"བྱང་ངོས་པ་རིག་འཛིན་རྡོ་རྗེ་# ནི། ལྕགས་བྱི་ (1900)ལོར་ལྷ་སའི་སྟོད་ལུང་བདེ་ཆེན་རྫོང་གི་སྒེར་རིན་སྒང་པའི་ཁྱིམ་དུ་འཁྲུངས། ཆུ་བྱི་(1912) ལོར་རྒྱལ་མཆོག་བཅུ་གསུམ་པའི་བཀའ་བཀོད་ལྟར་དབྱིན་ཇིའི་རྒྱལ་ས་ལོན་ཏོན་དུ་སོང་སྟེ་ལོ་བཅུའི་རིང་ལ་་གློག་ལས་ཀྱི་ལག་རྩལ་སྦྱང་བརྩོན་གཙོ་བོར་མཛད་དེ་སློབ་ཐོན་ལག་ཁྱེར་ཡང་ཐོབ་ནས་བོད་དུ་ཕེབས། དེ་རྗེས་ཤིང་བྱི་(1924)ལོར་ལྷ་སའི་བྱང་ངོས་དོག་བདེ་གློག་ཁང་གསར་རྒྱག་གི་ཇུས་འགོད་དང་འཕྲུལ་འཁོར་སྒྲིག་གཤོམ་སོགས་གནང་སྟེ་མཐར་ས་འབྲུག་(1928)ལོར་ལྷ་སར་བོད་མཐོ་སྒང་གི་དཀར་མེ་སྟེ་ཆུ་གློག་ས་ཚུགས་ཐོག་མ་དངོས་སུ་བཙུགས་ནས་གློག་འདོན་ཐུབ་པ་བྱུང་བ། རྒྱ་ནག་ནང་ཁུལ་གྱི་ཆུ་གློག་ས་ཚུགས་གཉིས་པ་དེའང་ཡིན་སྐད་དོ།།

ཁོང་ནི་རྒྱལ་དབང་བཅུ་གསུམ་པའི་སྐབས་ཏེ་ཡེ་ལོ་(1913)ལོར་བོད་ཀྱི་སྐུ་དྲག་ཁྱིམ་རྒྱུད་ནས་ན་གཞོན་བཞི་སྟེ་སྨོན་གྲོང་མཁྱེན་རབ་ཀུན་བཟང་(ས་གཏེར་འཚོལ་འདོན་སྐོར་སློབ།)དང་བྱང་ངོས་པ་རིག་འཛིན་རྡོ་རྗེ(གློག་གི་ལས་ཀ་སློབ།)། སྐྱིད་སྦུག་པ་དབང་འདུས་ནོར་བུ(ཏར་བཏང་དང་ས་ཐིག་ལེན་ཚུལ་སློབ།)། སྒོ་མཁར་བ་བསོད་ནམས་མགོན་པོ(དམག་དོན་ལས་ཀ་སློབ།)བཅས་འདེམས་སྒྲུག་བྱས་ནས་དབྱིན་ཇིའི་རྒྱལ་སར་ལོན་ཏོན་གྱི་ཨིང་ལན་རག་སྦིས་སློབ་གྲྭར་སློབ་སྦྱོང་དུ་ཕྱིན་པ།བཞིའི་ཡ་གྱལ་གྱི་གཅིག་ཡིན་ནོ།། "

ད་རང་གི་གྲོགས་པོ་བཙོང་ན་འདི་ལྟར། ཉེ་སྔོན་གྲོགས་པོ་ཞིག་གིས་ངའི་སྐད་འཕྲིན་གྱི་སྒེར་ལ་སྐད་བཞག་ནས། གྲོགས་པོ་དྲ་ལམ་ཡོད་དམ་ཟེར། སྐབས་དེར་ང་ལ་ཏག་ཏག་སློབ་ཁྲིད་ཡོད་པས་ཡུན་རིང་ཅིག་ལ་ཕྱིར་ལན་བཞག་མ་སོང་། དེ་ནས་ཕྱིར་སྐད་བཏང་དུས་ཁོས་ང་ལ་ངས་ཁྱེད་རང་གི་སྐད་འཕྲིན་བརྗེས་སོང་བསམ་ནས་ཁ་པར་གཏོང་འདོད་ཡོད་ཟེར། སྣང་བ་ཞིག་ལ་ཉིན་འདི་དག་ལ་སྐད་ཆ་དེ་འདྲ་མང་པོ་ཐོས་མྱོང་པ་འདྲ། དེའི་སྔོན་ཅིག་ལའང་གྲོགས་པོ་འགས་སྐད་བཏང་ནས་ཁྱེད་ལ་གྲགས་འགུལ་ཅི་ཡང་མེད་པ་ཅི་རེད་ཟེར། ཁོ་ཚོས་གྲགས་འགུལ་མེད་པ་ཅེས་པ་དེ་ཡང་ནམ་རྒྱུན་ངས་སྐད་འཕྲིན་གྱི་བར་སྟོང་སོགས་སུ་པར་དང་ཡི་གེ་མ་བསྐུར་བ་དང་། དེ་ནས་ཚོགས་པའི་ནང་ལ་ཁ་མ་གྲགས་པ་དེ་ལ་གོ་བ་ཡིན། གྲོགས་པོས་ཀྱང་ང་ལ་ཡུན་རིང་ཅིག་ལ་དྲ་ལམ་ནས་རིག་རྒྱུ་མེད་ནོ་ཆུང་མ་བཙན་གི་པ་ཟེེར། ངས་ཕྱིར་ལན་ཡག་པོ་ཞིག་འདེབས་དགོས་སྙམ་ནས་བསམ་བློ་གཏོང་དུས། ཁོས་ཡང་ང་ལ་ཨ་ལ་ཀུ་རེ་ཡིན། མཛེས་མ་ཞིག་མཚམས་སྦྱོར་བྱོས་དང་ཟེར། དེ་ནས་ངས་ཁྱོད་ལ་མཚམས་པའི་མཛེས་མ་ཞིག་མེད་གི་ཟེར་དུས། ཁོས་ང་ལ་བུ་མོ་ཞིག་གི་པར་ཞིག་བསྐུར་ཡོང་དུས་མཛེས་མ་འདིའི་སྐད་འཕྲིན་བྱིན་དང་ཟེར། བུ་མོ་དེ་ཏག་ཏག་ངའི་ལས་གྲོགས་ཅིག་ཡིན་པས་ང་ཅུང་ཡ་མཚར་སོང་། དྲང་མོར་བཤད་ན་ང་ཡ་མཚར་དགོས་དོན་ཡང་མེད་དེ། འཇིག་རྟེན་འདི་ཇེ་ཆུང་ནས་ཇེ་ཆུང་དང་། ལྷག་པར་མི་དང་མིའི་བར་གྱི་འབྲེལ་བ་ནི་དེ་འདྲའི་ཧ་ཅང་ལྐོག་གྱུར་ཞིག་ཡིན་པ་ངས་སྔ་མོ་ནས་ཤེས་ཡོད། དེ་ནས་གྲོགས་པོ་དང་མཉམ་དུ་ཁ་བརྡ་ཅུང་བྱས་རྗེས། ཕྱི་ཉིན་ངེད་གཉིས་ཇ་ཁང་ཅིག་ནས་ངོ་ཐུགས་རྒྱུ་བྱས། གྲོགས་པས་ང་ལ་ད་སྐབས་ང་ལ་མོ་ལྷ་འཁོར་གྱིན་འདུག་ཟེར། མང་རྫོང་ན་གཅིག ཡུལ་ཤུལ་ན་གཅིག རྫོང་ཐོག་ན་གཉིས། ཁ་སང་གི་བུད་མེད་དེ་བརྩིས་ན་ལྔ་ཡིན་འདུག་ཟེར་ནས་ཅུང་རྫིག་རྫིག་གིས་ང་ལ་ལབ་ལྟ་བུ་ཞིག་རྒྱབ་བྱུང་། དེར་མ་ཟད་ཁོས་ང་ལ་བུད་མེད་དེ་དག་གི་ཡག་གི་སྐོར་ནས་ཡང་བཤད་བྱུང་ལ། ཁོའི་སེམས་ནས་བུད་མེད་དེ་དག་ལ་ཨང་རིམ་ཞིག་ཀྱང་བཀར་ཡོད་པ་འདྲ། དེ་ལས་གཞན་ད་དུང་ཡང་མང་པོ་ཞིག་ལབ་སོང་ཡང་སྐད་ཆ་ལ་ལ་ཀུན་སྤྱོད་དང་འགལ་འགྲོ་བས་མི་གླེང་བར་བྱ ། ཐོག་མར་ངས་མོ་ལྷ་འཁོར་ཅེས་པ་ལ་འགྲེལ་ལྟ་བུ་ཞིག་རྒྱབ་ན་སྐྱེས་པ་གཅིག་གིས་མཉམ་གཅིག་དུ་བུད་མེད་འགའ་ལ་དགའ་རོགས་བསྒྲིག་ཐུབ་ན་དེ་ལ་མོ་ལྷ་འཁོར་ཟེར་བ་འདྲ། སྐབས་འདིར་དགའ་རོགས་ཟེར་ན་མི་འགྲིག་པ་ཁོ་ཐག་ཡིན། ངའི་ཕ་ཡུལ་དུ་འབྲེལ་བ་འདིའི་རིགས་ལ་རོགས་ཀ་ཟེར་བ་ཡིན། ནམ་རྒྱུན་ཁོ་ཚོས་རོགས་ཀ་ཟེར་བ་ནི་ཆུང་མ་ཕུད་བའི་ཕོ་མོའི་འབྲེལ་བ་གཞན་ཞིག་ལ་ཟེར་བ་ཡིན། འདི་ནི་བལྟས་ཚོད་ཀྱིས་ཀུན་སྤྱོད་དང་འགལ་བའི་འབྲེལ་བ་ཞིག་ཡིན་ཡང་། འབྲེལ་བ་འདི་ཚད་ལས་མ་བརྒལ་ན་ངའི་ཕ་ཡུལ་དུ་འདི་ལ་དོ་སྣང་ཆེན་པོ་བྱེད་གི་མེད། ཡང་ངའི་ཕ་ཡུལ་དུ་རོགས་ཀ་ཟེར་བ་ནི་ཕོ་མོའི་བར་ངེས་པར་དུ་འབྲེལ་བ་བྱུང་དགོས་པ་ཞིག་ལ་ཟེར་བ་འདྲ། དེས་ན་ངའི་གྲོགས་པོས་བཙལ་ཡོད་པའི་བུད་མེད་ལྔ་བོ་དེ་ཁོའི་རོགས་ཀའང་ཧ་ལམ་ཡིན་ས་མ་རེད། སྐབས་འདིར་ངས་འབྲེལ་བ་འདིའི་རིགས་ལ་ཅི་ཟེར་དགོས་པ་མི་ཤེས། ཧ་ཧ།

当你的泪滴嗒的时候
你就知道了菩萨在想你

当你思念菩萨的时候
你就晓得了我也在想你

心在哪里?
哪里就是你

ཁྱེད་རང་སྤྱན་ཆབ་ཡོང་པའི་དུས་སུ་ཁྱེད་ཀྱིས་ལྷ་ཡིས་ཁྱོད་རང་དྲན་པར་རྟོགས།
ཁྱེད་ཀྱིས་ལྷ་དྲན་པའི་དུས་སུ།
ངས་ཀྱང་ཁྱེད་ཉིད་དྲན་པ་ཁྱེད་ཀྱིས་ཤེས།
སེམས་གང་ན་ཡོད་ན་ཁྱོད་དེ་ན་ཡོད།

ཚུལ་ཁྲིམས་མཐར་ཕྱིན།

极乐法会日
观世音菩萨节日
阿底峡尊者圆寂日
2022年11月11日

虎年留念[爱心][爱心][爱心]


发布     👍 0 举报 写留言 🖊   
✋热门推荐
  • 畑中咲輝 部分展品.本次展览是日本年轻陶艺家畑中咲辉在中国的首次个展,将集中呈现其悉心创作的94件陶作,展品包含水罐、盒物、花器、摆件等,这些作品自然率真,如孩
  • 4.不建议你在晚餐时吃得太多,就像在早餐和午餐时随便对付几口,在晚餐时胡吃海塞。因为人们晚上的活动时间较少,尤其是那些不喜欢运动的人,所以他们一整天都在晚上发力
  • #世界女排新闻资讯[超话]##巴西女排联赛# 巴超女排常规赛第20轮结束,之前还有3场补赛,米纳斯连续两个客场,3-0奥萨斯科、2-3包鲁塞西,因小腿腓骨骨折休
  • 吃早餐时,平时不大搭理人的胖蒲公英找我絮叨了半天,看看粮水都有,昨天又刚喂过湿粮,不是馋了或饿了。姥姥在家的时候两只猫天天围着她,有吃有喝有梳毛,家里很干净。
  • 作为格莱斯纳在法国机构的首次展览,本次亮相对观众来说意味着一次崭新的机会,去带领他们体验这样一系列心理驱动的、由象征性色彩主导的绘画作品,毫无疑问,这些作品拥有
  • 稍有阅历的电音乐迷应该首先会被#Four Tet#、Massive Attack、Be Svendsen、#Floating Points#的名字所吸引,他们也
  • 家里的床太舒服了,躺着都觉得是香的[心]#奇葩说#今天回到家 ,我妈没咋说我的蓝毛 啊 松了一口气,虽然她催我去剪了[doge],那再给我留一个礼拜就去剪吧[喵
  • 前进道路上,我们要大力发扬孺子牛、拓荒牛、老黄牛精神,以不怕苦、能吃苦的牛劲牛力,不用扬鞭自奋蹄,继续为中华民族伟大复兴辛勤耕耘、勇往直前,在新时代创造新的历史
  • #新加坡疫情# 1月16日,新加坡新增863起冠病确诊病例,每周社区病例增长率从昨天的1.47略升至今天的1.49,连续13天高于1。863起新增病例中,500
  • 两个人只有在对待孩子这个问题上在是一条心,才会心平气和的坐下来好好聊,除了孩子意外,所有的事情都是暴利解决,吵架,冷战...其实,相比于争吵,互相说出彼此的不满
  • 不是,显然在疫情防控这件事上他们有许多值得改进的环节,不是不允许批评,但似乎西安现在做什么,说什么,稍有不如大众意的地方就立马一顶“魔幻西安”“打死不去这座城市
  • 因你的纠缠让他拉黑你,人都是趋利避害的,你不停的纠缠和聊天,让他感受到压力,想要马上结束你的纠缠,所以选择了拉黑你。在此感谢各位看到这条的你对我的间接监督~[春
  • #311教育学考研[超话]# 21教育学原理专业研一在读,上海师范大学复试/调剂指导,辅导内容包括:参考书目/论文推荐阅读,教育热点合集,英语口语,专业问题指导
  • #马伯骞[超话]#落山鸡的肉夹馍:不知不觉来到了陪你过生日的第五年,你还是那个一直坚持自己的梦想的马老师,你还是那个爱唠嗑的马沙拉你还是那个幽默风趣的马黄瓜你还
  • 善良之举,需要人人拥有,善良之歌,需要人人唱和。善良之举,需要人人拥有,善良之歌,需要人人唱和。
  • 片刻之间,香气弥漫,氤氲缭绕满屋飘香,滚滚浓汤,洁白胜雪,湛清碧绿,悦目赏心,这样做出来的狮子头烟火十足,暖胃可心… 终于看到了nhk版,这个清晰度才配得上我的
  • 业务咨询QQ:228385747 白爪花脸猫【新款女娃用手织版型推荐】NVM-VOL3精益制发-女娃用美人尖(带鬓角) 美人尖特点:1.针对女娃脸型设计,更柔和
  • 煎和熬都是变美味的方法,加油也一样是一两个人的菜真的好难炒,我就喜欢多炒一点以后我要是结婚,这小两口得赶紧生个孩子这样三个人的饭菜就会多一些样式和色彩妈妈弄的这
  • #国超文集[超话]# 继上次画好的图糊了之后,这是我这个非专业人士第二次用平板画画(我的专业可以说是和这毫不相关)画的不好,劳烦各位有什么建议尽管提,虽然只是一
  • 徐福记沙琪玛真是从小吃到大啊[馋嘴]爆裂咸蛋黄口味有没吃过呀徐福记 咸蛋黄沙琪玛121g×2包(¥25.05)2包差不多有24枚,口感黏黏、咸咸、香香的,里面还