༼འཇིག་རྟེན་བསྐྱར་བརྟགས༽ལས་ཁཱན་ཐྲིའི་བོད་འབྲེལ་ལྟ་གྲུབ་དང་གླིང་དུམ་གྱེས་གྱེད་རིག་པའི་བོད་ཀྱི་ཁམས་འཚོལ་ཞིབ་བར་བལྟས། ད་ལྟ་དྲན་ཚུལ་ཞིག་བདོག་པ་ནི་རྭ་སེ་དཀོན་རྒྱམ་གྱི་སྐད་ཆ་དེ་ཆེས་དྲང་མོར་འདུག་ཅིང་། ཚངས་དབང་ལགས་ཀྱི་བསྟོད་པ་དེ་ཅུང་ཙམ་ཐལ་ཆེ་བར་མཐོང་། གཏམ་རྒྱུད་གསེར་ཐང་ལ་ཚིག་ཁོ་ནས་ཀྱང་འགྲན་ཡ་ཡེ་ནས་མེད་དོ། གཞན་ༀ་འབར་ལགས་ཀྱི་སྐད་ཆ་དེ་ཡང་བསམ་པ་བཟང་པོའི་རྟགས་སུ་འདུག དེ་མིན་ཤེས་ཡོན་པ་དག་གི་སྐད་ཆ་ལ་ཡང་ཆ་བཞག་བྱེད་ཐབས་མེད་དེ། སྐབས་རེར་རང་གི་སྒེར་དོན་བརྩམས་ཆོས་ཀྱི་སྟེང་ལ་བཞག་ནས་ལབ་པར་བྱེད། བདག་རང་རེའི་ད་ལྟའི་ཤེས་ཡོན་པ་དག་ལ་རྒྱུས་ཆེས་བས་ཁོ་ཚོས་ཅི་བཤད་ཅི་བྲིས་ངའི་འཚར་ལོངས་ཀྱི་ལོ་ཟླར་འགྲོགས་ཡོད། ད་ཐེངས་དགུ་སྤུན་ལགས་ཀྱིས་དཀའ་ལས་རྒྱབ་ཡོད་ཤག་རེད། གང་ལྟར་དབྱངས་གསལ་སོ་བཞིའི་འཕྲེང་བར་བརྒྱུས་བའི་དེབ་རྒན་འདི་ཡང་ང་དང་ང་འདྲ་བ་རྣམས་ཀྱིས་བཀླགས་པར་འོས་སོ།།

࿑ མདོ་ཁམས་ས་ངན་བསོ་བའི་མཁས་པ་ཀཿ ཐོག་རིག་འཛིན་ཚེ་དབང་ནོར་བུ༡༦༩༨-༡༧༥༥ལགས་ཀྱི་བཀའ་འབུམ་ལས་རྒྱ་ནག་ཧྭ་ཤང་གི་བྱུང་ཚུལ་གྲུབ་མཐའི་ཕྱོགས་སྔ་བཅས་ས་བོན་ཙམ་སྨོས་པ་ཡིད་ཀྱི་དྲི་མ་དག་བྱེད་དགེ་བའི་ཆུ་རྒྱུན་བྱ་བ་ལས༼འོན་ཀྱང་བོད་ཡུལ་འདི་ན་མཁས་རྨོངས་ཕལ།། ཕྱོགས་སྔ་མ་ལོང་ཚིག་ཙམ་ལ་ཞེན་ནས།།༽ཞེས་གསུངས་པ་ལྟར་རང་རེའི་ལོ་རྒྱུས་སྨྲ་བ་མང་ཤོས་ཀྱིས་ད་དབར་དུ་ཚིག་ཙམ་ལ་ཞེན་ནས་གླང་དར་གྱིས་སངས་རྒྱས་བསྟན་པ་བསྣུབས་ཞེས་པའི་དོན་ནི་གསང་སྔགས་ཀྱི་བསྟན་པ་བསྣུབས་པར་བཞེད་ནས་ཡོང་བ་ཡིན། འོན་ཀྱང་། དོན་ལ་དེ་ལས་ལྡོག་སྟེ། ལྷོ་ཁ་འཕྱོངས་རྒྱས་ཁུལ་རྒྱས་སྨན་ལྷ་ཁང་གི་མདའ་འམ་པ་རའི་གྲོང་ནག་མེད་དགུའི་མཁས་དབང་ཡེ་བཟང་རྩེ་པའམ་འགོས་ལོ་གཞོན་ནུ་དཔལ༡༣༩༢-༡༤༨༡གྱི་དེབ་ཐེར་སྔོན་པོ་ལས༼དེ་ལྟར་བོད་ཡུལ་འདིར་འདུལ་བའི་བསྟན་པ་ལ་འཕེལ་འགྲིབ་ཆེར་བྱུང་མོད་ཀྱི། ཐེག་པ་ཆེན་པོའི་གསང་སྔགས་ཀྱི་བསྟན་པ་ནི་དེང་སང་གི་བར་དུ་ནུབ་མ་མྱོང་།༽ཞེས་གསུངས་པ་ལྟར་ལྷ་སྲས་དར་མ་འུ་དུམ་བཙན་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཞེས་པའི་གོ་དོན་ནི་ཁོང་གིས་སོ་ཐར་གྱི་བསྟན་པ་བསྣུབས་པ་ལས་གསང་སྔགས་ཀྱི་བསྟན་པ་ལ་གནོད་པ་ཡེ་བསྐྱལ་མ་མྱངས་བ་དེབ་སྔོན་ལ་བལྟས་པས་ཤེས་ནུས་སོ།། ཞེས་གྲོགས་ཚོམས་སུ་དཔེ་ཀློག་རེག་ཟིག་ཙམ་གྱི་ཚབ་ཏུ་བོད་སྐད་སྨྲ་བ་ནབས་ཀྱིས་བྲིས། [太阳]

གནའ་དུས་སུ་འཕཊ་པ་ཐོགས་མེད་དང་།

འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཕྱོགས་གླང་། དཔལ་ཆོས་ཀྱི་གྲགས་པ་ཞེས་མཚན་ཐུང་ངུ་སྙན་ཞིང་ཡིད་དུ་འོང་བ་ཞིག་འབོད་སྲོལ་འདུག

དེ་དུས་ཀྱི་དགེ་སློབ་ཚོས་མིང་རིང་ཐུང་ལ་དོ་སྣང་དེ་ཙམ་བྱས་མེད་པ་འདྲ།

དཔལ་ན་ལེནྡྲ་ཡང་པཎྜི་ཏ་ལྔ་བརྒྱ་གནས་ཤིང་མཁས་གྲུབ་གྲངས་མང་ཡོད་པའི་དགོན་པ་ཞིག་ཡིན་པར་ལོ་རྒྱུས་ཀྱིས་ར་སྤྲོད་དང་བདེན་དཔང་བྱས་འདུག་ལ།
དགོན་པ་དེ་ཡང་༼དཔལ་ནཱ་ལེནྡྲ༽ཞེས་པའི་མཚན་ཐུང་ངུ་དེས་མཚོན་ཡོད་ཅིང་།
དེ་འདྲའི་ཡིག་འབྲུ་ཉིང་ངུ་ཞིག་གིས་ཆོག་པར་བྱས་ཤིང་།
ཡིད་ཚིམ་པ་ནི་ཅི་འདྲའི་ཡིད་འོང་ཞིག

མེས་རྟེན་གྱིས།


发布     👍 0 举报 写留言 🖊   
✋热门推荐
  • 在西安美院的一次大会上,我曾感叹道,这样的艺术风格应该诞生在我们古长安这片厚土上,它的厚重应是5000年文化的渊源,可惜它却诞生在了长江边上。同时,中国传统
  • 从一户到千户,从一个村到全县90%以上的村,从鸡肉到牦牛肉、鸡蛋、枸杞、藜麦……米存民不仅成了大通县的“养鸡专家”还成为了青海省第四届农畜产品高级经纪人。像唐军
  • 既然无论是外在的世界,还是我们自身,都没有恒常不变的东西,那又何必对于现在所拥有的贪恋不舍呢?直到临终之际才猛然发现,原来苦苦追求的这一切,竟连一根毛都带不走,
  • 现在麻药劲儿过了,我觉得伤口好像也没那么疼了,还好,有人陪着我,还好,有人也会心疼。医生看出了我的尴尬,对着宁说:你不来的时候好好的,一点事儿也没,估计是看见你
  • 省吃俭用给她上舰给她上礼物只想让她多看我的ID一眼(这时我突然明白了那些给主播疯狂打赏的男生的心态——好吧也不全是,毕竟相当一部分人应该只是见色起意吧)(其实我
  • 我明天还跳气死你中午吃的咖喱饭说实话有点腻,近期不会吃了…下午睡了一会准备去图书馆被李李安利的咖啡店买了杯生椰拿铁,真的很不错!#永瘦妙妙屋[超话]# 37#考
  • 不过也有一些网友表示:“职校出身,混得再好也还是个泥瓦匠”“没用,工地上最多也只能给350一天,没什么奔头”等等,这些网友对这样的世界冠军很不以为然,话里话外都
  • 曝光的视频显示,当查尔斯在和约克市政要打招呼时,有4枚鸡蛋飞越身边,接着坠落在地,而他则环顾了一下四周,虽然看到地上的碎鸡蛋,但却几乎不动声色。记录一下看完了B
  • #molifusu2022fw# #ping或捞2位送30元优惠券# #molifusu 2022fw new# |1110 20:00《云朵拥抱系列》100%
  • 幸得他是个情深义重之人,了解每一份真情,才让这份默默无闻的爱也有了回应。对我们:他从不曾忘记那些支持他的人,以及为他送上的诚挚祝福和真挚爱意,所以他郑重其事的许
  • ----------------------------❤️️码字不易,喜欢点个、收藏下再走呗~将寻找魔都更多好玩、好拍的打卡点给大家▶︎▶︎▶︎详见已分类笔记
  • 这种说法有一定道理,郭德纲于谦现在的很多相声确实存在这样一个问题,不管什么伦理哏和荤段子全都围着于谦家人转悠,像以前“于谦岳父是蒙古国海军司令”之类的段子多少还
  • 一个好的信仰,能让人懂得珍惜生命,活的明白,活的通透。螺狮粉而我们应该幸福快乐,因为,生命只有一次。
  • 【10点】 tb搜“聚划算”,页面下拉-早10点抢 统一100方便面5袋(10000件),1 雀巢果萃速溶咖啡5条,5.9 超能洁净柔护洗衣液1kg,6.
  • 例11. 父親は娘に甘い。例10. 姉は勤勉なのと反対に、妹は遊び好きだ。
  • 如果有人问起你以后想嫁给一个什么样子的男人 你可以告诉他:我想应该是对我好对我好,只对我好的那种人吧不管我多要强在别人面前多么的坚不可摧我都要承认我始终是一个女
  • 听不理解女生这种心理的是不是生病了啊救命我好晦气啊为什么我真的不理解[泪]爱上听rapper是因为季畅超第一首爱上的歌是刘聪的随身听2000,然后当天晚上在抖音
  • 我今天吃饼才发现自己口淡到了什么地步,我没放调料,只靠里面那点火腿肠我就觉得很淡很好吃……这个面包完整的时候对于我来说真的好大……我记得高中的时候买过一家类似的
  • 张总一行参观了三棱科技展厅,详细了解了智慧应急大数据平台、智能应急柜、净气型危化品智能存储柜及电小盾用电安全智能管理系统等三棱产品,近距离感受到了三棱强劲的企业
  •     ·你的友情,在我的生活里就像一盏灯,照亮了我的心灵,使我的生命有了光彩。    ·你的友情,在我的生活里就像一盏灯,照亮了我的心灵,使我的生命有了光彩。