ལྷ་བབས་དུས་ཆེན་བསུ།

ཧོར་པོ་ཤཱཀྱ་ནོར་བུ།

ཡུམ་གྱི་དྲིན་ལན་གསབ་ཕྱིར་ལྷ་ཡུལ་དུ།།
སྟོན་པའི་ཞབས་མཐིལ་འཁོར་ལོ་བཀོད་པ་ན།།
གསུང་གི་བདུད་རྩི་དྲན་པའི་སྐལ་ལྡན་ཚོའི།།
རེ་བ་བསྐང་ཕྱིར་ལྷ་ལས་བབས་པ་ཡིན།།
ཐུབ་པས་ཡུམ་གྱི་བཀའ་དྲིན་དྲན་དེ་བྱོན།།
མི་རྣམས་སྟོན་མཆོག་ཡིད་ལ་དྲན་པས་གཟིར།།
ཕན་ཚུན་དྲན་པའི་གཏམ་རྒྱུད་གསོན་པོ་དེ།།
ཐབས་མཁས་ཆེན་པོའི་མཛའ་བརྩེའི་འོད་ལས་འཁྲུངས།།
རྒྱལ་བ་ཀུན་གྱི་ཡུམ་གཅིག་སྒྱུ་འཕྲུལ་མ།།
ཤེས་རབ་མིག་གཅིག་བརྩལ་བའི་སྟོན་པ་གཉིས།།
བདག་གི་ཡིད་ཀྱི་དད་པའི་མཆོད་སྡོང་སྟེ།།
གཅིག་ལ་དགའ་ཞིང་གཅིག་ལ་ཤིན་ཏུ་དད།།
ཐ་སྐར་ཟླ་བའི་མར་ཚེས་ཉེར་གཉིས་ཏེ།།
རང་ལ་བཀའ་དྲིན་ཆེ་བའི་མ་ཡུམ་ལ།།
རྒྱང་ཐག་རིང་ཡོད་མེད་པ་ལྟོས་པར།།
དགའ་བའི་གཏམ་དང་སྙན་པའི་གཏམ་སྨྲོས་ཤིག

དེ་རིང་ལྷ་བབས་ཉིན་༼ཐར་མདོ་༽ ཚར་གཅིག་ཀློག་ནས་མིག་སྔར་འགྲོ་མིའི་རིགས་ལ་གནོད་འཚེ་གཏོང་བཞིན་པའི་ནད་ཡམསདང། དམག་ཁྲུག་ལས་ཐར་ནས་འཛམགླིང་ལ་ཞི་བདེ་ཡོངས་བར་བསྔོ་སྨོན་ཞུའོ།

རང་ཉིད་ཀྱི་རྣམ་རྟོག་ཆོ་མེད་པ་རྣམས་དང་མ་མཐུན་ན།
རེད་མི་ཟེར་བའི་རི་གྲོང་གི་བྱིས་པ་སྣབས་ལུག་ཚོས།
ཁྱོད་ཀྱི་སྤྲོས་ཞིག་སྟོང་པ་ཆེན་པོའི་འཇིག་རྟེན་ནས།
སྐབས་བསྟུན་ཐབས་མཁས་ཀྱི་མཛད་པ་ངོ་མཚར་བ་དག
མི་སྲིད་པའི་སྐྱག་རྫུན་གྱི་ཁུག་མར་བཙན་གྱིས་རྫོང་།

སྟོང་ལོ་གཉིས་ལྷག་གོང་གི་མི་ཚོས།
མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པའི་ཁྱོད་ཀྱི།
དབུ་ཡི་གཙུག་ཏོར་དང་ཞབས་ཀྱི་འཁོར་ལོ་སོགས།
སུམ་ཅུ་རྩ་གསུམ་དུ་བྱོན་པ་དང་མི་ཡུལ་ལ་བབས་པ་སོགས།
ད་ལྟའི་ཆུ་བུར་མིག་ལ་མངོན་ཐབས་མེད་པས།
འགྲེལ་ལོག་གི་བྱེ་མའི་ཁང་བུ་སྣ་ཚོགས་རྩིག

ཁྱོད་ཀྱི་རྡུལ་དག་མེ་ལོང་གི་མཁྱེན་པའི་ངོགས་སུ།
ས་ལེར་མངོན་པའི་ཆོས་རྣམས་ཀྱི་རང་བཞིན་ཏེ།
རྟེན་ཅིང་འབྲེལ་འབྱུང་དང་སྟོང་ཞིང་བདག་མེད།
གཞན་ཡང་ས་དང་ལམ་གྱི་རྣམ་བཞག
དག་དང་མ་དག་གི་ཞིང་འཇིག་སོགས།
དུས་མཐའི་ཤེད་བུའི་བློ་གྲོས་ཀྱི་ཁབ་མིག་ཆུང་ངུར་ཤོང་ཐབས་མེད་པས།
གྱ་ཚོམ་དུ་མི་དགེ་བའི་ས་བོན་མང་པོ་འདེབས།

——གངས་མགྲོན།


发布     👍 0 举报 写留言 🖊   
✋热门推荐
  • 可能我们所有人再怎么努力都不可能超过巴菲特的传奇财富,但你的方向定了,你的努力所换来的财富不会差到哪里去。凡事要想的开,看得透,悟的开,放下心中的执著,一切随缘
  • 【想变漂亮先要入手这两个哦】 化妆就像魔法一样,但使用魔法的话也要去魔法学校呀,而且首先要入手的两个就是下面这两个 ①ビューラー:睫毛夹 ②新しいリップ:新口红
  • 同时,与携程集团开展战略合作,在全国率先推出“沈阳旅游复兴V计划”着眼沈阳旅游市场疫后重塑和未来发展,推出文化旅游大数据联合实验室、IP整合营销、文旅产品开发、
  • 时间真的跑的太快了,大学真的是个象牙塔,给我无限期待,可社会也无情的拍打着我,工作太难找了,我磨磨蹭蹭的还没准备好走向社会,可岁月不等我啊,伤感也没有用。心里都
  • 归来却怪丹青手,入眼平生几曾有;意态由来画不成,当时枉杀毛延寿。归来却怪丹青手,入眼平生几曾有;意态由来画不成,当时枉杀毛延寿。
  • 干啥啥不行KY第一名,不求你换位思考下我的心情,至少不要在我面前舞吧[费解]真的我婉拒同担(当然还是聊得来的暗恋的不算[二哈])【点赞西昌“包子哥”每天送500
  • 这样的老师我也想要~#时间管理#每一个职场中人或多或少都有这样的体验:压力重重,太多事情都理不清头绪,似乎永远被各种任务和目标追赶着……《搞定》这本书,确实是一
  • ??
  • ”老师笑着说:“你们尝的是水,我尝的是礼物。”老师笑着说:“你们尝的是水,我尝的是礼物。
  • 其具体比例是:低剂量组16/36,44%;中等剂量为18/36,50%;高剂量为22/36,61%;一些受试者体内产生了可检测水平的中和抗体;该疫苗还在大多数志
  • 【2017款林肯MKC】新车提供了电动尾门作为标准配置,而在现款车型中,消费者需要花费额外费用进行选装。/2016.7.14是我第一次去北京海淀区我印象中我姐带
  • 希望大家今年都可以去愉快的野餐 拍美美的照片[心]今天没有化妆,所以穿的还是比较慵懒但是又不失利落的这一身,而且红色的裤子比较亮眼,也算为今天的素颜打个亮点 但
  • 因为你不知道,也许无意中你和他们说的那么一句话,可能就会影响到你的一生。这么说吧,北京正是一个充满魔力的城市,让你有梦可追,总有忙不完的事,感谢自己当初的选择吧
  • 它凭借极富美感的外观、优越的驾驶性能、前瞻的科技配置等产品优势,上市即热销,首月销量便破万。SBW按键式电子换挡(下图)值得一提的是,混动系统的加入并未对空间产
  • 49. 行政决策依据决策目标性质的不同,可分为程序化决策和非程序化决策。 30. 公共政策主体能力的内容主要包括:(1)规制社会成员行为的能力;(2)引导公
  • #黄子韬[超话]#520期间,没流量了,但绝对不会影响我爱你的心,你是我19年来第一个心动的男孩,我从来没谈过恋爱,想想好像挺失败的哈,但以后每一天有你足矣![
  • 每次我有活动我都会发信息告诉她,但是她每次都不会我信息,很长时间不会的那种,而且她肯定看到的[笑cry][允悲]我觉得好奇怪,是我想太多了吗#iG电子竞技俱乐部
  • 有工作的地方没有家,有家的地方却没有工作,他乡容纳不下灵魂,故乡安置不了肉身,一个叫家的地方找不到养家糊口的路,找到养家糊口的地方却安不了家,从此便有了漂泊,有
  • 今天有早早起床 觉得早起以后一天都可以不紧不慢的按计划做事情 明天也要早早起床早晨喝了羊汤 还吃了昨天晚上提前做好的布丁中午做了饼卷驴肉 和小九儿一块儿嘚啵嘚晚
  • 【每日供养】《法华经》云:“若人散乱心,乃至以一花,供养于画像,渐见无数佛”。供养功德不可思议!悉皆回向阿耨多罗三藐三菩提,愿求者如愿!苦者得乐!众生安康,同证