ད་བར་བྱ་བ་འདྲ་མིན་ཞིག་གིས་ཡེ་ནས་མི་གཏོང་བ་དང་། དུས་ཚོད་ཉུང་ཙམ་བྱུང་བ། ཁ་པར་གྱིས་འཕྲོག་འགྲོ་བ། མཚན་མོར་འདུག་ཡུན་དྲགས་ཏེ། ཞོགས་པར་སྔ་ལངས་བྱེད་མི་ཐུབ་པ་སོགས་གེགས་དང་བར་ཆད་མང་བོ་ཞིག་གིས་གཡས་བཙུར་གཡོན་བཙུར་བྱས་ཏེ། སློབ་གཉེར་གྱི་གོ་སྐབས་ནི། ཤིན་ཏུ་ཉག་ཕྲ་བའི་གནས་སུ་གྱུར་ཡོད། སྤྱིར་ན་བརྩོན་པ་ཞན་པ་དང་དཔེ་ཀློག་ཉུང་བའི་སྟེང་ལ། ཕྱིའི་འགལ་རྐྱེན་མང་བོ་བུ་ཡུག་བཞིན་འཚུབ་ཡོང་བ་དེ་ང་ལ་མཚོན་ན། ཉེན་ཁ་ཆེན་པོ་ཞིག་ཆགས་འདུག་ལ། ཁ་ཕྱོགས་འབོར་བ་དང་རང་ལམ་འཆོར་བྱེད་ཀྱི་མི་མངོན་པའི་བསླུ་བྲིད་གཞན་ཞིག་ཀྱང་ཡིན་འདུག དེང་དུས་སུ་སློབ་གཉེར་གྱི་མཐུན་རྐྱེན་མང་དྲགས་སྟེ། ཚད་ལས་བསྒལ་ཡོད་པའི་ཚོད་ན་འདུག་པ་དང་བསྟུན། འགལ་རྐྱེན་ཡང་རུ་འཛིངས་ནས་ཡོད་པས། ང་ལྟ་བུའི་ཕལ་མོ་ཆེ་ནི། འགལ་རྐྱེན་གྱིས་ཡོངས་སུ་བསླུས་ཏེ། མཐུན་རྐྱེན་ལ་ལེགས་པར་ལོངས་སྤྱོད་པའི་སྐལ་བ་ཡང་མེད་པར་གྱུར་ཡོད། དེ་བས་རྣམ་གཡེང་གིས་བསླུ་བྲིད་ཐེབས་སླ་ཞིང་སེམས་ལ་རང་ཚུགས་དང་བརྟན་ཆ་གང་ཡང་མེད་པའི་སློབ་གཉེར་བ་ཕལ་བ་ཞིག་ལ་མཚོན་ན། སློབ་གཉེར་གྱི་མཐུན་རྐྱེན་ཆེན་པོ་མ་འཛོམས་ཀྱང་ཅི་སྐྱོན་ཏེ། གཙོ་བོ་འགལ་རྐྱེན་ཉུང་དགོས་པ་དེའོ། དེའི་ཆ་ནས་བལྟས་ན། ཁོ་བོ་འདྲ་བ་དག་ནི། རྒྱུ་འབྱོར་ལོངས་སྤྱོད་ཐམས་ཅད་ཤིན་ཏུ་དར་ཆེ་བའི་ད་ལྟའི་དུས་རབས་འདི་ལྟ་བུའི་ནང་དུ་སྐྱེ་བ་ལས། ཁྲ་ཁྲ་ཟང་ཟིང་གི་བསླུ་བྲིད་ཤིན་ཏུ་ཉུང་བའི་སྔོན་གྱི་སྤྱི་ཚོགས་རྙིང་བའི་དུས་སུ་སྐྱེ་ཐུབ་ཡོད་ན། དགེ་མཚན་ཆེ་བ་འདྲའོ།།

གཉེན་འཁོར་སྐྱོང་བའི་ངལ་དུག་མེད་གྱུར་ན།།
དགྲ་སྡེར་འཐབ་མོ་ཚོན་འཁྲུག་བྱ་གང་དགོས།།
སྡོང་ལོ་གཞོན་དུས་སྣང་བ་ཡར་གའི་རྩེར།།
རྒས་ནས་གང་དུ་ལྷུང་ཡང་སྤྲོ་ཉམས་དོད།།

ཇོ་བོ་རྗེ་སྙེ་ཐང་ན་བཞུགས་པའི་ཚེ། ཞང་སྣ་ཆུང་སྟོན་པ་དང་། ཀྱུ་ར་སྟོན་པ་དང་། ལྷང་ཚང་སྟོན་པ་གསུམ་གྱི་ཚད་མའི་གྲུབ་མཐའ་ཞུས་པས། ཇོ་བོའི་ཞལ་ནས། ཕྱི་རོལ་མུ་སྟེགས་པ་དང་ནང་པ་སངས་རྒྱས་པའི་གྲུབ་མཐའ་མང་དུ་ཡོད་དེ། དེ་ཐམས་ཅད་རྣམ་པར་རྟོག་པའི་ཕྲེང་བ་ཡིན། རྣམ་རྟོག་བགྲང་གིས་མི་ལང་དགོས་པ་མེད། ཚེ་ལ་ལོང་མེད་པས་སྙིང་པོའི་དོན་བསྡུ་བའི་དུས་ཡིན་གསུང་། ཞང་སྣ་ཆུང་སྟོན་པས། སྙིང་པོའི་དོན་ཇི་ལྟར་བསྡུ་ཞུས་པས། ཇོ་བོའི་ཞལ་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས། དེ་རྣམས་ཀྱི་དོན་དུ་ཚོགས་གཉིས་གསོག་པ་ལ་འབད་པར་གྱིས། དེ་ལས་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་རྫོགས་པའི་བྱང་ཆུབ་ཏུ་བསྔོས། དེ་ཐམས་ཅད་ཀྱི་རང་བཞིན་སྟོང་པ། མཚན་ཉིད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་གྱིས་གསུང་།


发布     👍 0 举报 写留言 🖊   
✋热门推荐
  • 根据“苍璧礼天,黄琮礼地”的概念,李文龙、刘骁带领部分学生创作了以玉琮为基本造型的奖牌设计方案,尝试在形态优化与新材料的选用等方面有所突破。奖牌造型质朴简洁,体
  • 这片神奇的沙漠绿洲中生活着近500种蜜蜂,是蜜蜂多样性的重点地区。【新疆且末胡杨“自带黄金甲”】#新疆是个好地方# 金秋十月,巴音郭楞蒙古自治州且末县向阳湖胡杨
  • 让我喜欢了十几年依旧爱的还是三只松鼠家的‼️#主人和松鼠的十年#10年双十一,每年双11我都会囤很多三只松鼠的零食,今年也不例外的剁手了。【清澈的爱,只为中国!
  • 神足、天眼、天耳、宿命,此四通的境界,自诸佛菩萨,而至外道鬼神,虽都有份,但却高下不等,境界悬殊;他心通虽通于凡圣,用途多在凡界或对凡界而用;漏尽通则唯属圣人,
  • 后来追妻成功的攻在他那八字之下,又添了八字:此生有你,才算不枉番外有鱼宝宝2021-11-07晚上快九点母女俩为了完成幼儿园布置关于布的作业在客厅合作画画涂色,
  • 非常可爱简直可爱的我嗷嗷叫,装上鸭子下水以后会和鸭子同样方式游泳非常搞笑;而且这个鸭子蛮皮的,骑马停下来它会在你头上手舞足蹈翘jiojio,你死了它还会在你身边
  • 但是,高山低谷的景色都很美。但是,高山低谷的景色都很美。
  • 妈妈喝了很多的水,她说,明天也要用个朔料壳带点水,然后又喝,凉开水喝完了等不到热水放凉就喝生水,饭菜却吃的很少,话也很少,喝好了就说,我很累,想睡觉,就睡去了#
  • 针对医保内理赔,“北京普惠健康保”医保内保障(自付一+自付二)与大病保险实现一站式结算,无需参保人提交任何索赔流程和单据,为参保人提供更加便利的理赔服务。11月
  • 8091 장난감으로 쓰다 用作玩具 사람들을 가둬놓다 关着人们 살아있음에 감사하다 感谢活着 마지막 조언 最后的建议 조용히 있길 바라다 希望安静
  • 我相信在学生会这个大集体中会获取到更多宝贵的经验,丰富我的大学生活。我在此感谢我们的部长,感谢学生会给予我这个表现的舞台。
  • 天呐天呐,我教授帮我要了我们学校前辈的联系方式,也是中国人,十几年前拿到了我们学校的博士学位,现在也在日本的一个大学里面当老师我们学校自这位前辈之后,读博士的人
  • 所以,你必须得让自己变得有价值,你有价值,你做的任何事,说的任何话,都会让人觉得有道理。要知道,谁都想要成为更好的自己,但不代表现在的你不值得被爱。
  • [微风]根据《西藏自治区国家生态文明高地建设条例》相关规定,为更好地保护生态环境与冰川资源、规范边境管理工作,保证广大游客人身与财产安全,岗布冰川在尚未成熟开发
  • 所以我们在选择上结合病症查看眼液配方时,尽量选择偏中草药类的眼液。这一次,西安通过精准排查、精准管控、精准检测,在疫情防控中努力做到更精准、更科学、更有效。
  • 【词汇积累】rely on V. 依赖;依靠access Adv.access V.使用;获得ecosystem N.生态系统legitimacy N. 合理性
  • 但在与福岛聪交流的时候,我却从来不会在意这种事,因为他知道书是什么,书店是什么,书店员的社会职责又是什么,并能客观地探索它们。过度复杂和过度中心化的DeFi代码
  • 其实真的不必过于安排自己的生活,上天就是资深的导演,你穿什么衣服,以什么样的口吻说话,遇到哪位配角…它都帮你安排好了,你只需要顺从自己的心,好好的扮演每一天就对
  • 浙江大学公共政策研究院副院长蔡宁说,推动执法事项下放,赋予乡镇(街道)更大的权力,提高乡镇(街道)统筹协调能力,这对长期以来以县级为基层治理中心的行政管理体制是
  • 一切的根源皆在内心,痴与执、怨与恨,只会让心翻滚、让人不安。一切的根源皆在内心,痴与执、怨与恨,只会让心翻滚、让人不安。