#读书[超话]#

བྱ་བ་ཆེན་པོ་ཡུན་གྱིས་སྒྲུབ།།
ངང་ཐུང་འབད་པས་མཐར་མི་ཕྱིན།།
ཀླུང་ཆེན་དལ་ཡང་རིང་འགྲོ་ལ།།
རྦ་རླབས་དྲག་ཀྱང་ཆེར་མི་འགྲོ།།
遇事皆须重坚持,
急于求成无结果。
大江缓流行万里,
波涛湍急只一时。

དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།

དུས་རབས་བརྒྱད་པའི་ནང་དུ་བྱུང་བའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཆེས་ཐོག་མ་དེ་རེད། དེ་ལ་གླིང་ངམ་སྡེ་ཚན་བཅུ་གཉིས་ཡོད། ༡ ཤར་ཕྱོགས་མཁྱེན་རབ་འཇམ་དཔལ་གླིང་། ༢ དེའི་གཡས་གཡོན་དུ་རྣམ་དག་ཁྲིམས་ཁང་གླིང་། ༣ བརྡ་སྦྱོར་ཚང་མང་གླིང་། ༤ ལྷོ་ཕྱོགས་སུ་ཨཱརྱ་པ་ལོའི་གླིང་། ༥ དེའི་གཡས་གཡོན་དུ་བདུད་འདུལ་སྔགས་པ་གླིང་། ༦ སྒྲ་སྒྱུར་གླིང་། ༧ ནུབ་ཕྱོགས་སུ་དགའ་ལྡན་བྱམས་པ་གླིང་། ༨ དེའི་གཡས་གཡོན་དུ་དཔའ་བོ་པེ་ཧར་གླིང་། ༩ མི་གཡོ་བསམ་གཏན་གླིང་། ༡༠ བྱང་ཕྱོགས་སུ་བྱང་ཆུབ་སེམས་བསྐྱེད་གླིང་། ༡༡ དེའི་གཡས་གཡོན་དུ་སྣ་ཚོགས་ལྕགས་དྲ་གླིང་། ༡༢ པེ་ཧར་དཀོར་མཛོད་གླིང་བཅས་སོ། །

མཛངས་བླུན་ལྷའི་མེ་ཏོག་གི་ལེའུ་ལས།
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། དགེ་སློང་ལྷའི་མེ་ཏོག་འདིས་སྔོན་བསོད་ནམས་ཅི་ཞིག་བགྱིེས་ན་ལྷའི་མེ་ཏོག་རང་འབབ་ཅིང་རིན་པོ་ཆེའི་གདན་དང་ཞལ་ཟས་སྣ་ཚོགས་ཡིད་བཞིན་དུ་སྤྲུལ་པ་བཅོམ་ལྡན་འདས་ཀྱིེས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱི་ཀུན་དགའ་བོ་ལ་བཀའ་སྩལ་པ། ཐོས་པར་འདོན་ན་ལེགས་པར་ཉོན་ཅིག སྔོན་འདས་པའི་དུས་ན་སངས་རྒྱས་གསེར་ཐུབ་ཅེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ་སེམས་ཅན་གྱི་དོན་རྒྱས་པར་མཛད་དོ།། དེའི་ཚེ་ན་དགེ་འདུན་མང་པོ་གྲོང་རྒྱུ་ཞིང་གཤེགས་པ་ལས་ཁྱིམ་བདག་རིགས་ཆེ་ཞིང་མཐོ་བ་དག་གིས་མཆོད་པ་བྱས་སོ།། དེའི་ཚེ་ན་མི་དབུལ་བོ་ཞིག་ལོངས་སྤྱོད་ཅི་ཡང་མི་བདོག་པས་དགེ་འདུན་དེ་དག་ལ་རབ་ཏུ་དགའ་བའི་སེམས་སྐྱེེས་ཏེ། བདག་གིས་ཅིས་ཀྱང་མཆོད་དུ་ཡང་མེད་དོ་སྙམ་ནས་སྤང་དང་ནེའུ་གསེང་ལས་མེ་ཏོག་རྣམ་པ་སྣ་ཚོགས་བཏུས་ཏེ་དགེ་འདུན་ལ་གཏོར་ནས་བསམ་པ་དག་པས་ཕྱག་བྱས་ཏེ་སོང་ངོ་།། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་བ། དེའི་ཚེ་དེའི་དུས་ན་མི་དབུལ་བོ་མེ་ཏོག་གིས་གཏོར་བ་དེ་ནི་དགེ་སློང་ལྷའི་མེ་ཏོག་འདི་ཡིན་ནོ།། དེ་ལྟར་འདས་པའི་དུས་ན་བསམ་པ་དག་པའི་དད་པས་མེ་ཏོག་བཏུས་ཏེ་དགེ་འདུན་ལ་གཏོར་ནས་སྨོན་ལས་བཏབ་པས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་གང་དང་གང་དུ་སྐྱེས་ཀྱང་བྱད་གཟུགས་ལེགས་ཤིང་བཟང་བ་དང་། ལྟ་ན་སྡུག་པ་དང་། ཇི་ལྟར་བསམ་པ་བཞིན་དུ་བཟའ་བའམ་བཏུང་བའམ། ཁྲི་སྟན་ལ་སོགས་པ་ཡིད་བཞིན་ནི་འབྱོར་ཅིང་ལྡན་ཏེ་བསོད་ནམས་དེས་འབྲས་བུའི་བར་ཐོབ་པར་གྱུར་ཏོ།། ཞེས་སོགས་གསུངས་སོ།།


发布     👍 0 举报 写留言 🖊   
✋热门推荐
  • 姚晨儿子 郭京飞 这什么情况呢
  • 杨千嬅首试老人妆,没想到惊喜在后头,体验了人生最美好的时刻。
  • 美大规模招生舞弊
  • 食堂凭步数打折?更诱人的是送30G流量!
  • 尤文3-0马竞:C罗威力非凡,阿莱格里搏杀有道
  • 瑞幸咖啡否认“董事长贷款2亿美元”消息:不评论
  • YG与胜利解约!GD入伍前劝胜利小心不然Bigbang要完,竟一语成谶!
  • 高校食堂外卖app具体是什么情况?这到底是个什么梗?
  • 教育部将联合网信办治理校园APP乱象,重点规范学习类APP
  • 一大学以微信好友数算成绩,加1667个好友才算满分
  • Steven:过去充实、走心的这一年
  • 资本&公司 | 猫眼入股欢喜传媒能否成为“双赢局”?
  • 宁泽涛退役后首现身!面容憔悴~是经历了什么?
  • 杨超越新剧造型具体是什么情况?
  • 苹果3月26日召开发布会,应用宝封禁多闪,男子微博传不雅视频被拘留,软银再向滴滴投资16亿美元,这就是今天的其他大新闻!
  • 英国脱欧协议又被否,软的不行只能来硬的?|新京报专栏
  • 倪妮现身香港街头拍戏无人认识,却因太美被围观市民求拍照
  • 菜鸟驿站智能柜全面开启“刷脸取件” 快递物流业加速完成IoT智能升级
  • 借了1000元,32年后还1000万元!男子一句话感动所有人
  • 离婚不分家?港媒曝杨幂刘恺威资产未分割:两人共同持有上亿财产