#微博[超话]# ༄༅། །འདོད་པའི་དཔལ་ལ་ལན་འགའ་རོལ་ན་ཡང་།།
སྲིད་གསུམ་མི་རྟག་ཡིན་ཕྱིར་སོ་སྐྱེ་དག།
ལན་རེར་བརྩེ་ཡང་ལན་རེར་གཏིང་ནས་ཁྲོ།།
དེ་བས་གྲོགས་ཀྱིས་གནས་ལུགས་དོན་ལ་སོམས།།
ཕན་ཚུན་བརྩེ་ཞེན་མཛེས་ཀྱང་མི་རྟག་ཚུལ།།
ཆར་ཟིམ་རྗེས་ཀྱི་ལྷ་རྒྱལ་མཚོན་ཆ་ཡིས།།
ལེགས་པར་མཚོན་པ་ང་དང་ཁྱོད་ཀྱི་བློར།།
རི་མོར་བབས་ན་སེམས་གཅོང་ཅིའི་ཕྱིར་བགྱི།།
སྲིད་གསུམ་མི་རྟག་ཡིན་ཕྱིར་སོ་སྐྱེ་དག།
ལན་རེར་བརྩེ་ཡང་ལན་རེར་གཏིང་ནས་ཁྲོ།།
དེ་བས་གྲོགས་ཀྱིས་གནས་ལུགས་དོན་ལ་སོམས།།
ཕན་ཚུན་བརྩེ་ཞེན་མཛེས་ཀྱང་མི་རྟག་ཚུལ།།
ཆར་ཟིམ་རྗེས་ཀྱི་ལྷ་རྒྱལ་མཚོན་ཆ་ཡིས།།
ལེགས་པར་མཚོན་པ་ང་དང་ཁྱོད་ཀྱི་བློར།།
རི་མོར་བབས་ན་སེམས་གཅོང་ཅིའི་ཕྱིར་བགྱི།།
#微博[超话]# ༄༅། །ཤར་རྒྱལ་བ་ཙོང་ཁ་པས།
རབ་ཏུ་བྱུང་ནས་ཇི་སྲིད་འཚོ་ཡི་བར།།མཁན་སློབ་སྤྱན་སྔར་ཇི་ལྟར་ཁས་བླངས་བཞིན།།བཅས་དང་རང་བཞིན་ཁ་ན་མ་ཐོ་བའི།།ཉེས་པས་ནམ་ཡང་གོས་པར་མ་གྱུར་ཅིག།
རབ་ཏུ་བྱུང་ནས་ཇི་སྲིད་འཚོ་ཡི་བར།།མཁན་སློབ་སྤྱན་སྔར་ཇི་ལྟར་ཁས་བླངས་བཞིན།།བཅས་དང་རང་བཞིན་ཁ་ན་མ་ཐོ་བའི།།ཉེས་པས་ནམ་ཡང་གོས་པར་མ་གྱུར་ཅིག།
#微博[超话]# ༄༅། །རང་གི་མི་ཚེ་མཇུག་རྫོགས་པར་ཤེས་པའི་དུས་སུ་དངངས་སྐྲག་སྐྱེ་སྲིད་ལ་འཇིག་རྟེན་དུ་བྲལ་བ་ན་གང་དུ་འགྲོ་དགོས་ཞེས་རང་གིས་རང་ལ་དོགས་འདྲི་བྱེད་མཁན་ཉུང་ཉུང་རེད། ངོ་མ་བཤད་ན་འཇིག་རྟེན་དང་བྲལ་བ་ལ་སྐྲག་དགོས་པ་དེ་འདྲ་མེད་ལ་སྐྲག་དགོས་ས་ནི་འཇིག་རྟེན་དང་བྲལ་རྗེས་གང་དུ་བུད་འགྲོ་མི་ཤེས་པ་དེའོ།། https://t.cn/A66nFHcK
✋热门推荐