ཀུན་ལ་ཧབ་ཐོབ་ཆེ་བ་མ་ཡིན་ཀྱང་།།
གང་ཞིག་འཐོབ་འདོད་རེ་བ་ཆེ་དྲགས་པས།།
གཞུང་ལུགས་ཡ་མ་ཟུང་ལ་བལྟས་བལྟས་ནས།།
མདོར་དོན་གཅིག་ཏུ་དྲིལ་ན་སྟོང་པ་ཉིད།།
གང་ལ་འགྲོ་སའི་ལམ་བུ་མ་རྙེད་ཅིང་།།
ཅི་ཞིག་འཚོལ་བའི་དམིགས་འབེན་བོར་བའི་བདག།
སྙོམ་ལས་རབ་རིབ་ཅིག་གིས་བཏུམས་བཏུམས་ནས།།
མི་ཚེའི་ཁ་དོག་དེ་ཡང་སྐྱ་བོར་གྱུར།།
བཀླགས་པའི་དཔེ་དེབ་གྲངས་འབོར་མཐུག་ཅིང་ལྗིད།།
བསོགས་པའི་དོན་པོ་ཡང་ཞིང་སྲབ་པ་ཉིད།།
གང་ལ་བསྙབས་ཀྱང་ཕན་འབྲས་མི་རྙེད་པར།།
ཕངས་སེམས་གཅིག་པུ་ཁུར་ནས་འབྲོ་དགོས་བྱུང་།།
ཚིག་དོན་རེ་རེར་མྱུལ་མའི་སྟབས་ཀྱིས་ནི།།
ཞིབ་མོའི་གནད་ལ་འབད་ཅིང་འབུངས་ན་ཡང་།།
གྲོགས་ངན་ལེ་ལོའི་གཤིས་དང་བསྡོངས་ནས་ནི།།
འཇུག་འབྲས་སྙིམ་པ་གང་ཡང་མ་རྙེད་དོ།།
དགའ་བའི་གཏམ་གྱིས་སྙོར་སྐྱོང་མ་བྱས་ཤིང་།།
བརྩེ་བའི་འཛུམ་གྱིས་རམ་འདེགས་མ་གནང་ཚེ།།
ད་ལྟའི་བདག་ནི་རྐྱེན་ངན་གྲོགས་ཤར་གྱི།།
གཞོན་ནུ་ཕུགས་བསམ་ཅན་ཞིག་ཡིན་ནའང་ཐང་།།
_____ བོད་ཟླ་༩.༢༣ཉིན་སྒྲེ་བོ།

རྙེད་བཀུར་འཁོར་དང་གྲགས་པ་དོན་གཉེར་བས།།
འགྲན་སེམས་ཕྲག་དོག་བདག་བསྟོད་གཞན་སྨོད་ཀྱིས།།
ངེས་ཤེས་གྲངས་དང་བཤགས་སྦྱོང་ལྷུར་ལེན་པ།།
ཉོན་མོངས་སོ་ནམ་ཐོས་པའི་གཟུགས་བརྙན་ཡིན།།
༧ ཞེས་མཁས་གྲུབ་ཐམས་ཅད་མཁྱེན་པས།
འགྲན་སེམས་ཕྲག་དོག་བདག་བསྟོད་གཞན་སྨོད་ཀྱིས།།
ངེས་ཤེས་གྲངས་དང་བཤགས་སྦྱོང་ལྷུར་ལེན་པ།།
ཉོན་མོངས་སོ་ནམ་ཐོས་པའི་གཟུགས་བརྙན་ཡིན།།
༧ ཞེས་མཁས་གྲུབ་ཐམས་ཅད་མཁྱེན་པས།
其他人如何看待你的行为并不重要,你需要的是一个清净的心。—顶果钦哲法王
སེམས་ཅན་གཞན་དང་གཞན་གྱིས་རང་གི་སྦྱོར་བ་ལ་རྣམ་འགྱུར་ག་འདྲ་ཞིག་འཛིན་པ་ནི་དམིགས་པར་བྱ་བ་གཙོ་བོ་དེ་མ་ཡིན་པར། སོ་སོ་ལ་ཉེ་བར་མཁོ་ཞིང་ལྷག་པར་དགོས་པ་ནི་སེམས་དྲི་མས་མ་གོས་ཤིང་སྐྱོན་གྱིས་མ་བསླད་པ་ཞིག་གོ །

✋热门推荐