རྗེ་བཙུན་མི་ལའི་གསུང་མགུར།


རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །
སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །

ང་སྐྱིད་པ་གཉེན་གྱིས་མ་ཚོར་ཞིང་། །
སྡུག་པ་དགྲ་ཡིས་མ་ཚོར་བར། །
རི་ཁྲོད་འདི་རུ་འཆི་ནུས་ན། །
རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །

རྒས་པ་གྲོགས་ཀྱིས་མ་ཚོར་ཞིང་། །
ན་བ་སྲིང་མོས་མ་ཚོར་བར། །
རི་ཁྲོད་འདི་རུ་འཆི་ནུས་ན། །
རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །

ཤི་བ་མི་ཡིས་མ་ཚོར་ཞིང་། །
རོ་རུལ་བྱ་ཡིས་མ་མཐོང་བར། །
རི་ཁྲོད་འདི་རུ་འཆི་ནུས་ན། །
རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །

ཤ་རུལ་སྦྲང་མས་འཇིབ་པ་དང་། །
རྩ་རྒྱུས་འབུ་ཡིས་ཟ་བ་རུ། །
རི་ཁྲོད་འདི་རུ་འཆི་ནུས་ན། །
རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །

ང་སྒོ་ན་མི་རྗེས་མེད་པ་དང་། །
ནང་ན་ཁྲག་རྗེས་མེད་པ་རུ། །
རི་ཁྲོད་འདི་རུ་འཆི་ནུས་ན། །
རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །

རོ་ལ་འཁོར་མི་མེད་པ་དང་། །
ཤི་ན་ངུ་མི་མེད་པ་རུ། །
རི་ཁྲོད་འདི་རུ་འཆི་ནུས་ན། །
རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །

ང་གར་སོང་འདྲི་མི་མེད་པ་དང་། །
འདིར་སོང་གཏད་ས་མེད་པ་རུ། །
རི་ཁྲོད་འདི་རུ་འཆི་ནུས་ན། །
རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །

མི་མེད་ལུང་པའི་བྲག་ཕུག་ཏུ། །
སྤྲང་པོ་འཆི་བའི་སྨོན་ལམ་འདི། །
འགྲོ་བའི་དོན་དུ་ཐེབས་པར་ཤོག །
ཐེབས་ན་བསམ་པ་རྫོགས་པ་ཡིན

ཆོས་ཟད་ཆོས་སྐུའི་ཀློང་དུ་ཐིམ་ན་ཡང་།།
​དེ་རུ་དེ་ཉིད་མི་ཤེས་ལྟོས་བཅས་ངོར།།
​སྣ་ཚོགས་གདུང་བས་གཟིར་བའི་མཆི་མ་དཀུ།།
​སྒྱུ་མའི་སྐྱོ་གར་གཟིགས་སམ་སྤྱན་ལྡན་ཀྱེ།།

སྨིན་བྱེད་དབང་བཞི་བསྐུར་བའི་བླ་མ་མཁྱེན། །
成熟四灌传承上师知!
གྲོལ་བྱེད་གདམས་པ་སྦྱིན་པའི་བླ་མ་མཁྱེན། ། 
解脱窍诀传承上师知!
རྒྱབ་བརྟེན་བཤད་ལུང་འབོག་པའི་བླ་མ་མཁྱེན། ། 
依据讲解经续上师知!
བཀའ་དྲིན་མཚུངས་པ་མེད་པའི་བླ་མ་མཁྱེན།  
大恩厚德无比上师知!

[合十][合十][合十][玫瑰][玫瑰][玫瑰]


发布     👍 0 举报 写留言 🖊   
✋热门推荐
  • 鼓手金宰铉1994.7.15,本人给自己起的外号是褶子(原因你们会懂的)日系金毛大狗狗,人间可可人沙雕还有张好脸!队长李承协1992.10.31主唱之一啥都会巨
  • 聊城高考复读学校作为山东省排名靠前的复读学校,有着独家的教学方法,可以通过专业的教育体系来帮助复读生们有效解决难题。当然,聊城高考复读学校不光有专业体系的支撑,
  • 那是她第一次冲我哈气,我不知道她发情了,也是第一次被她吓哭,真的恐怖程度会记一辈子。 周可乐是我去年高三毕业后抱回来的猫,当时为了留下她做了很多事情,甚至我爸爸
  • #TREASURE[超话]##和TREASURE的夏日派对# TO 재혁 재혁 안녕난 너의 팬이야. 재혁이가 웨이보에 올 수 있어서 기뻐요. 재혁 씨
  • #任嘉伦[超话]# rjl#嘉伦如故,大生有约# rjl#任嘉伦陆炎# 没有太多华丽的语言,只有一颗比珍珠还真的真心,我在远方真心的为我的爱超任嘉伦祈
  • 以“柚香谷”企业为例,县财政局通过参与工作专班,出台土地流转、资金扶持、土地指标等系列政策,精准“滴灌”帮扶,累计整合各类扶持资金2700余万元,成功打造爆款“
  • Taekwondo instructor and students from Induk Dohang, Singapore visited Namchang
  • #任嘉伦[超话]#[心][羞嗒嗒] ➷⁀♥来日方长,终将相遇☁️✨“山衔一轮明月,少年热血难凉;无忧境中万红落,不畏不怖亦无惧”听说剧里宣夜豹豹历经坎坷,曾
  • 刚开始不知道它的好,试了几款橙花后不得不说杰尼亚典藏品质真的牛,正装在路上了等待:第一次尝试鸢尾花,以后不尝试了[跪了]粉粉的,真的不适合男用,还有油脂感迷夜橙
  • 惨淡❓没生意❓发愁❓急…… 我们都忙疯了‼️一双手不够用‼️想赚钱一定要选对项目跟对人[悠闲]欢迎咨询微悦传媒官方创始人V:klui88888888#蜜思可
  • #墨家零售商[超话]##墨家零售商[超话]# 大家避雷吧 虽然这件事我有做的不对的地方 但是它不仅跑单还理直气壮的找我说我的问题 我默认是他跑单找的原因 私信是
  • 还得是我宝治愈[抱一抱]其实之前还会发现宝宝会看到的一些梗,游戏还有综艺我也很喜欢!有时候觉得缘分是很奇妙的东西,因为一开始不会有期待以后就会异常惊喜#妍植1+
  • p1.이것은 무슨 맛의 아이스크림일까? 답은 미국 포도 럼주~~ 솔직히..이게 바닐라 아이스크림 다음으로 좋아하는 맛이다~~ 그런데 주위 친구들
  • 今天上师❤️噶玛巴尊夏季课程的最后一天❤️释迦牟尼佛法会[喜][坏笑]我们能听闻殊胜之佛法❤️善缘起因是释迦牟尼佛❤️饮水是源兮[good][喜][doge]❤
  • #海太欧林商用空间赏析## @海太欧林×香港科技大学(广州)香港科技大学(广州)位于粤港澳大湾区几何中心广州南沙,由广州大学与香港科技大学联合设立的办学机构,致
  • 曾经的拥有,要记得感恩;错过的美丽,要懂得放手;精神的高压,要学会承受;直白的生活,要倾心去聆听,当你领略了失去之善,避开了钟情之苦,快乐方至。#张仲语[超话]
  • 包含了时隔很久的 我幼时故事中的小小一个 和爸爸坐在街头时 曾暂住在爸爸朋友家几个月那是放鹤站的半地下室 有着和一切渐行渐远的记忆呢而现在对所有的回忆 都可以一
  • 这个世界也不完美,而我们也都只来一次,无需与世界对抗,只是珍爱自己,与时光温柔以待,让生活有点诗意,生命更自由,去做自己喜欢的事,去自己想去的地方,看自己喜欢的
  • 年轻潇洒翻领大衣,改写传统大衣的廓形,是新一代消费者专柜票选出的新经典版型,大项目最能体现实力,越是昂贵面料越考验店铺的投入度。 复古金棕,深邃有质感,专柜从
  • 恕我无知 原来高情商就是面对粉丝不远万里花高价钱买票跑去看她结果却被各种冷眼对待、瞧不起 粉丝自称蜜蜂宝宝却被她严肃怼“谁允许你们叫自己蜜蜂宝宝的”粉丝为她提前