༄༅།།སློབ་རའི་གསར་འགྱུར།
ཐེངས་འདིར་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་། སློབ་རའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་རྒྱུ་སོགས་ལ་དམིགས་ཏེ། དམངས་ཁྲོད་གཏམ་དཔེ་འགྲན་ཚོགས་སྐབས་གསུམ་པ་འདི་ཉིད། དེ་རིང་གཟའ་པ་སངས་ཀྱི་ཕྱི་དྲོར་སློབ་གྲྭའི་རྩལ་ཐང་ཆེན་མོའི་སྟེང་དུ་གཟབ་རྒྱས་ངང་སྤེལ་བ་རེད།
གཏམ་དཔེ་འགྲན་ཚོགས་ཆེན་མོ་འདི་ཉིད་ནི། ཐོག་མར་འདི་སྔོན་དབྱར་གསེང་གི་དུས་སུ་སློབ་མ་ཚོས་ཕ་ཡུལ་གྱི་དམངས་ཁྲོད་ནས་གཏམ་དཔེ་འཚོལ་བསྡུ་དང་། དེ་ནས་གཏམ་དཔེ་དེ་དག་སྤྱད་དེ་༼ཡིད་དུ་འོང་བའི་སློབ་ར༽ཞེས་པ་བརྗོད་གཞིར་བཟུང་བའི་རྩོམ་ཡིག་རེ་བྲིས་པ་དང་། དེ་ནས་སློབ་མགོ་ཚུགས་རྗེས་རྩོམ་ཡིག་གི་བརྗོད་དོན་གཏམ་བཤད་ཀྱི་ནང་དོན་དུ་བསྒྲིགས་ཏེ། འགྲན་རིམ་དང་པོ་སྟེ། འཛིན་གྲྭ་ནང་ཁུལ་གྱི་འགྲན་སྡུར་དང་། འགྲན་རིམ་གཉིས་པ་སྟེ་ལོ་རིམ་ནང་ཁུལ་གྱི་འགྲན་སྡུར་བཅས་སྔ་ཕྱིར་ཐེངས་གཉིས་ཀྱི་འགྲན་སྡུར་བརྒྱུད་དེ། དེ་རིང་འགྲན་རིམ་གསུམ་པའམ་སློབ་གྲྭ་ཡོངས་ཀྱི་མཇུག་འགྲན་ཆེན་མོ་བསྒྲུབས་པ་རེད། དུས་ཡུན་རིང་ཞིང་ཚགས་སུ་ཚུད་པའི་གཏམ་དཔེ་འགྲན་ཚོགས་ཆེན་མོ་འདིས། སློབ་མ་མི་ཉུང་བ་ཞིག་བོད་རང་གི་དམངས་ཁྲོད་ཀྱི་ངག་རིག་གི་སྒྱུ་རྩལ་ལ་བྱང་ཆ་ཐོན་ཞིང་། དམངས་ཁྲོད་ཀྱི་རིག་གནས་ལ་སྤྲོ་སྣང་བསྐྱེད་པར་མ་ཟད། བོད་སྐད་ཀྱི་ཐུན་མིན་ཁྱད་ཆོས་དང་རིན་ཐང་ལ་ངོས་འཛིན་གསར་པ་ཞིག་དང་། འདི་ཉིད་རྒྱུན་འཛིན་དང་དར་སྤེལ་གཏང་རྒྱུའི་འོས་འགན་རང་སྟེང་དུ་བབ་པའི་འདུ་ཤེས་བརྟན་པོ་ཞིག་ཆགས་པར་ཕན་ནུས་ངེས་ཅན་བྱུང་ཡོད་པ་ནི་གདོན་མི་ཟའོ།།
དེ་ལྟར་བོད་ཀྱི་དམངས་ཁྲོད་གཏམ་དཔེ་ནི། ཚིག་ཉུང་ཞིང་དོན་འདུས་པ་དང་། བརྗོད་བདེ་ཞིང་གོ་སླ་བ། དཔེ་དང་དོན་འབྲེལ་ཆགས་པ། བརྗོད་དོན་ཟབ་ཅིང་རྒྱ་ཆེ་བ། སྙན་ཞིང་ཡིད་ལ་འཇགས་སླ་བ། དོན་འདུས་ལ་གནད་ཆེ་བ་སོགས་ཡིན་ཏེ། གཏམ་དཔེ་དེ་དག་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་རིགས་མི་དམངས་ཀྱིས། ཡུན་རིང་གི་ངལ་རྩོལ་དང་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ་གྲུབ་པ་ཞིག་དང་། དེས་མི་རབས་རྗེས་མ་རྣམས་ལ་ལེགས་ཉེས་བླང་དོར་གྱི་གནད་ལེགས་པར་སྟོན་ཅིང་། སྐད་ཆའི་སྒྱུ་རྩལ་གྱི་ཉིང་བཅུད་གྱ་ནོམ་པར་བསྐྲུན་ཡོད་པ་རེད།

དེ་ཡང་ཐེངས་འདིའི་འགྲན་ཚོགས་ཀྱི་དཔྱད་འདེམ་པར་རང་རེ་སློབ་གྲྭའི་དགེན་འགྱུར་མེད་ཚེ་དབང་དང་། གནས་བརྟན། ཡེ་ཤེས། པད་དྲི། ཆོས་ཉིད། ཚེ་བརྟན། ལྡན་ལོ། གསེར་ཐར་སོགས་ཕེབས་ཡོད་པ་དང་། མཇུག་ཏུ་སློབ་གྲྭའི་བོད་ཤེས་རིག་ཞིབ་འཇུག་ཁང་གི་འགན་འཁུར་བ་དགེན་ཆོས་ཉིད་ལགས་ཀྱིས་ཐེངས་འདིའི་གཏམ་དཔེ་འགྲན་ཚོགས་ལ་ཕྱོགས་བསྡོམས་གསུང་བཤད་གལ་ཆེན་གནང་ངོ་།།

_______

#闲聊3

བོད་སྔ་མའི་མི་རྒན་ཚོས། བུ་མོ་ཞིག་གིས་བུ་ཞིག་ཕར་བཙལ་བ་ནི་འཇིག་རྟེན་གྱི་ལུགས་དང་འགལ་ཞིང་ངོ་ཚ་མེད་པ་ཞིག་ལ་བརྩི། བུ་མོ་དེའི་རིགས་ལ་ཁྱི་མོ་དང་གླ་མོ་ཟེར་ནས་འཕྱ་དམོད་ཀྱང་གཏོང་།

ཡིན་ཡང་། ངས་ཤེས་ཚོད་ལ། བུ་མོ་ཞིག་གིས་主动རང་འགུལ་གྱིས་བུ་ཞིག་ཕར་བཙལ་བ་ནི་ངོ་ཚ་དང་བྲལ་བ་ཞིག་རེད་ཟེར་ཐག་མི་ཆོད་མོད། ལུགས་དང་འགལ་བ་ཞིག་ཡིན་པ་ནི་ཕལ་ཆེར་བདེན་པ་ཡིན་འདུག ལུགས་ཟེར་ན་ཡང་མིའི་རིགས་རང་གིས་བཟོས་པའི་ཀུན་སྤྱོད་དང་དེའི་འགྲོ་སྟངས་ཟེར་བ་མིན་པར། སྲོག་ཆགས་ཀྱི་གཉུག་མའི་གཤིས་ལུགས་ཤིག་ལ་ཟེར་བ་འདྲ། ངས་སྲོག་ཆགས་ཀྱི་འཇིག་རྟེན་དང་འབྲེལ་བའི་དངོས་བྲིས་མང་པོ་ཞིག་ལ་བལྟས་མོད།

མོ་ཡིས་ཕོ་བཙལ་མཁན་ནི་ཧ་ལམ་སྲིད་མཐའ་ཙམ་རེད།

ཡིན་ཙང་། གཏན་ནས་མེད་པ་ཡང་མ་རེད་དེ། དཔེར་ན་གླ་མོ་སྟེ། གླ་བ་མོ་དང་ཁྱི་མོ་ལྟ་བུ་རེད།

མིན་ཚད་ཕལ་ཆེར་ཕོ་རྣམས་ཡ་བོ་རེད།

མོ་ཞིག་རིག་ན། དེ་བརྩད་དེ་ཤི་འཇོག་པ་དེ་འདྲ་རེད། [呲牙] https://t.cn/R2WxDIZ

ན་མོ་གུ་རུ་པདྨ་ཀཱ་ར་ཡེ།
འདིར་དཔལ་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་ཐུགས་བཅུད། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིམ་གཉིས་ཟབ་མོ་ལ་བརྟེན་ནས་ཟུང་འཇུག་གི་འབྲས་བུ་མྱུར་དུ་ཐོབ་པར་འདོད་པས་ཐོག་མར་ཐོ་རངས་མ་རིག་གཉིད་སྐྲོག་ནི།
གུ་རུ་པདྨ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་སྐུ་གར་ཐབས་གསུང་བརྡ་སྐད་སྔགས་ཀྱི་གླུ་དབྱངས་ཐུགས་ཀྱི་དགོངས་པ་རིག་པ་རང་ཤར་གྱི་ངོ་བོ་བདག་ལ་གཏད་དེ་ཌཱ་དྲིལ་གྱི་སྒྲ་དང་བཅས་ཏེ་ཟིལ་ཆེན་པོའི་མདུན་གྱི་ནམ་མཁར་བྱོན་པར་བསམ།
 རྗེ་བླ་མ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ མི་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ དུས་ད་ལྟ་ཁམས་གསུམ་སེམས་ཅན་རྣམས༔ སེམས་ལུང་མ་བསྟན་གྱི་ངང་དུ་མནལ༔ དེ་སད་ནས་འཁྲུལ་པའི་སྣང་བར་འཁྱམས༔ མ་འགྲོ་དྲུག་གྱུར་པའི་སེམས་ཅན་ལ༔ བུ་རང་རིག་རྟོགས་པའི་རྣལ་འབྱོར་ངས༔ ཞིང་མཁའ་སྤྱོད་གནས་སུ་འདྲེན་པའི་ཕྱིརཿ ཕ་བླ་མ་ཁྱེད་ཀྱི་རྗེས་ཞུགས་ནས༔ ལུས་ངག་ཡིད་བཏང་སྙོམས་མི་གནས་པར༔ དོན་ཐོས་བསམ་བསྒོམ་པས་གཏན་ལ་ཕབ༔ ལས་བྱ་བ་ཐུན་བཞིའི་འཕྲང་ལ་བཅུག༔ གནས་རི་ཁྲོད་ཉམས་དགའི་ཞིང་འདི་རུ༔ བདག་རང་གཞན་དོན་གཉིས་འགྲུབ་པ་ཡི༔ ཁྱེད་བླ་མ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ མི་བདག་གི་སྒོ་གསུམ་བྱིན་གྱིས་རློབས༔ ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ དགོངས་ཤིག་ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔ དབུ་སྐྲ་མཛེས་པའི་ཐོར་ཚུགས་ཤིགས་སེ་ཤིག༔ རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལི༔ དུར་ཁྲོད་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སྒྲ་དང་རོལ་མོ་མང་པོ་འུ་རུ་རུ༔ ཡི་དམ་ལྷ་ཚོགས་ཧཱུྃ་སྒྲ་དི་རི་རི༔ མཁའ་འགྲོ་སྡེ་ལྔས་གར་བྱེད་ཤིགས་སེ་ཤིག༔ གིང་ཆེན་དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ མ་མོ་མཁའ་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་གི་སྒྲ་སྐད་སི་ལི་ལི༔ གཡས་ན་ཕོ་རྒྱུད་ཐམས་ཅད་ཤ་ར་ར༔ གཡོན་ན་མོ་རྒྱུད་ཐམས་ཅད་ཤ་ར་ར༔ བར་སྣང་ཐམས་ཅད་དར་གདུགས་ལྷབས་སེ་ལྷབ༔ དྲི་ཞིམ་སྤོས་ཀྱི་ངད་ལྡང་ཐུ་ལུ་ལུ༔ མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རི༔ གིང་ཆེན་དཔའ་བོའི་བཤུག་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣང་གླུ་མང་པོ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཐུགས་རྗེས་གཟིགས་ལ་གནས་འདིར་གཤེགས་སུ་གསོལ༔ གནས་འདིར་ཐུགས་རྗེས་དགོངས་ཏེ་གཤེགས་ནས་ཀྱང༔ བདག་གིས་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ བགེགས་དང་ལོག་འདྲེན་བར་ཆད་འདུལ་བ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ༔
ཞེས་དང་། དེ་ནས་རླུང་རོ་ལན་གསུམ་བསལ་ཞིང་།ཐུན་མོང་དུ་ངེས་འབྱུང་དང་། དད་པ། སྙིང་རྗེ་ཆེན་པོའི་ཤུགས་དྲག་ཏུབསྐྱེད་པས་ངེས་འབྱུང་གི་བློ་བཅོས་པ་ལ།


发布     👍 0 举报 写留言 🖊   
✋热门推荐
  • 上周买入的某某科技股(公司名称含有科技,主营业务是科技)最近表现不错。三友化工下午16的位置卖了一点,然后觉得期货走势很强,不妥,15.88接回来了;周五15.
  • 男朋友说我知道你为什么要作因为你觉得我给你的安全感不够你慌了 所以你总想找点事情证明我爱你你不知道我为什么总加班总约会迟到 总不回你短信 我以为你懂我我在忙着赚
  • 但是一年存10万只需5年,就可以保证未來稳稳的幸福,一生几代人的財富保障友邦保险充裕您和您家人們的未来❤️#充裕未来可期##AIA##友邦保险 ##香港友邦保险
  • ⚠️修道层次越高,法力越灵验,但是道家一直都秉持“信则有不信则无,心诚则灵”的原则。道教灵符多达上百种,针对性都是不同的,它以养生修德辅助,为人祛病消灾等等为百
  • ”营收排名第5的国有汽车集团是广汽集团(A股:601238,H股:02238)广汽集团在财报中表示,2021年是国企改革的攻坚之年、关键之年,本集团正在推进国企
  • 成为常州的主人已经23天 从一开始的紧张 吃什么喝什么都要问宠物店到现在已经对养猫有了基础的了解。养宠物给我最大的感觉就是像在养孩子 皮的时候很烦 睡着的时候觉
  • 你的男朋友陪你几个月,甚至几年的时间。望大家以后点陪玩的时候别点他,各位转单的老板也小心他,他超级会偷老板,而且经常再转单出去。
  • ?#闪耀暖暖[超话]# 这个月经历的大无语事件一共被莫名其妙拉黑了两次:第一次是在超话找了个姐妹互关,过了几天后发现圈子不同,她发的微博我都看不懂,就主动私聊她
  • 云何得知是我真性? 他已经知道这个「见性」还不掉了,他不懂得为什么讲它就是我。
  • ”司机大概40多岁,见我不出声,他又说:“现在很晚了,不会有车了,你去哪,我送你吧!”司机在得知后,就说:“要200元,不过姑娘,我不识路,你得指引我怎么走!
  • 还是宋清远发现了一成生病的事,出于对朋友的关心,他把这件事告诉了乔家的兄弟姐妹,很快的,他们都出现在了医院,包括已经与他和平离婚的项南方也来了,大家都是非常在乎
  • —❥.°ʚ 小分享ɞ°. ❥—炙手可热的康嘉奇畅爽饮料倍受哪些群体追捧❓✅不爱喝水,却喜欢喝饮料的群体;✅想美白护肤、排毒的群体;✅女性日常保健,预防妇科疾病的
  • 【你尽管努力,时间终会还你惊喜】你是否有过这样的疑问,同一起跑线的两个人,经过时间的推移,后来的境遇竟截然不同?每个人的一天都是24小时,时间不会偏袒任何人。
  • 晚上强迫自己睡觉的时候,总是爱幻想如果穿越到18岁,展开乱七八糟的想象,会和谁在一起,会有什么不一样的目标,生活会有什么不一样。我一直想:假如我小时候读过这样的
  • (吃成胖子的我眼泪落下来)我连对妈妈的解释都想好了。奶奶的我都要骂人了,本来佛系阿姨觉得追星挺简单一事,硬是被鬼逼成战斗果,头也磕秃了,我想说,头都秃了你以为我
  • ?不不,我很nice,我不怼你,我就用速度碾压你,不戴划水掌。
  • 。顾城?
  • P4P5月光岛上超好看的景 小海边的感觉 请观赏男女不同的拍摄视角P6P7P9第二天机智的选择租车 打卡了啤酒小镇 买了好多啤酒同时还很好出片 小众灯塔都没有人
  • 你喜欢做菜吗Bis bald之后见Kommt gut nach Hause und bis gleich平安到家 之后见Oh mein Gott was zie
  • 三星以43.3亿美元的营收位列第二,环比增长5.5%,市场份额17.3%,下滑了0.1个百分点。三星以43.3亿美元的营收位列第二,环比增长5.5%,市场份额1