“གར་ཤོན། གཞས་པ་གཞས་མ། (ཡ་པ་ཡ་མ་)”

“མངའ་རིས་ཁུལ་དུ་གར་ཤོན་རྩེད་ཀྱི་སྒྱུ་རྩལ་ནི་གནའ་སྔ་མོ་ཞིག་ནས་དར་སྲོལ་བྱུང་བ་ཞིག་ཡིན། རུ་ཐོག་རྫོང་ནང་དུ་ཡང་སྔ་མོ་ཞིག་ནས་གར་ཤོན་ཞེས་ཞབས་བྲོ་དར་སྲོལ་བྱུང་འདུག། ཞབས་བྲོ་དེ་ལ་ཡ་པ་ཡ་མ་ཟེར། དེ་ཡང་ཡ་པ་ཞེས་པ་གཞས་པའི་དོན་དང་། ཡ་མ་ཞེས་པ་གཞས་མའི་དོན་ཡིན། ཞབས་བྲོ་དེ་ཇི་ལྟར་དར་བའི་སྐོར་བཤད་ཚུལ་གནའ་སྔ་མོ་གླིང་རྗེ་གེ་སར་རྒྱལ་པོ་སྟོད་མངའ་རིས་ས་ཁུལ་དུ་བདུད་དང་འཐབ་པའི་དུས་སྐབས་ཞིག་ན་ལ་དྭགས་རོང་རྒྱུད་དུ་བཙུན་མོ་རིག་ཞུ་བ་ཞིག་ཡོད་པ་དེར་ཕྲུ་གུ་དང་པོའི་གཉེན་སྒྲིག་གི་རྟེན་འབྲེལ་མཛད་སྒོོའི་ཐོག་ཏུ་ཐོག་མར་ཁྲབ་སྟོན་བྱས་པའི་ཞབས་བྲོ་ཞིག་ཡིན་པར་བཤད། རྗེས་སུ་རུ་ཐོག་དགོན་གྱི་བླ་མ་འཕེལ་རྒྱས་ཞུ་བ་ཞིག་གིས་རོང་གི་འཁྲབ་ཚན་དེའི་མ་དཔེ་གཞིར་མཛད་ནས་རང་ཡུལ་དར་བའི་དམངས་ཁྲོད་ཞབས་བྲོ་དང་མཐུན་པའི་འཁྲབ་ཚན་དུ་བཅོས་སྒྲིག་མཛད་པས་དེ་ནས་རིམ་བཞིན་ཡུལ་དེར་དར་རྒྱས་ཀྱིས་ཁྲབ་སྟོན་གྱི་གཟུགས་བརྙན་རྣམས་རུ་ཐོག་བཤན་པའི་ལྷ་ཁང་གི་ལྡེབས་རིས་ངོས་དང་བྲག་བརྐོས་རི་མོ་སོགས་སུ་གསལ་པོར་བྲིས་ཡོད།”

“ཡ་པ་ཡ་མའི་རྒྱན་གོས་ཀྱི་ཁྱད་ཆོས་ནི། ཡ་པ་རྣམས་ཀྱིས་ལུས་ལ་གནའ་རབས་ཀྱི་ཁྲབ་རྨོག་དང་། ལག་ཏུ་རལ་གྲི་འཛིན་པ། སྐེ་ལ་ཁ་བཏགས་གྱོན་པ། ཡ་མ་རྣམས་ཀྱི་ལུས་ལ་སྣམ་བུ་ནག་པོའི་ཕྱུ་པ་དང་། རྐེད་པར་དངུལ་ལས་གྲུབ་པའི་སྡིག་རྭ་ཞེས་པའི་སྐེ་རགས།
སྟོད་ལ་སྟོད་སྐོར་ཞེས་པའི་སྟོད་ཐུང་དང་། སྟོད་ཐུང་ཚོས་གཞི་སྣ་ཚོགས། རྒྱབ་ཏུ་སློ་གོ་ཞེས་ཚ་རུའི་པགས་པ་བཏང་བའི་སྟོད་ལེབས་དང་། ལྷམ་མོ་ཟོམ། མགོ་ལ་ལྡི་རགས་ཞེས་མདུང་དང་བྱུ་རུ་དངུལ་གྱིས་མདའ་སོགས་ཀྱི་རྒྱན་ཆ། རྣ་ཅོག་ལ་ཨ་སྐོར། བྲང་ཁོག་སྟེང་ལ་དངུལ་གྱི་གའུ་དང་དེའི་གཡས་གཡོན་ལ་སྟང་ཁྲ་ཞེས་བྱུ་རུ་མུ་ཏིག་སོགས་ལས་གྲུབ་པའི་ཁྲུའུ་ཁྲུའུ་བཅས་ཀྱིས་བརྒྱན་ཞིང་། མདའ་མ་རྔ་བརྡུང་དང་བསུ་རྣ་གཏོང་མཁན་གཉིས་ཀྱི་མགོ་ལ་ཞྭ་མོ་འབོག་ཏོ་དང་། ལུས་ལ་སློག་པའི་ཕྱུ་པ་དཀར་པོ་གྱོན་སྲོལ་ཡོད་པ་བཅས་སོ།༡༢”

<<རུ་ཐོག་ཁྱུང་རྫོང་དཀར་པོའི་ལོ་རྒྱུས་ཞེས་པ་ལས་བཤུས་ཏེ་བཀོད།>> ཤོག་གྲངས་། ༡༨༡ ནས་༡༨༦ བར།

དབྱངས་ཀྱི་མཆོད་པ།


འདུ་འབྲལ་སྙིང་པོ་མེད་པའི་རྟོགས་བརྗོད་འབྲི། །
ཡུན་རིང་འཛད་མཐའ་མེད་པའི་རྣམ་རྟོག་འབྲི། །
ང་དང་ཁྱོད་ཀྱིས་སྦྲེལ་བའི་དུང་སེམས་འབྲི། །
ངག་རིགས་གླུ་ཡིས་བཀོད་པའི་སྙན་ངག་འབྲི། །

གཟུགས་བཟང་ཞལ་རས་གསལ་བའི་ལང་ཚོ་འཆང་། །
གཟུགས་མཛེས་ཨ་ཅེ་ལྷ་མོའི་བཞིན་བཟང་དཀར། །
གཟུགས་ཡག་མཉེན་ལྕུག་གཡོ་བའི་དབྱངས་ཅན་བསྟོད། །
གཟུགས་མཆོག་མེ་ཏོག་འདྲ་ལེ་དབྱངས་ལ་བཀུག །

དད་འདུན་རིག་བྱེད་ཏམ་བུའི་ཚིགས་བཅད་འབྲི། །
ངེས་འབྱུང་འཁོར་བ་སྤངས་པའི་སྐྱོ་གདམས་འབྲི། །
མི་རྟག་ཆོས་ལ་ཞོན་པའི་བློ་ལྡོག་འབྲི། །
འཇིག་རྟེན་སྙིང་པོ་མེད་པའི་གདམས་ཚིག་འབྲི། །

རབ་སྙན་དཔྱིད་ཀྱི་རྒྱལ་མོའི་སྐད་ངག་ཡག །
རབ་མཚར་ནེའུ་གསིང་སྤང་ཐང་ཡིད་དུ་འོང་། །
རབ་མཛེས་མེ་ཏོག་ཁྲ་ཁྲའི་ལང་ཚོ་རྫོགས། །
རབ་བཟང་དབྱར་གྱི་དུས་འདི་ཨེ་མ་རྨད། །

འུ་གཉིས་ཉིན་མཚན་འདས་པའི་གསང་གཏམ་འབྲི། །
ཕན་ཚུན་བརྩེ་གདུང་སྦྲེལ་བའི་ནམ་ཟླ་འབྲི། །
དམ་བཅའ་རྡོ་ལ་བཀོད་པའི་མནའ་ཚིག་འབྲི། །
དུང་བ་ལས་ལ་མཆོད་པའི་འབུལ་ཡིག་འབྲི། །

དབྱངས་ཆར་མུ་ཏིག་འཕྲེང་བ་ངག་གིས་རྩེན། །
དབྱངས་གསལ་རིག་གཞུང་ལྷ་མོ་ཡིད་ཀྱིས་རོལ། །
དབྱངས་རིགས་སྙན་འཇེབས་མེ་ཏོག་ཕྱག་གིས་སྦྱར། །
དབྱངས་མེ་འོད་ཀྱི་སྣང་བས་མུན་པ་སེལ། །

གྲོགས་པོའི་མཛའ་གཅུགས་བྱམས་པའི་འཁྲི་ཤིང་འབྲི། །
སྤུན་ལོའི་བཅང་བའི་ཡིད་ཀྱི་དུང་སེམས་འབྲི། །
ཕ་མས་བསྐྱང་བའི་བཀའ་དྲིན་བླ་མེད་འབྲི། །
མདོར་ན་ཁོ་བོས་སེམས་ཀྱི་མྱངས་ཚོར་འབྲི། །

བཀྲ་ཤིས་གང་ཞིག་རྟགས་བརྒྱད་མཚོན་དུ་བཀྲམ། །
བཀྲ་ཤིས་ཉི་མ་ཨ་སྔོན་དགུང་དུ་ཚེས། །
བཀྲ་ཤིས་དགེ་ལེགས་བདག་གཞན་འགྲོ་ཚོགས་སྨིན། །
བཀྲ་ཤིས་བདེ་ལེགས་གངས་རིའི་ར་བར་ཤར། ། https://t.cn/RqUdkM5

ཁྲུང་ཁྲུང་ལྷོ་ལ་འཕོར་སོང་། །
ཁུ་བྱུག་མོན་ལ་ལོག་སོང་། །
མེ་ཏོག་སད་ཀྱིས་ཅོམ་སོང་། །
ནམ་ཟླ་དགུན་ཁ་ཚེས་སོང་། །

ཁ་བ་གནམ་ནས་བབ་བྱུང་། །
ཆུ་མོ་འཁྱགས་གིས་གདམ་སོང་། །
སྔོ་ལྗང་ཅན་གྱི་སྤང་རི། །
ཁ་བའི་གོས་དཀར་གྱོན་སོང་། །


发布     👍 0 举报 写留言 🖊   
✋热门推荐
  • 许陌闻:我真的没钱……闫汀内心OS:没钱能住别墅?颜总裁:天凉了,该给仓鼠买小衣服了,顺便让SI破个产。
  • #我的世界[超话]#完全自定义制作的地形地图,总共15个岛、已建设6个。130+Mod组成的大模组,可以按照全面沉浸的模拟国家与城市运营。
  • 教材一共8本书,一本就几百页,知识点零碎,翻几页就犯困,还很难坚持,效率也低下‼️备考的关键就是找对方法,选对备考资料,通过教资一点也不难‼️#教资 ##教师
  • 宠物姓名:小黑性别:公年龄:2岁送养要求【60字以内】: 寻求真心喜欢狗狗的人,能科学喂养,给它一个温暖的家,小黑不在家上厕所,希望领养人不弃养,最好能有稳定的
  • #无畏NoFear[超话]##做无畏的自己# ✨阿七祝你生日快乐呀!!
  • 跟随马队在仙人掌的沙漠中游走,一车人被马车拉到荒芜的野外picnic,酷热的阳光,率真的cowboy,飞驰的骏马,追求自由的潇洒的神威[太开心]#不止旅行##带
  • 远离一切消耗自己让自己不开心不快乐的人和事,以后永远把自己的感受放在第一位,既然一切都不会永久真实、都会被遗忘,那么,只有感受,只有感受是真实存在的。开奖时间:
  • 3、好心境是自己创造的我们常常无法去改变别人的看法,能改变的恰恰只有我们自己。6、不要追逐世俗的荣誉终生寻找所谓别人认可的东西,会永远痛失自己的快乐和幸福。
  • 我觉得以我懦弱自私的性格,如果我是卡梅隆我做不到看着自己被替代,被遗忘,平静地和自己所有的一切告别,独自面对死亡;如果我是波比,那即使知道是个复制品我还是希望他
  • 现在连大溪地的黑珍珠都开始香了……[允悲]孔雀绿好绝啊……今年中秋我想要一颗晕彩孔雀路[可怜][可怜]就比如左图,又比如右图[二哈]1、藏式寺庙的红顶白墙下方,
  • 影片没有过分的煽情,有很多感人的小细节,女儿对妈妈的爱,妈妈对女儿的爱都是“润物细无声”的。两位老师的表演真好, 导演的台词写的真美:“每个妈妈都是母狼保护幼
  • 强推它家自制的菌菇酱,我还特意去买了两次带回家吃,蘸着吃很奶思~环境:古朴肃静的小店,连菜单都是手写的,老板娘信佛,每周一是素食日,无论多少人,都是免费吃,小伙
  • 通过画面,能有博大领悟,并不在于一点一滴的得失,所谓“数点梅花天地心”即是。学画画,练剪纸,唱跳书画活动轮番举行,好一片繁忙景象,让每位孩子都有属于暑期快乐活动
  • 处女座:不再抱怨当处女座真的想放弃的时候,无论你做错多少事情,处理做都不会再抱怨,不会再指责你,因为他觉得这种事都失去了意义,他只对自己熟悉的人抱怨,他只指责自
  • V信:onemegood #上饶整形# #上饶双眼皮多少钱# #上饶隆鼻多少钱# #上饶隆胸# #上饶隆胸多少钱# #互粉# 【初入职场九大"
  • #张艺兴[超话]#[心] #张艺兴你好星期六路透# 没什么就是想让更多人知道,偶像和粉丝之间的关系是有多少是可以像张艺兴和他的钢铁贝壳一样的双向奔赴呢,爱和被爱
  • #心灵鸡汤[超话]#夕阳河边走,举目望苍穹袅袅炊烟飘来了思乡愁,多少回朝夕晨暮思念着你哟,清清河水是我流淌的泪窗外明月光,映照我脸庞月之故乡亲人是否安康,捧一盏
  • #车勋[超话]# #喵颜吉他手车勋# 酷热的阳光宣告着尚未结束的夏日☀️但秋天却已然在八月到来Knocking on the door车小猫想要缩短与你的距离
  • 但在乎你的人,才会对你说良言;敷衍你的人,才好话连连。每当看到爸爸脸上的笑容,她会暗自满足的想:“虽然不能像别的孩子一样也有妈妈,但是能跟爸爸这样快乐地生活下去
  •     后来,比丘们请问世尊:“世尊,小驼背造作什么恶业,在七天中,众比丘竭尽全力都无法救他,虽是阿罗汉,却在饥饿状态下趣入涅槃?阿难从城中化缘回来,听说小驼背