དར་མའི་ན་ཚོད་རྨི་ལམ་བཞིན་དུ་འཁོར།། ཡང་བསྐྱར་དྲན་ན་སེམས་ཀྱི་འཆར་སྒོ་ཙམ།།
བགྲང་བྱ་བཅུ་ཕྲག་འགའ་ཡི་ལོ་ཟླ་དག། འདི་ལྟར་ཤོར་བ་ཧ་ཅང་ཕངས་བའི་རྒྱུ།།
ཚེ་ཡི་ཉི་མ་ཕར་ཕར་སོང་ན་ཡང་།། ལེ་ལོའི་གྲིབ་སོ་ཚུར་ཚུར་ཕྱིན་པ་འདི།།
ད་དུང་ཚེ་མཇུག་ལྷག་མ་ཅུང་ཡོད་པ།། དོན་མེད་བྱ་བར་ཤོར་བའི་ལྟས་ངན་ལགས།།
ནམ་ཞིག་འཆི་ཁའི་ལས་ལ་ཕྱིར་ལྟས་ཤིག། བྱས་ན་གང་ཞིག་དོན་དང་ལྡན་མཐོང་བའི།།
སོང་བའི་རྗེས་ཤུལ་ཅུང་ཙམ་དོད་སོང་ན།། ཁོ་བོ་མི་ཡུལ་འདི་ནས་བློ་ཡིད་འཚེང་།།
བཙན་པ་ལྷོ།

གདངས་དེ་དང་བོ་གཉོམ་པ། །
གདངས་དེ་གཉིས་པ་ལྷོད་པ། །
གདངས་དེ་གསུམ་པ་སྙན་པ། །
གདངས་དང་འགྱུར་བའི་ཀློང་གི །
གཤིས་འཇམ་ཚར་དཀར་ལྟ་བུར། །
སེམས་དང་རྣ་བས་བཀླག་ན། །
སྲིང་ཆུང་སེམས་པ་རོལ་ཆོག །
__འཛུམ།
གདངས་དེ་གཉིས་པ་ལྷོད་པ། །
གདངས་དེ་གསུམ་པ་སྙན་པ། །
གདངས་དང་འགྱུར་བའི་ཀློང་གི །
གཤིས་འཇམ་ཚར་དཀར་ལྟ་བུར། །
སེམས་དང་རྣ་བས་བཀླག་ན། །
སྲིང་ཆུང་སེམས་པ་རོལ་ཆོག །
__འཛུམ།
ཚིག་གི་རོ་ལ་འཐམས་པའི་ཨོ་ལོ་ཚོ།།
ཆོས་ཉིད་ཟབ་མོའི་རྣམ་ཤེས་མི་མཐོང་ཡང་།།
མི་ཡུལ་དུར་ཁྲོད་སྒང་ནས་གཉུག་གཤིས་ཀྱི།།
གླུ་ཞིག་ལོངས་དང་ས་རྡོ་རི་བྲག་ངུ་།།
ཆོས་ཉིད་ཟབ་མོའི་རྣམ་ཤེས་མི་མཐོང་ཡང་།།
མི་ཡུལ་དུར་ཁྲོད་སྒང་ནས་གཉུག་གཤིས་ཀྱི།།
གླུ་ཞིག་ལོངས་དང་ས་རྡོ་རི་བྲག་ངུ་།།
✋热门推荐