ས་སྐྱ་ལེགས་བཤད།

萨迦格言
ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།
萨迦班智达.贡嘎坚赞
འཇུངས་ལ་ཕྱུག་པོ་མི་སྲིད་ཅིང་།།
གཏོང་ལ་དབུལ་བོ་མི་སྲིད་པས།།
འཇུངས་པ་ནོར་དད་ཆུང་བ་དང་།།
གཏོང་བ་ནོར་ལ་རྔམས་པ་འདྲ།།
吝啬变富世难见,施舍致贪天下无。
故此小器似察欲,慷慨却被当贪财。

ལོ་ཙཱ་བ་སོག་པོ་དཔལ་གྱི་ཡེ་ཤེས།(བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ།)
ལོ་ཙཱ་བ་སྣ་ནམ་ཡེ་ཤེས་སྡེ།(བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ།)
ལོ་ཙཱ་བ་སྣ་ནམ་རྡོ་རྗེ་བདུད་འཇོམས།(བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ།)
ལོ་ཙཱ་བ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།(༡༡༨༢-༡༢༥༡)
ལོ་ཙཱ་བ་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ།༡༢༣༠-༡༣༠༩)
ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ།(༡༣༡༩-༡༣༩༠)
སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།(༡༤༠༥-༡༤༧༧)
སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི།(༡༦༥༤-༡༧༡༨)
ལོ་ཙཱ་བ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ།༡༧༠༠-༡༧༧༤)

དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་མངའ་བདག་མཛད་པ་པོ་སྟོན་པ་ཤཱཀྱ་ཐུབ་པ།
ང་སྡེ། ལྡེབ་མ། (༦༦)
དབང་མེད་ན་ནི་དངོས་གྲུབ་མེད། །
བྱེ་མ་བཙིར་ཡང་མར་མེད་ལྟར། །
གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །
དབང་བསྐུར་མེད་ལ་གསལ་བྱེད་པ། །
སློབ་དཔོན་སློབ་མ་ཤི་མ་ཐག །
དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །
དེ་བས་འབད་པ་ཐམས་ཅད་ཀྱིས། །
བླ་མ་ལ་ནི་དབང་དོན་ཞུ། །

རྒྱུད་ཀྱི་རྒྱལ་པོ་དཔལ་བདེ་མཆོག་ཉུང་ངུ་ཞེས་བྱ་བ་མཛད་པ་པོ་སྟོན་པ་ཤཱཀྱ་ཐུབ་པ། ཀ་སྡེ། ལྡེབ་མ། (༢༡༦)
སྔགས་པ་དཀྱིལ་འཁོར་མ་མཐོང་བར། །
གང་ཞིག་རྣལ་འབྱོར་པ་ཉིད་འདོད། །
མཁའ་ལ་ཁུ་ཚུར་གྱིས་བརྡེག་དང་། །
སྨིག་རྒྱུའི་ཆུ་ནི་འཐུངས་དང་མཚུངས།།

འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བརྟགས་པ་མཛད་པ་པོ་སྟོན་པ་ཤཱཀྱ་ཐུབ་པ།
ང་སྡེ། ལྡེབ་མ། (༤༩)
རྣལ་འབྱོར་པ་གང་དབང་བསྐུར་མེད། །
དཀྱིལ་འཁོར་དུ་ནི་མ་ཞུགས་དང་། །
གང་ཞིག་རབ་གནས་མ་མཐོང་དང་། །
གང་ཞིག་སྦྱིན་སྲེག་མ་བྱས་པ། །
འཇིག་རྟེན་འདི་དང་ཕ་རོལ་དུ། །
དེ་ཡི་དངོས་གྲུབ་མཆོག་ཉིད་མེད། །

རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསང་བ་རྣམ་པར་ཕྱེ་བ་ཞེས་བྱ་བ་མཛད་པ་པོ་སྟོན་པ་ཤཱཀྱ་ཐུབ་པ། ཅ་སྡེ། ལྡེབ་མ། (༢༡༢)
ཡང་དག་དབང་བསྐུར་གྱིས་དབེན་ན། །
སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང་། །
སློབ་དཔོན་སློབ་མར་མཚུངས་པར་ནི། །
མི་བཟད་དམྱལ་བ་ཆེན་པོར་འགྲོ། །

མངོན་པར་བརྗོད་པའི་རྒྱུད་བླ་མ་ཞེས་བྱ་བ་མཛད་པ་པོ་སྟོན་པ་ཤཱཀྱ་ཐུབ་པ། ཀ་སྡེ། ལྡེབ་མ།  (༢༥༡)

གང་ཡང་དབང་བསྐུར་མེད་པ་ལ། །
གཞན་དུ་དེ་ཉིད་མ་བསྟན་ཅིག །
མངོར་བརྗོད་རྒྱུད་ལ་བླ་མ་ཡིས། །
དབང་བསྐུར་སློབ་མ་ངག་ལ་སྦྱིན། །
གཞན་དུ་སློབ་མ་སྨྱོ་བ་དང་། །
བརྒྱལ་དང་རྨོངས་པ་དག་ཏུ་འགྲོ། །
མནར་མེད་འཇིགས་པ་ཆེན་པོ་དང་། །
ངན་པ་དེར་ནི་ལྟུང་བར་འགྱུར། །

དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་མཛད་པ་པོ་སྟོན་པ་ཤཱཀྱ་ཐུབ་པ། ང་སྡེ། ལྡེབ་མ། (༡༥༠)

དཔེར་ན་པི་བང་སྦྱོར་ཀུན་ཚོགས། །
རྒྱུད་དང་བྲལ་ན་བརྡུང་མི་རུང་། །
དེ་བཞིན་དབང་དང་བྲལ་ན་ནི། །
སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །
རྨོངས་པ་གང་ཞིག་དབང་མེད་པར། །
བདག་ནི་དབང་བསྐུར་ཞེས་སྨྲ་བ། །
ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །
སློབ་མར་བཅས་ཏེ་དམྱལ་བར་འགྲོ། །

དབུ་མ་བཞི་བརྒྱ་པ་མཛད་པ་པོ་འཕགས་པ་ལྷ། རབ་བྱེད་ལྔ་པ། ལྡེབ་མ། (༦)

གང་ཞིག་གང་གང་ལ་དགའ་བ། །
དེ་ཡིས་དེ་དེ་སྔར་དཔྱད་བྱ། །
ཉམས་པར་གྱུར་པ་དམ་ཆོས་ཀྱི། །
སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །

སྡོམ་གསུམ་རབ་དབྱེ་མཛད་པ་པོ་ས་སྐྱ་པཎྜི་ཏ། ན་སྡེ། ལྡེབ་མ། (༡༨)
རྡོ་རྗེ་ཕག་མོ་ཉིད་ལས་ཀྱང་།།
དབང་བསྐུར་ཐོབ་ཅིང་དམ་ཚིག་ལྡན།།
དེ་ལ་བྱིན་རླབས་བྱ་ཞེས་གསུངས།།
དབང་བསྐུར་མེད་ལ་བྱིན་རླབས་བཀག།
དཔེར་ན་མུ་ཟིའི་བཅུད་ལེན་འཇུ།།
དེ་ནས་དངུལ་ཆུ་བཟའ་བར་གསུངས།།
མུ་ཟི་ཐོག་མར་མ་བསྟེན་པར།།
དངུལ་ཆུ་ཟོས་ན་འཆི་བ་ལྟར།།

སྡོམ་གསུམ་རབ་དབྱེ་མཛད་པ་པོ་ས་སྐྱ་པཎྜི་ཏ། ན་སྡེ། ལྡེབ་མ། (༢༧)

དབང་བསྐུར་དང་པོ་མ་ཐོབ་པར།།
བསྐྱེད་པའི་རིམ་པ་བསྒོམ་པ་དང་།།
དབང་གཉིས་པ་མ་ཐོབ་པར།།
གཏུམ་མོ་ལ་སོགས་བསྒོམ་པ་དང་།།
དབང་བསྐུར་གསུམ་པ་མ་ཐོབ་པར།།
བདེ་སྟོང་ལ་སོགས་བསྒོམ་པ་དང་།།
དབང་བསྐུར་བཞི་པ་མ་ཐོབ་པར།།
ཕྱག་རྒྱ་ཆེན་པོ་སོགས་བསྒོམ་དང་།།
དགེ་སློང་སྡོམ་པ་མ་ཐོབ་པར།།
མཁན་སློབ་ལ་སོགས་བྱེད་པ་ནི།།
གསང་སྔགས་མེད་པར་སྦྲུལ་གདུག་གི།
མགོ་ལས་རིན་ཆེན་ལེན་པ་ལྟར།།
རང་གཞན་བརླག་པའི་རྒྱུ་རུ་བས།།
མཁས་པ་རྣམས་ཀྱིས་རྒྱང་རིང་སྤང་།།


发布     👍 0 举报 写留言 🖊   
✋热门推荐
  • #过门广播剧[超话]##过门广播剧# day6 to徐西临:特别心疼 从徐进女士的离开以后就开始不停心疼 心疼那个永远想站在最前面做最堂堂正正对得起所有人 收拾
  • “我说,我要带着你的爱意度过这个盛夏”然后就听了景霸霸的这首歌他的声音一出来的时候就让我整个人迅速从太康的歌声里转换到了他这里,给人一股沉稳的力量在当他唱到“星
  • 好好爱自己,把期望降低,把依赖变少,你会过得很好永远天真,无忧无虑,慢点长大人生,有时候需要沉淀,也需要历练。没有奇迹,只有你努力的痕迹;没有运气,只有你坚持的
  • 想了好久用什么词句来祝福你的21岁,就像你说心愿容易反向行之,总担心辞藻太华丽不能将我的真心传递给你,那就祝你新的一岁收获更多快乐,更多自由,还有更多更多的爱,
  • !!
  • 本品作为膳食补充剂,可辅助减少身体脂肪,尤其是腹部脂肪的堆积,帮助瘦身塑形。激活代谢形式的复方植物口服浓缩液,草本复方配方集成,各有丰富的药理功效,并通过特定的
  • ❻原文:我一直在想你古文:天涯地角有穷时,只有相思无尽处。❻原文:我一直在想你古文:天涯地角有穷时,只有相思无尽处。
  • 【立省100元[笑而不语]】 【卷后98】 [星星]【佟丽娅代言】阿玛尼同款满天星手表 【佟丽娅,张钧甯等女神都代言,可凑单】专柜3200元跟我买99元,气
  • 在现阶段的中国股市,行业不好,公司再好,也顶多是个事倍功半的效果。如果你能在上述四个显要的股票群体中正确地分析出其中两只股票的走向,你就用不着担心其余股票何去何
  • 当时只道是寻常,直到一天,灯火已阑珊,我们才发现,那些寻常日子是多么美好的祝福 ——《谢谢你离开我》 ​张小娴#独王评# 2022.6.1 知悉起点终点,如何走
  • #吃货阿海的日常# 广州探店宝藏越泰菜✨狠狠满足你的胃-,我是你们的吃货蛋蛋--跟着我打卡,一定不踩雷-一个礼拜连续吃了两次的东南亚餐厅就知道性价比有多高啦这次
  • 这次她的臀部训练计划完全利用哑铃来完美的虐臀,如何更好的去完成每一个虐臀的动作,是很关键的。这次她的臀部训练计划完全利用哑铃来完美的虐臀,如何更好的去完成每一个
  • 大概也打听过了苏灿一些事,对唐妩也有认识,毕竟刚进校就让南实时号霸屏大棒球队队长都吃了亏的女生,身上微博热门前三多少也带着一层光环,等闲人不敢招 ---- m
  • #每日一善[超话]##每日一善# #阳光信用# 知识给人以爱,给人以光明,给人以智慧,应该说知识就是幸福,因为有了知识,就是摸到了有史以来人类活动的脉搏,否则就
  • 据媒体报道,日前在广东普宁,一位36岁女子13年生育了7个娃,如今模样像20岁妙龄少女的视频在网络上走红,引起了网友们的热议和关注。从画面中可以看到,刘女士这七
  • 第一天流血很正常,但大量的出血就要看医生了;第二天有少量血丝也属正常,不能刷牙但可轻轻漱口了;第三天以不出血为好,若还出血就要注意了,漱口一定要用消炎漱口水。—
  • 通过皮肤由皮脂腺渗遍全身,不入血液,更安全 下单》 【有的人一生默默无闻,有的人一生轰轰烈烈,甚至千古流芳,为什么会这样?我时常都在回答:赵禹翔、白志鹏、王慧
  • 谁想,就是这么几步走,妹妹就同意穿鞋子了,原来,有时候,无论是危险还是疼痛,亲自体验就是最好的说法,何况,妹妹是一个很有限度懂节制的天使宝捏#就这一刻##天气即
  • 但唐恩窈的“缘分”五花八门:和他的缘分,始于好奇心,和他的缘分,始于一袋从天而降的垃圾;和他的缘分,始于一颗年少萌动的心;和他的缘分,始于一件难以释怀的往事、一
  • 希望你能遇到一个你理想中的人,没有任何藏着掖着的行为,把最真的自己给你,也希望你别再认识我这样的人了,总是黏着你,凶你,爱胡思乱想,又爱吃醋,让你感到很疲惫。谢