会带来丰富的知识,让更多的观众能够看到真正的船长、轮机长和各级海员在馆内宣
  • 似乎是看出了她的意思,男人又眼皮子一掀,说:“你还担心会报复到你身上? 似乎是看出了她的意思,男人又眼皮子一掀,说:“你还担心会报复到你身上?
  • #广州cp##广州cpsp##technoblade##cosplay# 第一次出c,出了猪,被集邮的时候有种当初刚混美城云庭的感动(现在已退坑,只是猪单推)
  • 《夏雨》七绝 云墨风残报夏深, 纷纷洒洒落凡尘。 卷帘举目观街景, 但见烟濛不见人。 夏天的雨,有着“黑云翻墨未遮山,白雨跳珠乱入船”的奔放洒脱。猝不及防间,
  • 9月2日至6日,同期举办第三届全球气象服务与装备展览,来自国内外多家气象、能源及相关行业企业将通过多种形式展示气象赋能全产业的最新成果和技术应用。 龚俊国表示
  • ”#王源[超话]##与王源十年璀璨共往##王源新歌要来了吗# “我开始懂得,一些过去很好的朋友,并不是因为彼此改变不联系了,也有可能就是某次没有办法及时分享喜悦
  • 现在回想都不知道怎么走过来的,而且仔细看还会发现架子是歪的(掩面)有这次DIY动手的经验,还有剩下的板材,让我陆陆续续DIY了很多东西,一并分享给各位瞧瞧。现在
  • 19岁 向阳且真诚的19岁 19岁的严浩翔已经不是18岁的严浩翔啦 19岁的浩翔宝宝会比18岁的浩翔更努力更勇敢更坚定不移19岁的严浩翔会更加所向披靡 我永远会
  • 【1700傍晚好】树叶变色的原因与其蕴含的化学物质—叶绿素有关。树叶中缺少了绿色的叶绿素,与此同时,其它化学色素因而显现出来,所以我们多看到黄和褐等颜色的树叶。
  • 有需要的随时联系,24小时看房车接车送联系电话18917450976(微信同号) #国企资讯#【打造魔都绝美外滩江景餐厅,华建集团环境院外滩再席餐厅改造工程】高
  • 在草稿箱里躺了很久的碎碎念P1 e-learning期间,还在幻想着8:30上班5:30下班P2 室友上班第二天加班到八点半,楼里依旧灯火通明P3 第一个周的周
  • 据政府总理介绍,截至目前,哈萨克斯坦全国有55家医疗机构为神经系统疾病儿童康复保障提供服务,其中27家机构在去年投入使用。通过公私合作机制,目前已经在8个地区开
  • 怜悯或者被普渡的从生男的女的老迈的盛年的肢体健全的或者不那么健全的一个接着一个排队紧紧挨着磨肩擦踵只为今天的粥舍然后又是明天十一点兄弟在搬砖现场脚手架深处阳光渗
  • 据《2023年暑期出游市场报告》显示,今年暑期,消费者呈现出游半径增长、出游频次提升、体验付费项目增加的趋势,此外,研学游、酒店度假、赛事演出、沉浸夜游等成为暑
  • (北京)2023第21届亚洲电源产品技术展时间:2023年10月19日—21日   地点:中国·北京亦创会展中心300+参展企业         20,000
  • Apple Watch Series 8 依然是第2季度国内最畅销的智能手表,但相比较2022年第2季度的 Series 7,出货量下降了25%。⑤【OPPO】
  • 《夏思曼傅商序安》(夏思曼傅商序安)小说全文阅读全章节无弹窗(夏思曼傅商序安) 书名:《夏思曼傅商序安》 主角:夏思曼傅商序安 全文请到弓仲呺发个主角名就行了!
  • #KEP1ER[超话]# 0830 预告海报 0831 回归行程表 0904 预售+歌单 0907 0908 kep1erving+ 团综 0911 12概
  • 同事一闲我就遭殃òᆺó fxxk 早上修改昨天的工作。 同事:哟!这么早就完成了? 刚刚群里在点午餐,我准备接龙。 同事: 哟!这么早? 我: 对呀!人家接
  • 西望夏口,东望武昌,山川相缪,郁乎苍苍,此非孟德之困于周郎者乎?穷且益坚,不坠青云之志一旦不能有,输来其间一旦不能有,输来其间虽趣舍万殊,静躁不同,当其欣于所遇