༄༅།།རྗེ་ཙོང་ཁ་པའི་རྣམ་ཐར་མདོར་བསྡུས་ཚིགས་བཅད་བཅུ་བདུན་པ་བཞུགས་སོ།།

རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་མཛད།

འཇམ་དབྱངས་ངུར་སྨྲིག་ཟློས་གར་ཙོང་ཁ་པའི། །
ཕྲ་ཞིབ་རིགས་ལམ་རྡོ་རྗེ་ཟེགས་མའི་མཚོན། །
གངས་ཅན་ལོག་སྨྲའི་གཤེད་དུ་གདེངས་པའི་གཏམ། །
འཛམ་གླིང་བློ་ལྡན་སྐྱེ་བོའི་ངག་ན་མཛེས། །

རབ་བྱུང་དྲུག་པའི་མེ་མོ་བྱ་ཡི་ལོར། །
སངས་རྒྱས་བྱང་སེམས་མང་བོའི་ལུང་བསྟན་བཞིན། །
དཔལ་ཆེན་ཀླུ་འབུམ་དགེ་དང་སྲས་སུ་འབྲེལ། །
ཙོང་ཁའི་ཡུལ་དུ་བལྟམས་པའི་རྣམ་ཐར་ཡིན། །

ལྟེ་བའི་མཚལ་ཐིགས་ས་ལ་འཕོས་པ་ནས། །
ཙནྡན་ལྗོན་པ་ལོ་འདབ་འབུམ་ཕྲག་ཅན། །
སེངྒེ་ང་རོའི་སྐུ་ཡིས་བརྒྱན་པ་འཁྲུངས། །
སྔ་རབས་གཞན་ལ་མེད་པའི་རྣམ་ཐར་ཡིན། །

དགུང་ལོ་གསུམ་པར་གྲུབ་དབང་ཀརྨ་བས། །
དགེ་བསྙེན་བསྒྲུབས་ཤིང་བདུན་པར་ཆོས་ཀྱི་རྗེ། །
དོན་གྲུབ་རིན་ཆེན་དྲུང་ནས་རབ་ཏུ་བྱུང་། །
རྒྱལ་བའི་བསྟན་ལ་ཞུགས་པའི་རྣམ་ཐར་ཡིན། །

བཅུ་བདུན་པ་ལ་དུས་གསུམ་གཟིགས་པ་ཡི། །
བླ་མའི་བཀའ་དང་རང་གི་དད་སྟོབས་ཀྱིས། །
དབུས་གཙང་ཆོས་ཀྱི་ལྗོངས་སུ་གོམ་ཁ་བསྒྱུར། །
ཉི་ཟླ་ཤར་ནས་འཆར་བའི་རྣམ་ཐར་ཡིན། །

རྒྱ་གར་པཎ་གྲུབ་ལྟ་བུའི་མཁས་མང་ལས། །
མདོ་སྔགས་ཐ་སྙད་གཙུག་ལག་ཀུན་ལ་སྦྱངས། །
རབ་འབྱམས་ཤེས་བྱ་ནམ་མཁའི་ཕ་མཐར་སོན། །
དང་པོར་ཐོས་པ་བཙལ་བའི་རྣམ་ཐར་ཡིན། །

གདུལ་བྱའི་ཁམས་དང་འཚམ་པར་འཇུག་པ་ཡི། །
རྒྱལ་བའི་བཀའ་ལས་ཡི་གེ་འབྲུ་གཅིག་ཀྱང་། །
ལུས་པ་མེད་པར་ཐར་བའི་ཐབས་སུ་དགོངས། །
བར་དུ་གདམས་པར་ཤར་བའི་རྣམ་ཐར་ཡིན། །

མཁའ་ཁྱབ་སྐྱེ་རྒུ་སྐྱོབ་པའི་བརྩེ་བ་དང་། །
ཟབ་རྒྱས་ལམ་གྱི་རིམ་པའི་དམིགས་རྣམ་ལ། །
མཉམ་རྗེས་ཉིན་མཚན་ཀུན་ཏུ་གཡེལ་བ་མེད། །
ཐ་མར་ཉམས་སུ་བླངས་པའི་རྣམ་ཐར་ཡིན། །

བཀའ་དང་བསྟན་བཅོས་བྱེ་བའི་གནད་ལ་རྣོ།།
སོར་ཐར་བྱང་སེམས་གསང་སྔགས་ཚུལ་ཁྲིམས་གཙང་།།
བྱམས་དང་སྙིང་རྗེ་ཕྱིན་དྲུག་བསྡུ་བཞིའི་གཏེར།།
ཕུལ་བྱུང་མཁས་བཙུན་བཟང་བོའི་རྣམ་ཐར་ཡིན།།

དོན་དམ་དབུ་མ་ཆེན་པོའི་དེ་ཉིད་གཟིགས། །
ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་དང་འགྲོགས། །
འདོད་གདུང་མཐའ་གཉིས་སྐྱོན་བྲལ་པདྨའི་ལྗོན། །
ཟླ་མེད་ལྟ་སྒོམ་སྤྱོད་པའི་རྣམ་ཐར་ཡིན། །

གཞུང་ཆེན་བཅུ་ཕྲག་མང་བོ་བློ་ནས་འགྲེལ། །
ཕས་རྒོལ་གླང་སྨྱོན་ཀླད་པའི་བུམ་པ་འགེམས། །
ཕྲ་ཞིབ་གསུང་ངག་སྲིད་ཞིའི་ཁོངས་ན་བརྗིད། །
ངོ་མཚར་འཆད་རྩོད་རྩོམ་པའི་རྣམ་ཐར་ཡིན། །

རྫིང་ཕྱིའི་མི་ཕམ་རྟེན་དང་བརྟེན་པ་གསོས། །
གཉལ་གྱི་ལུང་རིང་སྔོན་མེད་ཆོས་འཁོར་བསྐོར། །
ཆོ་འཕྲུལ་སྨོན་ལམ་སྟག་རྩེའི་སྒྲུབ་མཆོད་སྤེལ། །
བསྔགས་འོས་མཛད་ཆེན་བཞི་ཡི་རྣམ་ཐར་ཡིན། །

སྣང་ཡང་སྟོང་བའི་རྟེན་འབྱུང་ཟབ་མོ་དང་། །
གཉུག་རླུང་ལྷ་སྐུར་ཤར་བའི་སྒྱུ་ལུས་ལ། །
ལེགས་བཤད་གློག་གི་སྒྲོན་མེ་ཆེར་སྦར་བ། །
གནད་ཀྱི་རྨོངས་མུན་སེལ་བའི་རྣམ་ཐར་ཡིན། །

ང་གསུམ་ས་མོ་གླང་ལ་དགའ་ལྡན་བཏབ། །
རེ་གསུམ་ཕག་ལ་བྱམས་པའི་མདུན་སར་གཤེགས། །
རྗེས་འཇུག་དགོན་དང་སློབ་མས་ས་སྟེང་ཁྱབ།།
སྲིད་ན་འགྲན་ཟླ་བྲལ་བའི་རྣམ་ཐར་ཡིན། །

དེ་ལས་འོང་བའི་བསོད་ནམས་འོ་མའི་ཀླུང་། །
ཟླ་བ་བདུད་རྩིའི་མཛོད་ལ་འཁུ་འདྲ་བས། །
དབྱུག་གི་བློ་གྲོས་མ་འདི་ནད་མཚོན་དང་། །
མུ་གེའི་བསྐལ་པས་ཀུན་ནས་དབེན་གྱུར་ཅིག།།

དེ་ལྟར་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བའི། །
རྣམ་ཐར་མདོར་བསྡུས་ཚིགས་བཅད་བཅུ་བདུན་པ།
ཤིས་ངན་བཀྭང་རིན་ཟི་ཡི་ཏཱ་བླ་མ། །
གོན་ཧྥུ་ཆིན་གྱིས་རིང་ནས་བསྐུལ་བའི་ངོར། །

རྒྱལ་བ་གཉིས་པའི་བྱིན་གྱི་ཆ་ཤས་ཙམ། །
སྙིང་གི་ཟེའུ་འབྲུར་རོལ་པའི་མཐུ་ཉིད་ལས། །
མདོ་རྒྱུད་གཞུང་མང་སྨྲ་བའི་སྤོབས་པ་ཅན། །
ཤེས་རབ་རྒྱ་མཚོས་འཕྲལ་མར་བྲིས་ཏེ་སྤེལ།།

རྟག་པར་འཇའ་ཚོན་འཆར་བའི་ཚེ་ན། ཁ་དོག་མང་བོ་ཞིག་ཏུ་འཕྲུལ་བའི་གྲོགས་པོ་ཚོ་དང་ཁོ་ཚོ་དང་འབྲེལ་བའི་གཏམ་རྒྱུད་མོད་པོ་ཞིག་དྲན་འོང་།མིག་ཆུ་དང་འཛུམ་མདངས་གཉིས་ཀྱིས་སྐྱོར་བའི་འཚོ་བ་དག ལན་རེར་ཕ་མ་དང་སྤུན་མཆེད་གཉིས་དང་ལྷན་དུ་ནང་སེམས་ཞིབ་ཏུ་བྲུད་ཆོག་ལ། ལན་རེར་གནོན་ཤུགས་དང་སེམས་ངལ་ཙག་ཙིག་ཅིག་གིས་མིག་ཆུའི་ཕྲེང་ཐག་ཀྱང་མང་དུ་བཏོན་མྱོང་བས། བཞུད་ལམ་འདིའི་དཀྱོག་མཚམས་ཞིག་ཏུ། ག་ལེར་སེམས་སྐྱ་མོ་ཐང་ལ་བཞག་སྟེ་ལས་བཙན་པོ་རྡོག་ཁྲེས་སུ་ཁུར་ཙ་ན། འཚོ་བ་འཚོ་བའི་དོན་དུ་བསྐྱར་ཟློས་ཞིག་ཏུ་ཆགས་ཤིང་འཇིག་རྟེན་འཇིག་རྟེན་དུ་ངོས་བཟུང་སྟེ་མཐོང་སྣང་དུ་བཀྲམ་ཙ་ན། གསལ་བཤད་དང་ལད་ཟློས་ཤིག་གིས་སེམས་ཁོག་དོག་པར་ཕྱིན་དོན་མེད་ཅིང་། རྣམ་འགྱུར་དང་ཚིག་ཟུར་ཙམ་གྱིས་ངོ་གདོང་ལ་སྨུག་སྤྲིན་གྱིས་གཡོག་རྐྱེན་ཡང་ཡེ་ནས་མེད་པ་གསལ། སྐྱེས་ནས་འཆི་བའི་བར་དུ་ངོ་གདོང་མང་དུ་བརྗེ་དགོས་ཤིང་འཁྲབ་སྟོན་མང་དུ་སྤེལ་དགོས་སྟབས། ཤ་ཁྲག་རུས་གསུམ་གྱིས་གྲུབ་པའི་ཆགས་གཞི་དེ་ནི་སྤྱི་ཁྱབ་ཀྱི་ཆོས་ཉིད་ཞིག་ཏུ་གྲུབ་ཀྱང་། བཏགས་མིང་ཞིག་གི་སྲོག་ཤིང་དུ་གཟུག་རུང་ལོ་ཟླའི་ན་ཟུག་མི་ཐེག་པའི་ཉམ་ཐག་གི་སྙི་གཟུགས་ཤིག་ལས་ཅི། གང་ལྟར་མི་རུ་སྐྱེས་ཞིང་ཚེ་རུ་བརྡོལ་བའི་སྐབས་ལ། ཁ་དོག་དང་ཚོས་སྣས་བསྒོས་པའི་བག་ཆགས་དེ་ཉིད་སེམས་ཀྱི་མཛེས་བ་ཞིག་ཏུ་སྒོམ་རྒྱུ་ལས། སུ་ཞིག་གིས་ཀྱང་ཁྱེད་ཉིད་དཀར་པོ་དཀར་པོ་དུང་ལྟ་བུ་ཞིག་ཏུ་འཛིན་མཁན་བྲལ་ཞིང་། ཁྱེད་ཀྱིས་ཀྱང་གང་ཞིག་དྭངས་གསལ་ཤེལ་སྒོ་ནང་བཞིན། དྲི་མེད་ཁ་་བཏགས་ཇི་བཞིན་སྤྱི་གཙུག་ཏུ་ཡང་འདེགས་མི་ནུས་པས། མིག་གི་ཕྲ་ས་ཞིག་ཏུ་བཟུང་སྟེ་སེམས་ཀྱི་སྲབ་ས་ཞིག་ཏུ་ཉར་རྒྱུ་ནི་ཅི་འདྲའི་མཛེས་ནའང་་་་་་་

༢༠༢༢ལོའི་ཟླ་༡༠བའི་ཚེས༢༥ཉིན་ལ་བྲིས་པ་དགེའོ། ། https://t.cn/A6fUA3bw

འདི་ན་མཁས་པར་གྲགས་པ་ཕལ་མོ་ཆེས།།
འབད་ཀྱང་བློ་ཡི་སྤྱོད་ཡུལ་མ་གྱུར་བ།།
བློ་བཟང་རྒྱལ་བའི་ལེགས་བཤད་དཀའ་གནད་ཀུན།།
འདི་ཡིས་ལག་པའི་མཐིལ་གྱི་རྫས་བཞིན་གཟིགས།།


发布     👍 0 举报 写留言 🖊   
✋热门推荐
  • 但是恩施小土豆,就像浓缩了土豆本身的香,糯,甜。但是恩施小土豆,就像浓缩了土豆本身的香,糯,甜。
  • 看着它从瘦巴巴走路都晃悠悠的到现在健康的矫健的看见有人招呼就贴贴蹭蹭,真的很开心(感谢一直在投喂小猫的姐姐)小狗太可爱了,看起来是大早上陪着主人出来锻炼的,爷爷
  • ”同样一向醉心于自己世界,对反战、环保之外话题并提不起劲头儿的宫老,在《红猪》之后仿佛也变得温柔起来,而十年后的《起风了》更是借壳说出了宫老的心里话:“我们都应
  • 1月8日(今天)18:00JJ斗地主冠军杯S4总决赛决赛第二场山西清徐学栋 VS 湖南星火燎原今日战果,有可能决定年度冠军归属——冠军荣耀,一步之遥——在目前的
  •   1、孕期亲子鉴定很多人想到去医院做,但大部分医院都是不可以做亲子鉴定的,这是因为亲子鉴定不属于常规医疗服务。尽管我们在电视剧或电影中经常看到亲子鉴定常常在医
  • 艺术品:《一件艺术品的确切含义》、《你知道吗 我们深深的忧伤》艺术家:管勇观艺点:北京怡亨酒店18层公共空间#北京怡亨酒店##怡亨艺术##怡亨生活##北京看展#
  • 园内有很多奇石,以太湖石为最多,其中有一块 “美女照镜石”是乔园的镇园之宝,这是整块未拼接的天然太湖石峰,“皱、透、漏、瘦”象漏窗一般,似透非透,起到了障景和藏
  • 还有就是,好想去看明天的莲花楼演唱会现场[哇],可惜没票 ​​​[汗],要是每次活动都有官方购票途径就好了,抢票这些太难了[笑cry]四代果果来报道啦~今年暑
  • 但问题是,现在费劲巴哈研发出来一款新药带来的回报率越来越低,(截图)2020年和2021年回报率异常上升是因为新冠药物,需求很急所以各个国家都在流程上开绿灯,上
  • 《欲影》的歌出来以前我见到的基本是两种观点,一种说他一往情深失而复得久别重逢,一种说对他而言婚姻也是一种枷锁,在遇到现在的广以前婚书作废对他有利得多。读王维最痴
  • 可,于陌生的地头,陌生的街道,我也是陌生的人,也是那个不值当的所在,我只是存有单纯的感激,也只是单纯的应和着善念,为什么被施加以温柔的对待会如此愉悦,如此舒服?
  • 居然有老师的英文名叫gaogao唉阴差阳错的本来要去另一个老师的课 结果那个老师给错地点了 就来听了gaogao老师的课 好宝藏啊我的天是来公社我第一个非常喜欢
  • 但是女儿的微博数据别懈怠了呀,剧播期间微博转评赞和内赞都是非常重要的,现在还有3条微博评论未过万,薇丝宝宝们看见了可以用搜狗输入法的闪光语录(见图二)去女鹅微博
  • 追完骄阳伴我第35集,我得到了答案,评判一个人是否衰老,标准不是他的年龄,而是他的心态。看骄阳伴我的过程中,我发现这部剧的剧情其实一直在论证这句话,典型例子就是
  • 什么是朋友?大概是她见过我最糟的一面她依然愿意拥抱我她见过我最虚弱的一面她愿意扶我起来并告诉我还有我我深陷胆怯犹豫痛苦之中但当她出现时我就是最勇敢最自信的或许最
  • 久石让《梦之歌》(2021再版)▪️配置:2CD▪️共28首曲目▪️推荐曲目:天空之城、龙猫、悬崖上的金鱼姬鉴赏价 ¥75⏰活动时间:9.8– 9.14正版立购
  • ▶饮食寒热要注意正常情况下,我们的饮食寒热要平衡,凉的与温的混杂着吃,这样才能保持阳气不损。上班族在午饭后,不妨走到室外,让阳光洒满头顶,可以通畅百脉、调补阳气
  • [苦涩][苦涩][苦涩][苦涩]我对她说我要把你这张greatest work on earth裱起来挂在我厨房墙上让我特别特别开心又感动 掉眼泪了 【#宫崎骏
  • 今天和娭毑视频,因为我豆芽差不多发成功了,跟她说一下,小时候我们一起生活的时候她就是发豆芽然后卖给村里的人补贴家用她说很想我,两个多月没有见了,想做饭给我吃,以
  • #小邓的流水账# last week一杯等了两个多小时,前面有300+杯的霸王茶姬[拜拜]但是味道确实不错不过不知道最近怎么这么火爆一张随手拍下但是非常美丽1s