པདྨ་དཀར་པོ།

རབ་དྭངས་ཉི་མའི་འོད་ཀྱི་ཕྲེང་བ་ལས།།
པདྨ་དཀར་པོ་འཛུམ་མདངས་ལྷུག་པར་གྲོལ།།
གཡུ་སྦྲང་དགའ་བས་གཤོག་རྩལ་ངོམ་བཞིན་ཏུ།།
ལེགས་བཤད་དབྱངས་ལ་འགུགས་བཅས་ལྷན་དུ་རྩེད་།

པདྨའི་དྲི་བཟང་རླུང་གིས་ཕྱོགས་ཀུན་བདས།།
རི་ཀླུང་ཀུན་ལ་དྲི་བསུང་ཆར་པ་འབབ།།
གང་ན་སུ་བཞུགས་ཤངས་ཀྱི་ཚོགས་རྣམས་བསྡུས།།
ཨེ་མ་པད་དཀར་ཆོལ་འཕྲུལ་བསམ་མི་ཁྱབ།།

དུས་གསུམ་སངས་རྒྱས་པདྨའི་གདན་ལ་འཁོད།།
ཕྱག་མཚན་ཕལ་མོ་པད་དཀར་སོ་མོས་འཛིན།།
འདམ་ནས་སྐྱེས་ཤིང་འདམ་དྲིས་འགོངས་མེད་པས།།
དད་པའི་མཆོད་རྫས་འདི་ལས་བཟང་མ་མཆིས།།

བླ་སློབ་དབར་ན་དད་སེམས་འདི་ཡིས་མཚོན།།
མཆེད་གྲོགས་བར་གྱི་བརྩེ་སེམས་འདི་ཡིས་འགུགས།།
ད་དུང་ཡོན་ཏན་བརྗོད་ཀྱི་མི་ལོངས་པས།།
རེ་ཞིག་པད་དཀར་གྲོགས་ཀྱི་ཚོམ་སུ་འབུལ།།

བོད་ཀྱི་གཏམ་དཔེའི་སློབ་གསོའི་རིན་ཐང་སྐོར།

གཏམ་དཔེ་ནི་དམངས་ཁྲོད་ངག་རྩོམ་ལས་བརྗོད་བྱ་དང་རྗོད་ཚིག་གང་གི་ཆ་ནས་ཀྱང་ཁྱད་ཆོས་བུར་དུ་ཐོན་པ་ཞིག་ཡིན་ལ།

  ཕྱི་གླིང་གི་མཁས་པ་མང་པོ་ཞིག་གིས“གཏམ་དཔེ་ནི་ཁྲོམ་སྲང་གི་ཤེས་བྱ་ཡིན”ཞེས་ གསུངས་ཡོད་པ་ལྟར། བོད་རིགས་ངལ་རྩོལ་མི་དམངས་ཀྱིས་དུས་ཡུན་རིང་པོར་ཕྱི་སྣོད་ཀྱི་འཇིག་རྟེན་དང་ ནང་བཅུད་ཀྱི་སེམས་ཅན་ལས་སྣང་ཚུལ་མང་པོ་ཞིག་ལ་བརྟགས་པ་ལས་ཐོན་པའི་ངལ་རྩོལ་ དང་ཀུན་སྤྱོད། འཚོ་བ་དང་ལས་འབྲས་སོགས་ཀྱི་ཉམས་མྱོང་ཚད་མཐོན་པོའི་སྒོ་ནས་ཕྱོགས་སྡོམ་བྱས་ པའི་ཤེས་བྱ་དང་སྐད་ཆའི་སྒྱུ་རྩལ་ཞིག་ཀྱང་ཡིན། དེ་ནི་གཞུང་གཞན་ལྟར་ཆེད་དུ་དུས་ཚོད་བཀོལ་ཏེ་སློབ་སྦྱོང་བྱེད་མི་དགོས་པར་ཡི་ གེ་འབྲུ་འདེད་ཙམ་མི་ཤེས་པའི་རྒད་པོ་ཚོས་ཀྱང“གཏམ་ཡག་དགོས་ན་དཔེ་ཤོད། མོ་ཡག་དགོས་ན་རྒྱན་ཐོགས”ཞེས་པའི་དཔེ་ལྟར་ངག་སྒྲོས་སུ་རྒྱུན་འབྱམས་ལ་སོང་ཡོད།

རྩོད་རྒྱུགས་དང་ཕྱིར་མིག

མཆོག་གསུམ་རྒྱལ་བའི་བྱིན་རླབས་དང་།།
མཚན་ལྡན་བཤེས་དང་ཆོས་གྲོགས་སོགས།།
སྔོན་བསགས་བསོད་ནམས་དཔལ་འཛོམས་པས།།

དལ་བའི་རྟེན་འདིར་སྐལ་བ་བཟང་།།

ལས་སྨོན་གཅིག་ཏུ་སྦྲེལ་བའི་ཆོས་ཀྱི་མཆེད།།
ལོ་ཟླ་ཞག་དུས་བརྩེགས་པའི་བང་རིམ་ནས།།
ལུང་རིགས་དཔལ་གྱི་ཉིང་ཁུར་རོལ་བ་ནི།།
ཕྱིར་མིག་ཁྲོད་ན་རིན་ཐང་གཞལ་ལས་འདས།།

དབུལ་ཕྱུག་མ་ངེས་འཇིག་རྟེན་རྒྱ་ལམ་ན།།
རེ་དོགས་འཐབ་པའི་སྐྱོ་གར་རི་བོའི་གཏོས།།
ལུང་རྟོགས་བསྟན་པའི་ཚིག་དོན་ཟུང་གི་རྒྱུགས།།

བརྟུན་པ་བསྐྱེད་ནས་ཞུགས་འདི་ཨེ་མ་རྨད།།

མདོ་སྔགས་བདུད་རྩི་འཁྱིལ་བའི་སློབ་གླིང་ནས།།

དམ་པའི་བཤེས་དང་གྲོགས་ཀྱིས་སྐྱོང་ཚུལ་འདི།།

སློབ་མཐར་ཕྱིན་ལ་ཕྱོགས་པའི་སེམས་ངོགས་ན།།

བཀའ་དྲིན་འབུམ་གྱིས་བཞེངས་པའི་གསེར་རི་ཡིན།།

སྐབས་བཅུ་དྲུག་པའི་མཐར་ཕྱིན་འཛིན་གྲྭ་སང་སློབ་མཐར་ཕྱིན་ལ་ཕྱོགས་པའི་སྐབས་སུ་ལོ་འཁོར་རྩོད་རྒྱུགས་བདེ་ལེགས་ངང་མཐར་ཕྱིན་པ་ལ་དགའ་ཚོར་དང་བསྲེས་ནས་བྲིས།


发布     👍 0 举报 写留言 🖊   
✋热门推荐
  • 李小加:2016年是困难和挑战的一年 呼吁投资者静观其变
  • 骑士老板发声明祝福詹姆斯 亲承会退役皇帝球衣
  • 男篮世预赛爆群殴 布拉切铁肘飞脚勇猛 菲律宾罚得只剩3人比赛
  • 担心遭美政府阻拦?!仙童半导体拒绝中国财团收购
  • 小S女儿舞蹈大赛喜获金牌 晒照喊话大S:来场比赛
  • 骗女友600余万 这男士牛了
  • 员工被曝脚踩米线“脚+米线”触及众多网友的底线!
  • 吴宣仪信息遭泄露!被曝年龄造假!
  • 内马尔回应被踩是怎么回事 被踩原因是什么 真相揭秘!
  • 美国《红海行动》蠢到炸
  • 猫咪中毒靠输狗血保命 传说中的”猫狗兽”
  • 新闻速递│个税意见已超3万条 起征点各方莫衷一是
  • 痛心!巴中恩阳被面包车碾压辅警不幸牺牲,年仅25岁!
  • 四川跳舞回家、夜跑失踪的两女子已遇害,嫌犯被抓
  • 网传“中兴员工因被劝退跳楼” 遭遇“公司劝退”真的无路可走?
  • 意总理女友被曝光!美貌绝伦!
  • 毕业生遇尴尬!身高不足无资格证 师范生因身高无缘教师资格证
  • 巨石强森与昆凌 合照“绅士手”获粉丝好评,网友更关心演技!
  • 毛不易公司发声明回应其疑侵权:拒绝恶意捆绑_网易娱乐
  • 日本队清理更衣室 被逆转后展现的超高素养 让人惊叹