࿑ཅི་བྱས་གཞན་རྗེས་སུ་འབྲང་བ་རང་ཚུགས་མེད་པའི་རྟགས་ཡིན་ཡང་།ཡོད་ཚད་རང་ཉིད་ཀྱི་ལྟ་སྤྱོད་དང་མཐུན་དགོས་པར་ཨུ་ཚུག་བྱེད་ཅིང་གཞན་ལ་མིག་དཔེ་བལྟ་མ་ཤེས་པ་ནི་བླུན་པོའི་ངང་ཚུལ་ལས་མ་འདས་པར་སྣང་། https://t.cn/R2Wx1Aq

དཀར་པོ་ཆིག་ཐུབ།

—སྟོད་ཀྱི་མི་བོས༢༠༢༢ལོའི་སྤྱི་ཟླ༡༡པའི་ཚེས༡༡ཉིན་རྩེ་གཞུང་ནས།

མང་ཆུ་སྔོན་མོ་ལྷུང་ལྷུང་འབབ་པའི་ཡུལ་དེ་ལ་མང་གཞུང་གཡང་གི་ར་བར་གྲགས་ཤིང་། མང་ར་བ་སེང་གེ་རྒྱལ་མཚན་སྒོམ་དུ་བཞུགས་སའི་གནས་ཡིན་པས་ན་དེ་སྐད་ཐོགས་པར་ཡང་བཤད།གང་ལྟར་སྟོད་ཀྱི་བྱ་འདར་དགོ་རྩེ་ལ་རྒྱུན་མཐུད་ཅིང་། སྨད་ཀྱི་རྨ་ལུང་རིང་མོ་ཡིས་འདབས་སྐྱོར་བའི་ཡུལ་གྲུ་འདི་ལ། ད་རེའི་འབྲུ་རིགས་གང་རུང་ཞིག་ལས་མཆེད་པར་གྲག་པའི་ནད་ངན་འདིས་ནི། འབྲོག་གི་ཨ་ཕོར་གཡང་གི་རྟེན་མ་ལྷོད་ཀྱིས་འཚོ་རུ་མ་བཅུག་ལ།རོང་གི་ཨ་ཅེར་ནས་འབྲུ་སྔོན་མོའི་གསེར་སྐྱེམས་བསྙལ་ཏུ་མ་བཅུག ད་དུང་ཁ་ཆེ་ལོ་མར་གཡང་གི་ཆར་ཆེན་འབབ་དུ་མ་བཅུག་པས། གོང་རིམ་འབྲེལ་ཡོད་མི་སྣ་རྣམ་པའང་ཅི་བྱ་གཏོལ་མེད་དུ་བཏང་ལ། དམངས་ཀྱི་སེམས་ཁམས་ཀྱང་འཇིགས་དངངས་དྲག་པོས་གཟེར། སྐབས་འདིར་གོང་གི་མི་སྣས་ཚོགས་གྲོས་ཡང་ཡང་གནང་ལ།དམངས་ཀྱི་བརྩེ་བས་དྲོད་ཁོལ་ལམ་མེར་བསྩལ་པས། ཕ་ཡུལ་མང་ར་ལ་འདི་ཉིད་རྒྱང་དུ་སྤྲོད་པའི་དཔའ་སེམས་སྐྱེས། ཐོས་ཚོད་ལ་ལས་བྱེད་སུམ་བརྒྱ་ལྷག་གི་དང་བླངས་པ་འཛོམས་ཤིང་། ཡུལ་སྡེ་བདུན་ཅུ་ལྷག་གིས་མཛའ་མཐུན་གྱི་ཕྱག་རྡང་སྦྲེལ་པས། དགུན་ཁ་བ་དཀར་པོས་གོས་དཀར་ལྷ་མོའི་མདངས་འཕྲོག་མ་ཐུབ་ལ།དགུན་རྒྱ་སྟག་ངར་མས་ཀྱང་དང་བླངས་དཔའ་བོའི་སྤོབས་པ་དམན་མ་ནུས་པས། ཕ་ཡུལ་མང་རའི་ཕྱོགས་ཀྱི་བྱ་ཁོག་རུ་སྡེ་དེ་དག་གཙོ་བྱས་ནས་རྟ་ས་འཇག་རི་སུམ་མདོའི་རིམས་འགོག་ལ་ངར་སྟོབས་སྔར་ལས་རྒྱས་ཤིང་། བྲོ་གར་སྒྱུ་རྩལ་གྱི་གནས་མཆོག་བྱ་མདོ་ཨ་རྩེད་ཀྱི་ཕ་སའི་གོ་རེ་ཞིམ་པོའི་བརྩེ་སེམས་དང་འགྲོགས་ནས་མ་རུང་བདུད་ནད་འགོག་པའི་དཔའ་གདེངས་དེ་ཆེ་རུ་བསྐྱེད། འབྲོག་པའི་ཕྱུགས་ཀྱི་རུ་མས་རྫ་ལུང་ཁེབས་ཤིང་།རོང་པའི་འབྲུ་ཡི་སྙེ་མ་ཐང་མར་བརྡལ་པའི་གཡང་ས་ཞལ་དཀར་འདི། མ་རུང་པྲོག་ནད་ངན་པའི་འཇབ་རྒོལ་གྱི་གཡོ་འོག་ཏུ་ཚུད་མོད། མཐོ་བ་དཔོན་པོས་ཡང་ཡང་ཐབས་འཐེན། མཉམ་པ་འབངས་ཀྱིས་གཅིག་གཅིག་གྲོགས་མཛད། སྟག་ཤར་ཚོས་སྣང་བའི་མགོ་འཕང་མ་སྨད། སྨན་བུ་མོས་སྙིང་རྗེའི་རང་གཟུགས་མ་ཡལ། དུས་དང་དུས་སུ་གོས་དཀར་ལྷ་མོའི་བརྩེ་སེམས་བསྣམས་ནས་ཕེབས་འོང་། དང་བླངས་པ་ཡིས་ཐུགས་ཁུར་བཞེས་ནས་ཕེབས་འོངས། དུས་ཐོག་ཆར་པ་འདི་ལྟར་ཤགས་སེར་བབས་ན། རེ་བའི་མྱུ་གུ་མི་འགྱངས་དུས་སུ་སྨིན་ངེས།རྒྱུ་བཟང་པོ་ལ་འབྲས་བུ་བཟང་པོ་སྨིན་པ་ནི་ལས་འབྲས་བསླུ་བ་མེད་པའི་ཆོས་ཉིད་ལགས་ན། སྤྱིར་མ་རིག་པ་འདིས་སྣེ་དྲངས་པའི་རྟེན་འབྲེལ་བཅུ་གཉིས་ཀྱི་ལུགས་འདི་འཁོར་བའི་འཁོར་ལུགས་ལོས་ཡིན་མོད། དུག་གསུམ་ཉོན་མོངས་འཕེལ་པའི་ལས་འདི་ལ། འཕེལ་པའི་དུས་ཡོད་ན་རྒུད་པའི་དུས་ཡོད་པའང་ཆོས་ཉིད་ཡིན་པས།ངའི་ཡུལ་མི་སྤུན་ཟླ། མང་གཞུང་གཡང་གི་ར་བའི་མང་ར་བ། སྐབས་འདིར་ཀུན་ལ་ཕན་པའི་སྨན་མཆོག་དཀར་པོ་ཆིག་ཐུབ་ཅིག་ཡོད་པ་ནི།སྤོབས་པའི་གདེངས་མ་ཉམས། དཔའ་བོའི་ངར་མ་ཡལ། འགྲིག་རང་འཁུར་གྱིས། ནང་དུ་འཛུལ་ལ་ཕྱི་རུ་མ་ཕེབས། སྐབས་སུ་མཉམ་འཛོམས་སྤོངས་ལ་དབེན་པར་སྡོད། ཅིས་ཀྱང་ཕྱི་རུ་ཕེབས་དགོས་བྱུང་ན་ཞལ་ཐུམ་ལེགས་པར་མནབས་རོགས། ཕྱི་ནས་ནང་དུ་ཕེབས་དུས་ཞལ་ལག་གཙང་མར་བཀྲུ་རོགས། དགོས་པ་མེད་པའི་སྨྲ་བའི་ངག་སྒོ་སྡོམས། འབྲེལ་པ་མེད་པའི་དོན་དག་ཙ་ཙིག་བསྐྱུར། དོན་མེད་གསང་པའི་ལས་སྤོངས། རྒྱུས་མངའ་མེད་པའི་ཆ་འཕྲིན་སྤེལ་པའི་ལས་ལ་འཛེམ། ཕན་ཚུན་ནང་ཉུལ་བྱེད་པའི་གོམས་གཤིས་བསྒྱུར། སྨན་མཆོག་དཀར་པོ་ཆིག་ཐུབ་འདི་ཉིད་དུས་སུ་བསྟེན་དང་ཕ་ཡུལ་ལགས། མང་གཞུང་གཡང་གི་ར་བ། ཡུལ་མི་ལགས། མང་ར་གོང་འོག་བར་གསུམ།ཏག་ཏག་སྡུག་གི་མུན་པ་མྱུར་ཏུ་སངས་ནས་སྐྱིད་ཀྱི་ཉི་མ་མཁའ་ནས་འཆར་པར་འགོར་ལེ་མིན། འགོར་ལེ་མིན།ཕ་ཡུལ་ལགས་མང་གཞུང་གཡང་གི་ར་བ། ཡུལ་མི་ལགས།མང་ར་གོང་འོག་བར་གསུམ་གྱི་ཕུ་ནུ་མིང་སྲིང་རྣམ་པ། སྤོབས་པའི་གདེངས་ལྡན་དགོས། རྒྱལ་ཁའི་ལས་ལ་བྲེལ་དགོས། རྒྱལ་ཁའི་ལས་ནི་མྱུར་དགོས།། https://t.cn/R2WxD5r

ཕུའུ་ཅིན་ཧུན་ཉིའི་ནང་དུ་འཚོག་གྲབས་ཡོད་པའི་རྒྱལ་ཁབ་ཉི་ཤུའིG20་ཚོགས་འདུར་མི་ཞུགས་པར་བསྟན། ཡང་ཕུའུ་རྒད་པོའི་ཀླད་པ་རུ་འབོད་པའི་ཇུས་འདོན་པ་དང་རྒྱལ་ཞེན་རྩོམ་པོ་ཏུའུ་ཅིན་གྱིས་ཨུ་རུ་སུའི་དམག་དཔུང་ཧེར་སུང་གྲོང་ཁྱེར་ནས་ཕྱིར་འཐེན་པའི་ཐད་སྐྱོན་བརྗོད་བྱས་པ་མ་ཟད། ཕུའུ་ཅིན་སྲིད་གཞུང་གི་སྲིད་དབང་མགོ་རྟིང་བསློག་དགོས་པའི་ལྟ་ཚུལ་བཏོན་ཡོད་ལ་ཏུའུ་ཅིན་གྱིས་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱས་པ་དེ་ནི་ཨུ་རུ་སུའི་མི་རིགས་ཀྱི་ལ་རྒྱ་ལ་རྡུང་རྡེག་ཆེན་པོ་བཏང་བ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།


发布     👍 0 举报 写留言 🖊   
✋热门推荐
  • 看了一条18年找手机的微博想起18年的事情了,都说18年有故事的一年 我也有一个人的故事,谢谢有你陪着我 ,每当我听到 起风了,病态。我都会第一时间想起你 想起
  •   2010年,苹果FaceTime视频通话功能随着iPhone4的发布一起亮相,推动了前置摄像头的发展和成像质量的大幅提升,人们的拍照和分享欲望被激发,影像功
  • 织梦月球投影故事机又来啦视频指路 ⌛:10.15号~ 10.19号,你们懂得[偷乐] 一直没有让小葡萄看过任何电子设备,想要好好保护他的眼睛,所以看到这个可爱
  • 另一种就是真正的跳出小我的意识,而升级到与高我合一的状态,这样就具备了一种整体的视角,看任何的事物就有了更多的角度或者说能感应到这个维度所连接的分体数据库,就像
  • 后来因为疫情我们要在家上网课,在情人节那天我做好了准备鼓起勇气去跟他表白,然后他同意了,他说现在不是挺好的嘛,已经在一起了呀,于是我俩就在一起了,QQ也换了情头
  • 既当过爱豆出过道,又当过和尚出过家,人生经历丰富异常[doge][doge]上到画画下到开拖拉机,技能全面,只有你想不到没有他没试过的[doge][doge]泰
  • ——@TFBOYS-王源有想要翻译的情话或有想要看的台词,狗子帮你翻译~关注狗子,戳这里来投稿吧 #狗子彩虹屁##搜狗翻译##王源[超话]##王源新专辑夏野了#
  • 有人说圣诞节像是国外的春节,其实万圣节才是国外最受欢迎的节日,这一天,人们会打扮成“鬼”的样子,发出古怪的声音,使死亡之神认不出自己,避过灾难。它就像款待那邀约
  • 小苏告诉记者,这七名施暴者最大的16岁,最小的14岁,其中还有她的好朋友,他们经常以殴打他人为乐,还把殴打过程拍摄成视频,甚至还会在微信群聊中炫耀。小苏告诉记者
  • 从一个没有任何经验的主播,因为喜欢唱歌而辞去自己的工作,坚定走进直播间,到不满足于直播的小空间,带着想面对观众,走向舞台的梦想奋力拼搏,没有什么是很容易的,但是
  • !就好像我收代‮ 理‬我已经不屑‮那做‬些“低质量门槛”几‮块百‬钱做个代理的‮门入‬ 我觉得那‮就种‬是收一个死‮个一‬ 累死‮大老‬饿死代理‮路的‬线✋发展
  • 希望只是他年龄还小,不是真正的熊孩子[笑cry][摊手]所以真相已经很明显了,人是弟弟错手杀的,女主是受害者,爸爸隐瞒真相,后面爸爸去世了,弟弟本来就经常失忆,
  • 但就像我今天早上所说的,我们很难一直持有这样的智慧,因为我们会忘记。因为你要和成千上百万的广告公司对抗,而他们的唯一目的就是要令你相信,你会活上一千年。
  • 小朋友终于学会嘬奶了,不容易啊不容易,还是母乳让我放心,毕竟是自己的东西...[允悲][允悲][允悲]妈妈说我为了给崽吃奶每天能吃那么多真是不容易,人果然往下亲
  • 一个杂食党干的是拆逆抹布的活,冰妹这种冰秋洁癖根本不会买~最多天琅君会喜闻乐见,漠北君看完了会自动尚清华写的东西理解成尚清华渴望的欲望,和恋人之间“示爱”的途径
  • 有伴的你今年会有感情危机吗?有伴的你今年会有感情危机吗?
  • 四个女儿个个学业有成,生活幸福。杨步伟生在南京望族,祖父是鼎鼎大名的中国佛教协会创始人杨仁山。
  • 又是一年国庆假期,算上两个宝贝请假两天,今天是假期最后一天了。一年了,自从医生的点醒一年了,真不知道自己怎么扛过了的,却又清楚记得每个阶段乐乐的成长。学会了带着
  • 【天气播报】#天津地铁3号线#提示您今日天气:今天白天晴间多云,西北风2-3级转西南风2-3级,降水概率10%;夜间晴间多云,西风2-3级转东南风2-3级,降水
  • #王源[超话]##王源[超话]##王源[超话]#[求关注] #王源明日创作计划召集人##024罐子面包品牌代言人王源# [求关注]#王源新专辑夏野了# 所以呢,