གཞན་ངོ་སྲུང་ལ་བརྩོན་པའི་རྣམ་ཐར་དང་།།

ཡོད་ཚད་བློས་བཏང་བྱས་པའི་གྲུབ་འབྲས་གཉིས།།

ཕྱོགས་དང་མཚམས་བཞིན་ཤིན་ཏུ་འགལ་བས་ན།།

ཤར་ནུབ་ཆུ་བཞིན་གཅིག་ཏུ་འཁྱིལ་བ་མེད།།

དྭངས་བསིལ།

གྲོགས་ལ་གླེང་བའི་སེམས་ཀྱི་འཕྲིན།

ཆེས་ཆེར་བདོག་པའི་མི་ཚོགས་འབུམ་ཁྲག་ལས།།
སྟེས་དབང་མ་ཡིན་བཟང་པོ་ལས་ཀྱི་མཐུས།།
ཁྱེད་ཉིད་གཅིག་པུ་ཡིད་ཀྱི་ཡུལ་དུ་འཁྲུངས།།
ཁྱེད་ཉིད་ཁོ་ན་འདྲིས་པའི་སྤུན་དུ་གྱུར།།

ལོ་བརྒྱར་འགྲོགས་ཀྱང་གཡོ་བ་མེད་པ་དང་།།
སྨོད་པ་བྱས་ཀྱང་ཁོག་རྒྱ་ཤིན་ཡངས་བ།།
གཡོ་སྒྱུའི་ཚིག་ནི་ནམ་ཡང་མི་སྨྲ་བ།།
ཁྱེད་ཀྱི་གཤིས་ནི་ལྷ་ཡི་ཐུགས་དང་འདྲ།།

རྣམ་པར་དཔྱད་པའི་ཤེས་རབ་མིག་གི་རྣོ།།
མུན་པས་བསྒྲིབས་ཏེ་རང་སྐྱོན་མི་མཐོང་མོད།།
ཁྱེད་གསུང་མེ་ལོང་དྭངས་མས་གསལ་བར་མཛད།།
གྲོགས་ཁྱེད་དགེ་བའི་བཤེས་གཉེན་ཉིད་དང་མཚུངས།།

དགའ་བའི་དགོད་སྒྲ་སྒྲོགས་དུས་དགོད་རོགས་ཡིན།།
སྐྱོ་བའི་མྱ་ངན་བྱུང་ན་ངུ་རོགས་ཡིན།།
ཁུར་བོ་འཁུར་ན་འཁུར་བའི་གྲོགས་པོ་ཡིན།།
ཡུལ་གང་བགྲོད་ཀྱང་འགྲོ་བའི་འགྲོ་རོགས་ཡིན།།

དོན་བཟང་བྱུང་ན་དགའ་བཞིན་སྒྲོག་ས་དང་།།
ཡིད་སྐྱོ་འཕེལ་ཚེ་སེམས་གཏམ་བཅོལ་ས་ཡིན།།
མཛའ་གཅུགས་ཡིད་མཐུན་སྙིང་གྲོགས་དེ་ཡོད་པས།།
ང་ཡང་འཇིག་རྟེན་འདི་ནས་ཁེར་རྐྱང་མིན།།

ཟླ་འོད་སྨག་གིས་བཏུམས་ན་ལས་དབང་དྲན།།
ཁ་བའི་དམག་ཚོགས་བྱུང་ན་ལས་དབང་དྲན།།
གླིང་བུའི་ངུ་འཁྱུག་བྱེད་ན་ལས་དབང་དྲན།།
སྐྱོ་བའི་ལས་དབང་མཐོང་ན་རང་ཉིད་དྲན།།

ད་ལོ་གཞིས་ཀ་རྩེ་རུ་འགྲོ་བའི་འཆར་བཀོད་ནད་ཡམས་ཀྱིས་རྩ་གཏོར་དུ་བཏང་བས། གཞི་ནས་འགྲོ་འདོད་ཡོད་རུང་འགྲོ་དབང་དུ་མ་ཕྱིན། ད་སོ་མར། གྲོཊ་ཀྱིས་འཕྲིན་ཕྲན་དུ། “གཞིས་རྩེ་ཡི་དཔལ་འབྱོར་ཅུང་རྗེས་ལུས་ཡིན་ན་ཡང་། ཡུལ་ལྗོངས་ནི་མིག་ལ་མཛེས་ཤིང་གནམ་གཤིས་ཀྱང་ཁམས་དྭངས་པ་ཞིག་རེད།”“ཉིང་ཁྲི་ནི་དེ་ལས་མཛེས་པོ་འདུག་ན་ཡང་། ད་ནི་ཡམས་ཀྱིས་འགྲོ་དབང་མེད་པར་བཏང་འདུག”ཟེར། སྐད་ཆ་དེ་དག་ལ་ཉན་རྗེས། རང་སེམས་ནི་ཚོད་མེད་དུ་ཉ་གང་ཟླ་བ་ལྟར་རྒྱས་ནས་གང་ཞིག་ལ་ཡིད་སྨོན་དང་བཅས་ཡིད་ཆེས་དང་ཆོད་སེམས་ལོག་གཅིག་ཏུ་འཕོས་པའི་འདུ་ཤེས་ཀྱི་ཕུང་པོ་དེ་ཉིད་ཡང་རིང་ནས་རིང་པོ་མི་འདུག་ཅིང་ཐུང་ནས་ཐུང་བོ་མི་འདུག་པའི་གནས་མལ་དེ་དག་ཏུ་དུས་གཅིག་ཏུ་ཤོར་སོང་། [微风]


发布     👍 0 举报 写留言 🖊   
✋热门推荐
  • 孩子的儿童时期及青少年时期的日常生活及家庭教育学校经历等等,对于一个孩子的成长极其的重要,期间的不可缺少,极其的不可替代,极其的不可逆:1.     一个孩子在
  • 我睁开眼睛,目光转向卧室的门,心里有些疑惑:“这么晚了小侄女怎么还在玩?我睁开眼睛,目光转向卧室的门,心里有些疑惑:“这么晚了小侄女怎么还在玩?
  • ️ 在防守端,阿瓦尔非常积极,这让他能够立足中前卫甚至后腰位置。 而射门则是阿瓦尔的短板,无论是角度、力量还是准确度,他的表现都不够理想。
  • 460高版本耐克NIKE SB DUNK LOW PRO QS 黑钻石 蒂芙尼配色 全网首发原盒原标 内置selo气垫,顶级纳帕头层牛皮!今年 Diamond
  • #看见公益##关注湖南洪灾一线# 6月10日,台州市首家以应急救援为主业的基金会——“奉献”应急救援基金会在三门县应急指挥中心成立。(消息、图片来源:台州应急
  • 换上一袭麻衣,遗忘平日随身工业品,漫步街头白天拥挤吵杂的周边此时是宽阔的、有生命的,入耳全是叫不出名的鸟儿鸣啼(想起渣渣了)一眨一眨的红绿灯此时是唯一在宣誓稍后
  • 爱情的降临,总是猝不及防,你们之间的故事,开始与结束,也从来不是他能决定。人与人之间的交往都是由相遇,相知,相熟的过程,都只是在漫漫旅途上偶然邂逅的过客而已,没
  • 他好像永远对着你笑,笑得你心里发寒 如果我多一张船票,你会不会跟我一起走? 这世界上有一种鸟是没有脚的,它只能够一直的飞,飞累了就睡在风里,
  • 但由于各种原因吧,《在远方》是我现场观看音乐剧的第一次。但由于各种原因吧,《在远方》是我现场观看音乐剧的第一次。
  • 2019青春失格之越南对不起-136 越南人对外国游客是一种好奇又羡慕的光 我风尘仆仆的走到早餐摊前。 背包客最让人钦佩的是他们的毅力和耐性,他们就像小强,只
  • 一切都要等你把它拿在手里的那一刻才能知道那细腻的手感、精确的开孔……一切尽在—「美倍原创」#美倍原创##苹果##原创##手机壳##宇航员##玩具总动员##iph
  • 兰的特质——有源源不竭的勇气、温暖和希望的女子、 试想一下,当灾难降临,你和一群人沦落到一个荒岛上,此时,你最希望什么样的人陪在你身边?是满口仁德道义却什么都不
  • [心]创业就像过‌筛‌子,不断的筛‌人,先筛‌掉异想‌天‌开一‌夜暴‌富的,再筛去三‌分热度懒‌散懈‌怠,继‌续筛掉没‌格‌局不‌愿改‌变的,筛‌去不懂‌得感‌
  • 陈先生做了番茄鱼汤竟然也很好吃,广东人就是有天赋[嘻嘻][偷笑]近期发现了好东西scampi, 新西兰鳌虾2kg冷冻装,解冻以后肉质细腻绝对是刺身水准,可以生吃
  • 78.爱上你之前,想单枪匹马去闯荡江湖,看看这五彩斑斓的世界。 年少且斟夕阳,邀几个旧知醉一场,笑百年易过,风华难觅。
  • 一刹那就到了中午,开始打开每天的盲盒,悲伤,每次想吃的都没订到过,每次订到的都是不爱吃的,这两天全靠硕硕科室发的酸菜鱼底料,然后大锅炖,有啥全放里面,还是挺幸福
  • 也许,我是你前世的一朵解语花,今生,你是我梦中的牵挂,是我永远不解的谜底,才这样互相折磨,相思成灰!也许,我是你前世的一朵解语花,今生,你是我梦中的牵挂,是我永
  • 愿出门在外的人在异乡有个有爱的家!愿出门在外的人在异乡有个有爱的家!
  • ☑️适合约会或者和小姐妹聚聚的店饭点排队爆满,记得要提前取号~人均:110#美食好物心选节##美味好店鉴定团##在家实现烤猪蹄自由# 跟朋友去吃了惦念许久的咖喱
  • 那么,地铁广告投放后,如何评估带来的转化呢?深圳满意度咨询(SSC)受某零食企业客户委托,对其在杭州地铁广告投放的广告效果进行第三方调查。  广告效果评估是深圳