࿑ལུགས་ཀྱི་བསྟན་བཅོས་ལས།
མི་ཆོས་སྲོག་ཤིང་དྲང་པོ་སྟེ།།
ཡ་རབས་བྱ་བ་ཕལ་མོ་ཆེ།།
གྱ་གྱུའི་རྫབ་ཀྱིས་མ་གཡོགས་པར།།
གཙང་མའི་གསེར་བཞིན་མངོན་པ་ཡིན།།
ཞེས་གསུངས།
མི་ཆོས་སྲོག་ཤིང་དྲང་པོ་སྟེ།།
ཡ་རབས་བྱ་བ་ཕལ་མོ་ཆེ།།
གྱ་གྱུའི་རྫབ་ཀྱིས་མ་གཡོགས་པར།།
གཙང་མའི་གསེར་བཞིན་མངོན་པ་ཡིན།།
ཞེས་གསུངས།
ངལ་གསོ།
ཅ་ཅོའི་འདུ་འཛི་དབེན་སའི་ཁོར་ཡུག་ཅིག་དུ།།
ཆ་རྐྱེན་བྲལ་ཡང་རང་ཤོང་སྡོད་ཁང་ནང་ནས།།
ཇ་མངར་ཧུབ་ཀྱིས་བཞེས་བཞིན་ངལ་ཞིག་གསོ་ན།།
ཉ་མོ་ཆུ་ལ་རོལ་འདྲའི་སྣང་བ་སྐྱིད་དོ།།
ཅ་ཅོའི་འདུ་འཛི་དབེན་སའི་ཁོར་ཡུག་ཅིག་དུ།།
ཆ་རྐྱེན་བྲལ་ཡང་རང་ཤོང་སྡོད་ཁང་ནང་ནས།།
ཇ་མངར་ཧུབ་ཀྱིས་བཞེས་བཞིན་ངལ་ཞིག་གསོ་ན།།
ཉ་མོ་ཆུ་ལ་རོལ་འདྲའི་སྣང་བ་སྐྱིད་དོ།།
མི་ཚེ་འདི་རང་གཙང་བོ་མཐའ་མེད་ཀྱི། །
ཤུགས་ཀྱིས་ཁུར་བའི་གཡོར་གྲུ་ཆུང་ཆུང་དེ། །
བསམ་བློ་གཏང་ལོང་མེད་པར་མཐའ་རུ་ཁྱེར། །
ལང་ཚོ་བཞད་པའི་དུས་ཚིགས་གང་ན་ཡོད། །
སེམས་ཀྱི་སྟོན་ཁའི་འདབ་མ་རླུང་གིས་འདེད། །
ཤིན་ཏུ་སྟོང་བར་ལྷག་པའི་རྨི་ལམ་གྱི། །
མེ་ལོང་དེ་ཡང་རིམ་གྱིས་རབ་རིབ་གྱུར། །
གློ་བུར་བབས་པའི་ཁངས་ཆར་ཟ་ཟི་ཡིས། །
གཙང་བོའི་གང་གི་རྦ་རླབས་དྲག་ཏུ་སྐྱོམ། །
བདག་ཡིད་ཟླ་བའི་བརྟན་པ་བསྣོག་ཅིང་སོང་། །
ཤུགས་ཀྱིས་ཁུར་བའི་གཡོར་གྲུ་ཆུང་ཆུང་དེ། །
བསམ་བློ་གཏང་ལོང་མེད་པར་མཐའ་རུ་ཁྱེར། །
ལང་ཚོ་བཞད་པའི་དུས་ཚིགས་གང་ན་ཡོད། །
སེམས་ཀྱི་སྟོན་ཁའི་འདབ་མ་རླུང་གིས་འདེད། །
ཤིན་ཏུ་སྟོང་བར་ལྷག་པའི་རྨི་ལམ་གྱི། །
མེ་ལོང་དེ་ཡང་རིམ་གྱིས་རབ་རིབ་གྱུར། །
གློ་བུར་བབས་པའི་ཁངས་ཆར་ཟ་ཟི་ཡིས། །
གཙང་བོའི་གང་གི་རྦ་རླབས་དྲག་ཏུ་སྐྱོམ། །
བདག་ཡིད་ཟླ་བའི་བརྟན་པ་བསྣོག་ཅིང་སོང་། །
✋热门推荐