<<རྣམ་རྟོག་ཕྲ་མོ།>>
                                             གཎྜིས། 
ཟག་མེད་ཐར་བའི་སྐམ་སར་འདྲེན་བྱེད་ཀྱི་གྲོགས་པོ། །
མི་འདོད་དམྱར་བའི་རྫོང་དུ་འཇུག་བྱེད་ཀྱི་གཤེད་མ། །
ཡ་ཀིའི་ཞིང་དང་མ་ཀིའི་རིགས་དྲུག་གི་སྲབ་མདའ། །
རྣམ་རྟོག་ཤུགས་དྲག་འདི་ལས་སྟོབས་ལྡན་ཞིག་སུ་ཡོད། །

ལྟོ་འགྲངས་ལུས་བདེར་འཁོད་དུས་དམ་ཆོས་ལ་བསམས་ཀྱང་། །
འགལ་རྐྱེན་ཨེན་ཙམ་འཕྲད་དུས་སྐྱོ་ཆད་དུ་གྱུར་བའི། །
འགྱུར་ལྡོག་གློག་ལས་མྱུར་བའི་གཉུག་གཤིས་ཀྱི་སེམས་འདི། །
ཕུགས་ཀྱི་གཏད་སོ་དབེན་པ་དཔྱིད་གནམ་ལ་ལྟོས་དང་། །

སྐབས་རེར་ངེས་འབྱུང་དབྱར་གྱི་མཚོ་མོ་རུ་འཁྲུངས་ཤིང་། །
ཐེངས་རེར་འདོད་གདུང་མེ་ལྕེ་སྤྲིན་ཕུང་དུ་འཁྲིགས་པ། །
མཚམས་རེར་ལྷག་བསམ་མཇའ་ཡི་གཟུགས་རིས་སུ་འཆར་བའི། །
སེམས་ཁྱོད་འགྱུར་བ་མང་བའི་ཁྲེལ་མེད་ཀྱི་གྲོགས་བཞིན། །

སྐྱིད་ཉིན་རང་ཚུགས་འཆོར་ཏེ་རྗེས་བརྗོད་ལ་མོས་ཤིང་། །
སྡུག་དུས་རང་ངོ་མི་ཟིན་ས་འཛུལ་རང་བྱེད་པ། །
སྐྱིད་སྡུག་མི་ཐེག་རྩྭ་ལྗང་ཟིལ་བ་ལ་འགྲན་པའི། །
རྣམ་རྟོག་ཁྱོད་ནི་དར་ལྕེ་ཟད་པོ་ཞིག་རེད་དོ། །

གཞན་གྱི་འབྱོར་ཕྱུག་མཐོང་ཚེ་ཟུག་རྔུ་ཞིག་ལྡང་ལ་། །
རང་མཉམ་རྒྱལ་ཁ་ཐོས་ཚེ་མི་བཟོད་པར་ཁོང་ཁྲོས། །
རང་བདེ་རང་སྐྱིད་ཁོ་ནར་དུས་ཀུན་ཏུ་འབད་པའི། །
འདོད་ཧམ་ཞི་མེད་ཁྱོད་ནི་མེ་ལས་ཀྱང་ཚ་ཨང་། །

གཤས་རར་ཐོན་ཚེ་སྙིང་རྗེས་མིག་ཆུ་ཞིག་བཞུར་ཡང་། །
ཁྱིམ་དུ་ལོག་ཚེ་ཤ་ཁྲག་མངོན་མེད་དུ་རོལ་བའི། ། 
བཟང་ངན་འཁྱེར་སོ་མ་ངེས་གྱ་གྱུ་ཡི་སེམས་ཁྱོད། །
རང་གཤིས་འདི་ཞེས་ངོས་འཛིན་བྱ་ས་རང་མེད་དོ། །

མཐོན་པོའི་ཐོབ་དང་སྒོར་མོའི་བམ་ཁ་ལ་དུང་ཤིང་། །
མཛེས་མའི་ལུས་དང་འཇིག་རྟེན་ཆོས་བརྒྱད་དག་འདོད་ཅིང་། །
སྲིད་གསུམ་བདག་པོར་གྱུར་ཡང་ཚིམས་དུས་རང་མེད་པའི། །
ལན་ཆགས་ལྕི་བའི་སེམས་ཁྱོད་བར་དོ་ཡི་རྣམ་ཤེས། །

ཁྱོད་ནི་སྲིད་དབང་འབྱོར་བའི་རྒྱལ་པོ་བཞིན་འགྱིངས་ཏེ། །
ང་རང་འཁོར་བའི་ཚང་དུ་བྲན་བཞིན་དུ་བཀོལ་ནས། །
ཉམ་ཆུང་ལུས་ཀྱང་རྗེས་སུ་ཁྱི་བཞིན་དུ་འབྲངས་ཀྱང་། །
ཅི་ཡང་མ་ཟིན་གང་ཡང་མ་ཐོབ་པར་བྱས་སོ། །

བདག་གི་མགོན་ནི་བདག་ཉིད་གཅིག་པུ་རུ་གསུངས་ཤིང་། །
བདག་གི་དགྲ་ཡང་བདག་ཉིད་ཁོ་ན་རུ་གསུངས་པས། །
འཆིང་གྲོལ་འབྱེད་པའི་ཡིད་ཆེས་ཆ་འཇོག་རང་མེད་པའི། །
ཐར་བའི་ལམ་སྣེ་འཇའ་ཡི་འཆར་གཟུགས་ཤིག་རེད་དམ། །

གཟུང་འཛིན་འཁོར་བ་ཐང་ཆེན་ཐོད་བརྒལ་གྱིས་བགྲོད་དེ། །
མྱང་འདས་ཐར་བའི་གྲོང་ཁྱེར་དཔལ་ལྡན་གྱི་གླིང་དུ། །
རང་སེམས་རང་ངོ་ཤེས་པའི་གསང་ལམ་དེ་བརྙེད་ནས། །
མཐའ་བྲལ་ཟག་མེད་དགའ་བདེར་ལོངས་སྤྱོད་དེ་ནམ་ཞིག །

ཅེས་གྱི་ན་བ་གཎྜི་རིགས་པའི་རྣོ་མཐོང་ངམ་བན་དེ་ཆོས་འགྲུབ་ཀྱིས། https://t.cn/R2Wx1Aq

གྲོགས་པོ་བཟང་ངན་གྱི་ཁྱད་པར།

ཁྱོད་ལ་གྲོགས་པོ་ཞིག་ཡོད་པའི་དབང་དུ་བཏང་ན། ཁྱོད་ཀྱི་གྲོགས་པོ་དེས་ཁྱོད་དང་དངོས་སུ་འཕྲད་པའི་གནས་སྐབས་ན། ཁྱོད་ལ་དགའ་བ། སྤྲོ་བ། བཀུར་བསྟི་བྱེད་པ་དང་། ལྐོག་ནས་ཡང་ཁྱོད་ལ་བསྟོད་པ་དང་། ཕན་ཅི་ཐོགས་བྱེད། དེའི་ཕྱིར་ན། རང་ལ་བྱ་བ་གང་ཅིའི་འཐད་ནས་ཕན་པར་སྒྲུབ་པའི་གྲོགས་པོ་དེ་ལ་ཁྱོད་ཡིད་ཆེས་ཡོད་རྒྱུ་རེད། གྲོགས་པོ་འགའ་ཞིག་གིས་ཁྱོད་ཀྱི་ངོ་ལ་བལྟས་ནས་བསྟོད་པ་དང་། ལྐོག་ནས་སྨད། དེ་ནས་བཟུང་ཁྱོད་ལ་གནོད་པ་སྣ་ཚོགས་ཀྱི་ལས་བརྩམ་རྒྱུ་རེད།

ཆོས་རྗེ་ཡིད་བཞིན་ནོར་བུས་གསུངས།
ཧོར་པོ་ཤཱཀྱ་ནོར་བུས་ཡི་གེར་ཕབ།

གཏམ་རྒྱུད་གསེར་ཐང་ལས།
ཀླ་ཀློའི་ཆོས་ལུགས་ནི་མཚོན་ཆ་ཐོགས་པའི་དམག་དཔུང་དག་གིས་ཁྱེར་ཏེ་ཁྲག་གི་རྫིང་བུ་བསྐྱིལ་ནས་འཇིག་རྟེན་དུ་དར་བར་བྱས་ཤིང་། དེ་བཞིན་ཡེ་ཤུ་པའི་ཆོས་ལུགས་ཀྱང་ཡང་དག་པའི་དམག་ཅེས་བྱ་བའི་དཔུང་ཆེན་པོ་བཤམས་ཏེ་སྔར་བཞིན་སྤེལ་བ་སྔོན་གྱི་ཚེ་བྱུང་ལ། རང་རེའི་གནས་བརྟན་སྙིང་རྗེ་ཅན་དེའི་བསྟན་པ་ནི་དགེ་སློང་སྲིན་བུ་མི་གསོད་པ་དག་གིས་ཁྱེར་ཏེ་ཤར་ནུབ་ཀྱི་རྒྱ་མཚོ་ཆེན་པོ་ཡང་བརྒལ་ནས་དར་བ་ཡིན་ནོ་ཞེས་མི་འདྲ་བའི་ཆོས་འབྱུང་རྣམས་ཤེས་པར་བྱའོ།། ཞེས་གསུངས།


发布     👍 0 举报 写留言 🖊   
✋热门推荐
  • 希望你:热爱烹饪,阳光温暖,专一善良,懂得疼爱自己的女人,在京已购独立住房的男士还等什么?下班回宿舍躺床上不想动,似乎离当初想要的生活越走越远,从一个爱笑爱玩的
  • 患难见真情哇[悲伤][悲伤][悲伤]#河南暴雨#说一下设计的想法:正面的图案是一个被耳机线缝合的爱心,连接着背面的小鬼,取的是应援词里“心系小鬼”的意思,同时也
  • #文学[超话]#《仿周作人先生﹤五秩自寿诗﹥》 也说出家与在家,咫尺红尘即天涯。 三千世界一梦中,万事幻灭类走马。 缘起缘灭都是客,潮涨潮落洗铅华。 了却诸缘窥
  • #曾舜晞[超话]#(第一次发超话 如果格式不对的话....请删掉)关于小晞的纹身今天翻了好多图发现皇后们说的歌词只对了一半还有一半没有写全整个纹的应该是“tak
  • 世间有所谓“开门七件事,柴米油盐酱醋茶”意思是日常生活要有起码的条件。一、忙是人生的滋养剂一个人如果怕做事,偷懒,如何会有成就?
  • 【功效】:佩兰的药力平和,常用于治疗暑湿证,有利湿、健胃、清暑热的功效;红茶是全发酵茶,茶性也比较温和,对脾胃刺激小,有生热暖腹的功效,很适合脾胃虚弱的人饮用。
  • 秋天真是让人容易感到悲伤的季节呀,昨天傍晚等餐时在树下抬头看到一片摇摇欲坠的,真是希望它能慢点再慢点落下啊,又或是能飘到可以倚靠和歇息的绵绵里该多好啊总觉得9月
  • 谭松韵的在最近几年的热播剧中,经常以高中生的形象出现在我们的视线中,在热播剧《以家人之名》中,谭松韵饰演的是三兄妹中年纪最小的妹妹李尖尖,如果不关注娱乐圈的观众
  • Here, we used isothermal titration calorimetry (ITC) combined with mutagenesis a
  • #百诺恩[超话]# –现在不是钱难赚了而是赚钱的方式变了别人在手机上就转账了 有人还跑去银行排队别人在微信聊天中就把生意做到了大江南北而有人连微信绑定银行卡都怕
  • 朋友圈一个学长,不对好像是学弟哈我真的,我特别喜欢看他的volg那种对生活的绝对热爱,就那种生命的活力那种对自我的完全接纳,真的太迷人了!就会让你很代入,就是
  • 原创2019己亥年,地支亥水食伤出现,食伤是生财的又代表思想,且与婚宫暗示,而且去年也是红鸾星动的年份,所以去年你的姻缘是很强。原创【事业财运方面】天干甲木为财
  • 爱其实就是需求的相互满足,我们不仅要会表达自己的需求,也要学会满足对方的需求。因为这意味着她还要再一-次承担对方的情绪化, 放弃自己的话语权,她感到自己不被理解
  • 当然对于陈平这个人的人品现在很多学者持保留态度,按照现在的说法就是凤凰男类型,我们也不做评价,主要还是说说这个克夫,按照我们的看法,这个张负的孙女就是典型的克夫
  • ——余秀华《人间》20. 一个人最好的生活状态,是该看书时看书,该玩时尽情玩,看见优秀的人欣赏,看到落魄的人也不轻视,有自己的小生活和小情趣,不用去想改变世界,
  • 一个干支结合、四通八达、内联外通的农村公路网,为寻乌百姓铺就了一条条致富的康庄大道,也为推动实现乡村振兴铺就了“修好路,能致富”的高速轨道。“通勤回家的路”更方
  • 贵金属一直都是人们收藏、投资的第一选择,但是为了达到投资赚取收益的目的,希望在了解相关投资常识的前提下,广大投资者一定要重视贵金属市场行情受什么因素影响这方面的
  • 8月24日,由BTS担任global model而活跃中的FILA KOREA,在官方Instagram上公开了穿着品牌团最新服装的j-hope的特别cut 。
  • 人脉圈是九月的关键,你赢在人合上,赢在人脉上,目前到了最后验收的阶段,此时只要接受严格的审查,过五关斩六将,大家齐心合力通关成功。白羊ab得明白在九月爱是最大的
  • 细细粒外表清纯可人,又活泼开朗,当时重心也在歌坛,但Gigi想打破大家对她的刻板印象,觉得演戏唱歌自己可以分庭抗礼,而且很愿意尝试周芷若这种复杂的角色,她说都有