ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་ཆོས་སྤྱོད་བག་ཆགས་རང་གྲོལ་གྱི་མཇུག་ཏུ།

བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་བཀའ་ལསཿ

གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡིཿ

དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ནསཿ

ཉམས་ཆགས་ཀུན་ཀྱང་བྱང་གྱུར་ཏེཿ

མཚམས་མེད་ལྔའི་སྡིག་ཀྱང་བྱངཿ

ན་རག་གནས་ཀྱང་དོང་སྤྲུགས་ཏེཿ

རིག་འཛིན་རྒྱལ་བའི་ཞིང་དུ་གྲགསཿ

ཞེས་པ་དངཿ

ཆོས་སྤྱོད་དེ་ལྟར་ཚུལ་བཞིན་དུ་བྱས་པའི་ཕན་ཡོན་བསམ་གྱི་མི་ཁྱབ་སྟེཿ

དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མཚན་ལན་གཅིག་ཙམ་རྣ་བར་ཐོས་པས་ཀྱང་ངན་སོང་གི་གནས་སུ་མི་སྐྱེ་ཞིང་མཐར་སངས་རྒྱས་པར་གསུངས་ཏེཿ

དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཞལ་ནསཿ

གལ་ཏེ་རྣལ་འབྱོར་ཕོ་མོ་གང་ཞིག་གིས་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཐོས་པ་ཙམ་གྱིས་ཀྱངཿ

ན་རག་ཆེན་པོ་མི་ལྷུང་ངོཿ

ཅེས་གསུངས་པ་དངཿ

རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལཿ

གང་ཞིག་གུས་པས་ཕྱག་འཚལ་ནསཿ

ཉམས་ཆགས་ཀུན་ཀྱང་བྱང་བར་འགྱུརཿ

དམ་ཚིག་བསྐོངས་ནས་དངོས་གྲུབ་ཐོབཿ

ཅེས་གསུངས་པའི་ཕྱིརཿ

ཕན་ཡོན་བརྗོད་ལས་འདས་པ་ཡོད་པསཿ

དེ་བས་ན་བདག་ལུས་ཞི་ཁྲོའི་ལྷ་ཚོགས་སུ་གསལ་གདབ་ཅིང་ཆོས་སྤྱོད་ལ་བརྩོོན་པར་གྱིས་ཤིགཿ

ཚེ་འདི་ཉིད་ལའང་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་ཅིང་ཚེ་འཕོས་ནས་ཀྱང་ཆོས་ཉིད་བར་དོར་ཞི་ཁྲོའི་སྣང་བ་འཆར་བའི་ཚེཿ

གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་པར་འགྱུར་རོཿ

ཉམས་སུ་ལོངས་ཤིགཿ

གཤེད་མ་བརྒྱ་ཡིས་བདས་ཀྱང་འདིའི་ཚིག་དོན་ཡིད་ལ་མ་བརྗེད་པར་གྱིས་ཤིགཿ

ཟུངས་ཤིག་ཆོངས་ཤིགཿ

ཀློགས་ཤིགཿ

ཀུན་ཆུབ་པར་གྱིས་ཤིགཿ

ཚུལ་བཞིན་ཡིད་ལ་གྱིས་ཤིགཿ

ཅེས་ཆོས་སྤྱོད་བག་ཆགས་རང་གྲོལ་ལ་དུས་གསུམ་དུ་བརྩོན་པས་འབད་པ་དང་་།

ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བ།

མཚན་ཐོས་པའི་ཕན་ཡོན་ལ་བསམ་ནས་འུ་ཚོའི་ལག་སྟར་རེ་གནོངས་མཛོད།

https://t.cn/A6oBSK4d ༈ ད་རེས་ཚང་མས་དགའ་བ་དང་སྤྲོ་བ་གྱིས་དང་སྟོན་པ་ཐུགས་རྗེ་ཅན་དང་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་གྱིས། འུ་ཅག་ལ་སངས་རྒྱས་འོད་དཔག་མེད་ཟེར་བའི་མཚན་ཞིག་ཐོས་རྒྱུ་ཡོད། བདེ་བ་ཅན་གྱི་ཞིང་ཁམས་ཟེར་བའི་གནས་ཁྱད་པར་ཅན་གྱི་སྨོན་ལམ་འདེབས་ས་ཞིག་ཀྱང་ཡོད་པས། རང་མ་ངན་ན་ད་ལྟ་མི་མཇེད་འཇིག་རྟེན་འདིའི་སྟེང་ནས་སྐྱེ་བ་གཞན་བརྒྱུད་མི་དགོས་པར་ཚེ་འདི་འཕོས་མ་ཐག་ཏུ་ཚང་མ་བདེ་བ་ཅན་གྱི་ཞིང་ཁམས་སུ་འགྲོ་བ་ལ་དཀའ་ལས་གང་ཡང་ཡོད་ནི་མ་རེད།
______ཆོས་རྗེ་དམ་པ་༧ ཡིད་བཞིན.ནོར་བུས།

དོ་དགོང་ང་ཚོའི་སྡོད་གནས་འདིར་ག་ཤེད་ཅིག་ནས་གློག་ལ་གནད་དོན་བྱུང་སྟེ། གློ་བུར་དུ་གློག་ཆད་སོང་། ཧ་ལམ་ད་དུང་དུས་ཚོད་གཅིག་གཉིས་ལ་སྒུག་དགོས་པར་བཤད། བྱ་ཐབས་མེད་པར་ཞག་སྒྲོན་རྐང་གཅིག་གི་འོད་ངོགས་ན་མུན་ནག་གི་འཇིག་རྟེན་དང་ཉེ་བར་བཅར་ནས་ཡོད། གློག་འོད་ཀྱི་འཇིག་རྟེན་ནས་ལོབས་དྲགས་པས་རྒྱུན་ལྡན་མིན་པའི་སྣང་བ་ཟ་ཟི་ཞིག་དང་བཅས་ཏེ། སྐྱིད་སྣང་ཞིག་ཀྱང་རྒྱས་པར་བྱེད། དར་ཅིག་ལ་འཚོ་བའི་ཁ་དོག་གཞན་ཞིག་བརྗེས་པ་འདི་ཡང་ཇི་འདྲའི་མྱོང་རོལ་དང་ལོངས་སྤྱོད་མ་འདྲ་མ་ཞིག་གོ།། སྔོན་ཆད་ཀྱི་གློད་འོད་གྱ་གྱུས་འཇབ་རྒོལ་མ་ཐེབས་པའི་དབེན་འཇགས་ཀྱི་འཚོ་བ་དེ་དང་། འཚོ་བ་དེའི་མཛེས་སྡུག་གཞན་ཞིག་ཀྱང་ཚོར་བར་བྱེད། ད་ལྟའི་འཚོ་བས་ང་ཚོར་འགྲོ་འདུག་སོགས་ཕྱོགས་གང་ཐད་ནས་སྟབས་བདེ་ཕུན་སུམ་ཚོགས་པ་བསྐྲུན་ཡོད་ནའང་། སྔོན་ཆད་ཀྱི་ལྷིང་འཇགས། བག་ཕེབས། སོས་དལ་གྱི་འཚོ་བའི་ཟུར་ངོས་རེ་རེ་རྨང་ནས་བཅོམ་སོང་བ་འདྲ། དེ་དང་ལྷན་དུ་མིའི་སེམས་ཀྱི་བག་ཆགས་པའི་གཤིས་ཀ་དེ་ཡང་ཡོངས་སུ་འཕྲོག་སོང་བ་འདྲ། འདི་ལྟར་གློག་ཆད་པ་ན། སྔོན་ཆད་ཀྱི་ཡིད་དུ་འོང་བའི་འདས་དོན་མང་བོ་ཞིག་ལ་ཕྱིར་དྲན་དང་ད་ལྟའི་འཚོ་བའི་དགེ་སྐྱོན་མང་བོར་བསམ་གཞིགས་གཏོང་བའི་གོ་སྐབས་ཀྱང་བསྩལ་ཡོང་བས། དེ་ཡང་ཇི་འདྲའི་དོན་སྙིང་ལྡན་པ་ལ། ད་དུང་གློག་ཆད་པ་འདིས་ལྷིང་འཇགས་ཀྱི་འཚོ་བ་གཞན་ཞིག་གི་མཛེས་དཔལ་མཐོང་བར་བྱེད་པ་མ་ཟད། གློག་ཅེས་པའི་སྒྱུ་འཕྲུལ་རང་བཞིན་ལྡན་པའི་དངོས་པོ་ཁྱད་མཚར་བ་འདི་ཉིད་གསར་གཏོད་བྱ་མཁན་གང་དེའི་བཀའ་དྲིན་ཡང་དྲན་དུ་བཅུགས་ཡོང་། གློག་འོད་གསར་གཏོད་མཁན་ནི། མཚན་མོའི་སྨག་ནག་པའི་འཇིག་རྟེན་ལ་ཉི་འོད་ལྟ་བུའི་མིག་འབྱེད་མཁན་དེ་ཡིན་པས། ཇི་འདྲའི་རླབས་ཆེ་བ་ལ། ཁོའི་བཀའ་དྲིན་གྱི་མཐུ་འོག་ནས་ང་ཚོ་ཡང་མུན་ནག་གི་འཇིག་རྟེན་དང་རྒྱང་དུ་གྱེས་ཐུབ་སོང་བ་མ་ཡིན་ནམ། དེ་ལྟར་གློག་ཆད་པའི་དུས་སྐབས་ཐུང་ཐུང་འདིར་ཁོ་བོར་བསམ་གཞིག་གི་འཆར་སྒོ་མང་བོ་ངང་གིས་འཕྱུར་ཡོང་ངོ་།།


发布     👍 0 举报 写留言 🖊   
✋热门推荐
  • 开始的时候,我最喜欢林杨,毕竟那个时候小嘛,再加上张新成的滤镜,很自然地喜欢近乎完美的男生,在看过很多次小说还有二熊的微博后,大家都说“林杨”这种人在现实中几乎
  • 还有航天荣耀,别忘了此时此刻我们还有三名宇航员在浩瀚的太空。透过“天和”号空间站的舷窗,航天员们遥望美丽的地球,她表面71%的面积是蔚蓝又神秘的海洋。
  • 茄子在高温时间种植时,要创造适宜的开花结果条件,以及充足的肥水。从茄果坐住之后,从根部往上开始摘叶,以黄叶、病叶为主,一次不能摘的过多,特别是长势弱的地块要少摘
  • 海关拍卖货进行拍卖前都是会进行真假验证的,对于一些假货,或者说侵权物品,违禁物品,海关的处置方法是进行公开的销毁,不会让他们流入市场的。 ​​​​普及知识:海关
  • #思维财经##思维整点播#【思维 12点 | vivo首款自研芯片对外命名为“vivo V1”; 午评:三大指数早盘水下震荡创指跌1.7% 大消费板块集体回调】
  • 3日,特朗普前往沃尔特里德军事医院接受进一步治疗。 直播地址: ..#比特币# #BSV# #数字货币# #加密货币# #区块链##特朗普入院首条推文被网友发
  • #意大利品牌设计展[超话]# “IDI - Italian Design Icon”2021意大利品牌设计展源自DP集团的创意,并由亦适达市场营销策划公司组织举
  • 新疆地域辽阔,拥有丰富的地理形态和壮美的自然风景。新疆人热情好客、文化丰富多元、美食种类繁多且色香味俱全、瓜果飘香,如此这般诸多元素共同构成了中国西北地区无与伦
  • #寻人启事##欠钱不还#男,王昆,32岁,常用名阿力,网课用名:木头老师;老家:山东省临沂市;巨蟹座;生日:7月9日;个人博客;个人QQ:2801016142,
  • !坐上校车,后面一个小伙子,不对叫小胖子吧,上来就和我俩搭话,胖子,你俩去哪,我:就随口应付一下,我寻思可能是新生吧,又问哥你家是哪的,我说东北,问:东北哪的辽
  • 对企业、工地、露天烧烤、焚烧秸秆、违规燃放烟花爆竹等影响大气环境行为进行监督,可通过“12369”平台举报,将按照《绵阳市生态环境污染有奖举报管理办法(试行)》
  • #昨日行情分析# 这张2h的走势图我应该已经连续画了好几天,写技术分析讲究的是行云流水,思维的连贯性和分析思路的连贯性很重要,一开始就说了这里的调整预期是460
  • 不过八字有财但是没有财库,故而不聚财,因为比劫克财而且缺水,所以钱财的花销非常的大,漏财非常厉害,而且命局无食伤则财不能源源不断的到来,且这种八字不太适合炒股之
  • 原创正能量作品!本不喜欢闷热躁动的夏天,过去了嘉里的夏天又舍不得,最爱的秋突然一场雨就来了,已经开始期待下一个白昼延长的盛夏了。
  • ?6.146.1的儿童节礼物11号收到了,开启全手机都系河粉噶相的生活了[哈欠]好开心,下午终于可以放飞一下上楼打麻将[酷][酷]气死我了,我放了奶在急冷居然家
  • 双流机场停车场不再支持ETC扣费功能据悉,根据《中国人民银行关于规范代收业务的通知》(银发2020 248号)及四川省交通厅相关部门文件精神,四川省ETC扣费将
  • 她们跟我说过:“毕竟你是我想要去追赶的人”“你成为了我的一部分”“你值得被很多人看到你的好”“你是 你出现在我生命里的那一刻就像耀眼的星星”“你决定就好,支持你
  • 易玺你的领域作品已足够高端。希望你永远肆意努力,快乐享受,希望你踏实走好每一步,好运福气常伴。
  • 今天二市再次出现极度分化 ,指数看似微涨或微跌,但大家手中的票是否大跌,我近期文章 一直在说,主力依靠权重让指数不跌,掩护其他个股连续出货,造成个股连续阴跌走势
  • !6月7日,#恒大集团#《发布官方声明,关于商票未及时兑付的情况,集团高度重视并安排兑付》可事实呢,还是逾期未兑付!