ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ནེལ་སོན་མན་ཌེ་ལ་མཆོག་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཐོབ་རྗེས། ཐེངས་ཤིག་སྐུ་སྲུང་བ་ཚོ་དང་ལྷན་དུ་ཟ་ཁང་ཞིག་ལ་གུང་ཚིགས་བཞེས་ཀ་ཕེབས། ཁོ་ཚོས་ཟས་ཁང་དུ་སོ་སོ་དགའ་བའི་ཟ་མ་རྣམས་མངགས་རྗེས་ཟ་མ་ཡོང་རྒྱུར་བསྒུགས་ནས་བསྡད། ཁོ་ཚོ་དང་ཅུང་ཁ་ཐག་མི་རིང་བའི་ས་ན་སྐུ་མགྲོན་གཞན་ཞིག་གིས་ཀྱང་ཟ་མ་བསྒུགས་ནས་བསྡད་ཡོད། ནེལ་སོན་མཆོག་གིས་ཁོ་མཐོང་བ་དང་སྐུ་སྲུང་བ་ཞིག་མངགས་ནས་མི་དེ་ཚུར་བོས་ནས་ཁོ་རང་དང་མཉམ་དུ་མདུན་ཅོག་གཅིག་གི་སྟེང་དུ་ཟ་མ་མཉམ་ཟ་བྱེད་དུ་བཅུག མི་དེས་ཟ་མ་གང་མགྱོགས་མགྱོགས་ཟོས་ཤིང་། ཟོས་ཚར་རྗེས་མགོ་བོ་ཞིག་བསྒུར་ནས་སྒོ་ལ་ཐོན་ནས་བུད་སོང་ཡོད།
དེ་ནས་སྐུ་སྲུང་དཔོན་པོས་སྨྲས་པ། མི་དེ་ཕལ་ཆེར་གཟུགས་པོ་བདེ་བོ་རང་ཡོད་ས་མ་རེད། ཁོས་ཟ་མ་ཟ་སྐབས་ལག་པ་འདར་བཞིན་འདུག་ཅེས་བཤད། ནེལ་སོན་གྱིས་གསུངས་པ། ཁོ་གཟུགས་པོ་བདེ་བོ་མེད་པ་ཡིན་གྱི་མ་རེད། སྔར་ང་བཙོན་ཁང་ལ་ཡོད་དུས་ཁོ་བཙོན་སྲུང་བ་རེད། ཁོས་ང་ལ་མནར་གཅོད་ཚད་མེད་པ་བཏང་མྱོང་བ་རེད། ཐེངས་ཤིག་ཁོས་ང་ལ་མནར་གཅོད་ཚད་ལས་འདས་པ་བཏང་ནས་ངའི་ལུས་ཀྱི་ཟུང་ཤུགས་ཡོངས་སུ་ཟད་དེ་འགུལ་སྐྱོད་མི་ཐུབ་པར་ལུས་ཡོད་སྐབས། ངས་ཁོ་ལ་ཆུ་ཞིག་སྟེར་རོགས་ལབ་པ་ཡིན། ཁོས་ཐད་ཀར་ངའི་ཁ་ནང་ལ་གཅིན་པ་བཏང་སོང་།
ད་ལྟ་ང་སྲིད་འཛིན་ཆགས་ཚར་བས། ཁོས་ཕལ་ཆེར་ཁོ་རང་གིས་སྔར་ང་ལ་མནར་གཅོད་བཏང་བ་ནང་བཞིན་ངས་ཀྱང་ཁོ་ལ་འཁོན་ལན་སློག་ཡོང་གི་རེད་བསམ་ནས་ཞེེད་ཡིན་གྱི་རེད་སྙམ། ཡིན་ཡང་ང་ལ་འཁོན་ལན་སློག་འདོད་ཀྱི་བསམ་བློ་ཞིག་ཡེ་ནས་མེད་ལ། དེ་ནི་ངའི་གཤིས་ཀ་དང་མ་རེད། སུ་ལ་འཁོན་ལན་སློག་འདོད་ཀྱི་བསམ་བློ་དེ་ཡོད་ན། དེས་རང་རྒྱུད་ཀྱི་གཞན་ཕན་དང་སྙིང་རྗེ་ཡི་སེམས་གཤིས་བཟང་པོ་དེ་གཏོར་ཅིང་བརླག་པར་བྱེད་ལ། སུའི་རྒྱུད་ལ་བཟོད་པ་དང་གུ་ཡངས་ཀྱི་བསམ་བློ་ཡོད་ན། དེས་རང་རྒྱུད་ཀྱི་གཞན་ཕན་དང་སྙིང་རྗེ་རྣམས་འཕེལ་ཞིང་རྒྱས་པར་བྱེད། ཅེས་གསུངས་སོ།

གསར་གཏོད་ཀྱི་ནུས་པ་ཇི་ལྟར་གསོ་སྐྱོང་བྱ་དགོས།
ཚན་པ་དང་པོ།
གནའ་ནས་ད་བར་དུ་ཆེས་རླབས་ཆེ་ཞིང་གཟི་བརྗིད་ཆེ་བའི་མི་ནི། གསར་བཏོད་པ་ཞེས་པའི་མི་དེའི་རིགས་ཡིན་པ་ཀུན་ལ་མཐུན་སྣང་དུ་གྲུབ་ཡོད་ལ། ཆེས་སྒྲུབ་དཀའ་བ་དང་དཀའ་སྡུག་ཆེ་བ་ཡང་གསར་གཏོད་ཀྱི་ལས་སུ་བསྐྱོད་རྒྱུ་དེ་ཡིན་པ་བཤད་ཅི་དགོས། གསར་གཏོད་པ་རེ་རེས་ནི། མིའི་རིགས་ལ་སྔར་མེད་ཀྱི་ཁ་ཕྱོགས་དང་འཕོ་འགྱུར་སྣ་ཚོགས་ཤིག་བསྩལ་ནས་ཡོང་བའི་བཀའ་དྲིན་གྱིས་འཇིག་རྟེན་འདིར་སྔོན་མེད་པའི་གཟི་མངས་རྒྱས་ཡོད་ལ། རེ་བའི་ཉི་ཟེར་འཕྲོས་ཡོད། ངོ་མཚར་བའི་ཤེས་རིག་སྣ་མང་ཡང་དར་ཐུབ་ཡོད། དེང་གི་དུས་འདིར་འཚོ་བའི་ལོངས་སྤྱོད་དང་ཆབ་དཔལ་རིག་ཐམས་ཅད་དར་ནས་རྩེར་སོན་ཡོད་པ་ཡང་དོན་ལ་གསར་གཏོད་པ་སྐུ་དྲིན་ཅན་ཚོའི་མཛད་རྗེས་ཉག་གཅིག་མ་ཡིན་ནམ། གསར་གཏོད་ཀྱི་ལས་དེ་དེ་འདྲའི་རླབས་ཆེ་ཞིང་རིན་ཐང་ལྡན་པ་ཞིག་ཡིན་སྟབས་བྱ་བཞག་དེ་ལ་འཇུག་པར་དེའི་ཚོད་ཀྱིས་དཀའ་བ་བརྒྱ་ཕྲག་དང་དུ་ལེན་ཐུབ་དགོས་པ་དང་། རྣམ་དཔྱོད་དང་འཇོན་ནུས་ཕུན་སུམ་ཚོགས་པ་འཛོམས་དགོས་ཡོད་པས། དོན་དངོས་སུ་ལས་དེར་འབད་པ་ལྷོད་མེད་ཀྱིས་འཇུག་ཐུབ་མཁན་ཡང་། ཉུང་ཤོས་ལས་ཀྱང་ཆེས་ཉུང་ཤོས་ཏེ་ཉིན་མོའི་སྐར་མའི་གྲངས་དང་གཉིས་སུ་མེད་པ་ལྟ་བུར་ཆགས་ཡོད་པ་དེ་རེད། དེ་བས་རང་དང་འདྲ་བའི་མི་བུ་ཕལ་མོ་ཆེ་ནི། གསར་གཏོད་པ་ཚོའི་ཐུགས་རྗེ་བཀའ་དྲིན་གྱི་མཐུ་འོག་ནས་བདེ་སྐྱིད་འཚོ་བར་ཅི་དགར་རོལ་ཏེ། ཁོང་རྣམ་པའི་མཛད་རྗེས་ལ་གུས་བཀུར་དང་བཅས་བསྟོད་གླུ་བླངས་ནས་འདུག་པ་ལས། ཤེས་འཇོན་ནུས་གསུམ་གང་གི་ཆ་ནས་ཀྱང་གསར་གཏོད་ཀྱི་ལས་སུ་ཞུགས་རྒྱུའི་སྐལ་བ་ནི། ཤིན་ཏུ་ནས་ཀྱང་ཕྲ་བའོ།།

མུ་འགོད། ་་་་

༄། ། སྒོ་གསུམ་བག་མེད་ཀྱི་སྤྱོད་པ། །

བསྡམས་ནས་དགེ་བཅུ་ལ་སྦྱོར་ན། །

ངན་འགྲོ་འཇིགས་སྐྱོབས་ཀྱི་བླ་མ། །

རང་གི་སེམས་སྟེང་ན་འདུག་གོ །


བཅོས་མིན་ངེས་འབྱུང་ཞིག་སྐྱེས་ནས། །


བསླབ་གསུམ་ཉམས་ལེན་ལ་བརྩོན་ན། །


འཁོར་བར་སྒྲོལ་བྱེད་ཀྱི་བླ་མ། །

རང་གི་སེམས་སྟེང་ན་ཡོད་འདུག །



གཞན་རྣམས་གཅེས་པར་ཞིག་བཟུང་ནས། །


ཐབས་ཤེས་དབྱེར་མེད་ལ་འབད་ན། །


དམན་ལམ་གཅོད་བྱེད་ཀྱི་བླ་མ། །

རང་གི་སེམས་སྟེང་ན་ཡོད་འདུག །


མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས། །

བསླབ་གསུམ་རིན་ཆེན་གྱི་ཁང་བཟང་། །


ཐབས་ཤེས་དབྱེར་མེད་ཀྱི་ནོར་བུ། །


བླ་མ་ཡིན་ནམ་དང་མ་ཡིན། །


发布     👍 0 举报 写留言 🖊   
✋热门推荐
  • 合虚神君在树后面打盹,他伸个懒腰把眼前的棋盘掀翻,棋子散落人间,雷泽和飞廉大为不满,合虚神君的棋子会变成流星雨,引得无数凡人纷纷许愿,他们俩因此忙得不可开交。当
  • !!
  • 听说原创要150个字,这也太难了吧我的天……发这么多字对我来说也太难了吧!!
  • #MIC男团[超话]#今天又来hu人啦,坚持每天互几个嘿嘿[彩虹屁]本人ygxy630较好,黄V,团偏老幺[亲亲]哥几个的商务也都会尽量支持哒[彩虹屁]然后也想
  • 疫情时,变身全球最大口罩制造商,大赚特赚;全球缺芯时,比亚迪几乎是唯一芯片可以自给自足的车企,即便不能完全满足,“也缺不太多”;被全行业集体diss的磷酸铁锂,
  • 做得不好的有两点:1.又是临时起意,买了中国医药。不过,有一点他们未曾考虑,那就是,整个英国的家庭都没安装空调啊[允悲] 7.12今天做得好的紧紧抓住钒电这
  •   - 载货率进一步下降,供求关系疲弱,货运收益率在2018年增长12.3%,2019年将放缓。该地区运载率(载客率和载货率)将保持在65%以上,辅营收入缓解了
  • #老李视界观##随手拍##六月生活碎片# @随手拍长春 @长春情报站 @a7CLUB 【新疆世界魔鬼城,看起来犹如“人间地狱”让人望而生畏】(视频和图片来源:自
  • #丁程鑫 奇思妙想小脑壳# [兔子]#丁程鑫 高级温柔品格# ‼️时代少年团人气实力双TOP丁程鑫〖芭莎男士〗销量【秒切百万】《队内断层第1⃣》⭐跳舞一次出
  • 『 福州正畸医院医生整理 』 来自@福州齐牙君 (福州专业博主,不仅有大量整牙案例分享、还可以推荐专业的医院医生)#福州牙齿矫正# 福州牙科医院:市第八医院口腔
  • 记者从赛事主办方了解到,成都站的比赛预计将在9月17日至18日打响,届时成都的羽毛球爱好者将在球场上一较高下!今年的首站赛事将在西安打响,全部20站比赛预计在1
  • 但是玩手机就是进入了不睡天堂 凌晨一点了 3h了 困的不行的我还睁着眼傻笑。】[广告][广告][广告]:Love u,Simon“我匆匆地走入森林中 森林它一丛
  • 她先是赞美妈妈相当时髦,接着不忘夸自己遗传了妈妈的美貌,最后把最真心的祝福送给妈妈。她先是赞美妈妈相当时髦,接着不忘夸自己遗传了妈妈的美貌,最后把最真心的祝福送
  • 嘿嘿嘿嘿嘿#阳光信用[超话]#✨#阳光信用# ✨#每日一善# 以热爱祖国为荣、以危害祖国为耻。以辛勤劳动为荣、以好逸恶劳为耻。
  • 《愛心❤365寄語》 在那些遭受挫折的時光里,我們總是對自己充滿了失望,怪自己選擇不對,眼光不好,能力不夠。至於曾心心念念想要的東西,歷經光陰打磨後選擇堅
  • 这几天,曾经回想起老太太,感觉自己会因为思念而搂着她哭,但是,当我这一念头出现时,清晰的理智打断了我的思绪,昨晚的梦,更是让我想起了整段长长的历程,当年,我讨厌
  • 但是鼻子翻车率可以说是高达90%以上,基本没有一次成型的,所以各位小美女们在做之前一定要认真对待做好功课[并不简单]#变美大队长#全能肖战,摄影绘画,修图样样精
  • 《大山的女儿》今日此剧在央视综合频道落幕,该剧以七一勋章获得者黄文秀的真实事迹进行拍摄,详细地介绍了黄书记为百坭村脱贫攻坚所进行的努力,通过该剧传递了第一书记无
  • 今天下了好大的雨,早上开车来上课的时候直接前后车窗起雾啥都看不见,全凭感觉一路上大车也贼多 ​​​不过我是个惜命的人儿哈哈虽然凭感觉但是也稳妥得很哪现在感觉车技
  • 金牛座:有面包才有爱情其实金牛座的务实一点都不比摩羯座差,他们重视物质上的享受,如果你能够给他的爱情仅仅是普罗旺斯的鲜花,他们宁可跟一个不懂浪漫的经济师在一起。