དེ་རིང་ནི2022.11.15་བོད་ཟླ་ 9•22ལྷ་བབས་དུས་ཆེན་ཏེ་སྟོན་པ་ཤཀྱ་ཐུབ་པ་ལྷ་ཡུལ་དུ་རང་གི་མ་ཡུམ་སྒྱུ་མ་ལྷ་མཛེས་ལ་དྲིན་ལན་གསབ་ཕྱིར་དམ་ཆོས་བསྩལ་བར་ཕེབས་ནས་ཕྱིས་འཛམ་བུ་གླིང་པའི་མི་རྣམས་ཀྱི་རེ་བ་བཞིན་ཕེབས་པའི་ཉིན་མོ་རེད།འདིར་དྲིན་ལན་མཇལ་བའི་ཉིན་མོ་དང་།འགྲོ་བའི་རེ་བ་སྐོང་བའི་ཉིན་མོ་ཡང་ཡིན་སྙམ།དེ་བས་ང་ཚོས་ཀྱང་དྲིན་ལན་མཇལ་བ་དང་འགྲོ་བའི་རེ་བ་སྐོང་བའི་བྱ་བ་རེ་ཨེ་འགྲུབ་ལྟ།今天是2022.11.15藏历9.22佛祖天降日。释迦牟尼佛上天为亲母姆叶夫传法后,为了随众利益娑婆世界的人,在藏历9.22返回人间。今天是佛祖天降日,我觉得还可以叫报恩日,随众日。所以,我们纪念这一天,可以尽可能去修报恩、修随众利益。

࿑ བག་མེད་སྡིག་ལྟུང་གནས་ལ་སྐྲག་ཅིང་སུན།།
རླབས་ཆེན་དགེ་ལ་སྤྲོ་ཞིང་ཆོག་མི་ཤེས།།
གདམས་ངག་ལྷ་ལ་མོས་གུས་དག་སྣང་རྒྱས།།
ལས་ཅན་ཆོས་འགོ་ཐོན་པའི་ཕྱྭ་གཡང་སྩོལ།།


རྩོམ་པ་པོ། རོང་བོ་དགེ་འདུན་ལྷུན་གྲུབ།

ལྗོན་པའི་འདབ་ལོ་རླུང་བུས་བརྡེགས་ཤིང་།།
རླུང་གི་སྐྱོ་བ་འཁུར་བའི་ཉི་ཟེར།།
བ་སྤུའི་རྩེ་མོར་འཁྱུག་ཙམ་བྱེད་དུས།།
རྒྱལ་སྲས་དོན་འགྲུབ་ལུས་པོ་ཀྲོང་ཀྲོང་།།

སྐུ་ཡི་གྲིབ་གཟུགས་སྡོང་བོར་བསྙེས་ཤིང་།།
མིག་གི་འོད་ཟེར་གངྒཱར་ཕོག་དུས།།
སྒེག་ཉམས་ཟིལ་བ་གཏོར་བའི་ལྷ་མོ།།
སྡོམ་དྲའི་བར་ན་འཕག་ཙམ་བྱས་འདུག།

ཀུ་ཤའི་རྩེ་མོར་མདུད་པ་བཏབ་ཅིང་།།
ཞབས་ཀྱི་ལུང་བུས་ཐེལ་ཙེ་བརྒྱབ་དུས།།
རྡུལ་དང་རྡུལ་ཕྲན་ཞི་བར་གྱུར་ནས།།
ནམ་མཁའི་སྤྲིན་པས་རྔུལ་ཆུ་བཏོན་བྱུང་།།

སྲིད་པའི་བརྩེ་བ་འོ་ཐིགས་ཙམ་ཞིག།
ལྷུང་བཟེད་སྨུག་པོའི་བཅུད་དུ་ཚ་ཡང་།།
ཞབས་ཀྱི་སྟེགས་བུ་རྦབ་ལ་ཤོར་བས།།
གྲགས་འཛིན་ཡིད་ལ་ཞེད་སྣང་འཁོར་ཡོད།།

སྡོང་ལོ་འཕུར་བའི་དུས་ཚིགས་བར་ནས།།
ཞལ་ལ་ཆགས་པའི་མེ་ཏོག་དཀར་པོ།།
ཞེ་འཛིན་བཅད་པའི་བརྡ་རུ་ཕོག་དུས།།
དབྱིངས་ཀྱི་མེ་ལོང་ལྡེབས་སུ་བཀལ་འདུག།

དབུ་སྐྲ་རྒྱ་ལྕང་ལན་བུ་ཙམ་པོ།།
སྤུ་གྲིའི་དབལ་ཁར་ཐོར་བའི་ནངས་མོར།།
མོ་སྨན་སུ་ཡིས་མགོ་བོ་དུད་བྱུང་།།
སྐར་མ་ག་ཙམ་རླུང་གིས་དེད་སོང་།།

གསེར་གྱི་འཛར་ཆུ་ལྷུང་བའི་ཤུལ་དུ།།
རྟེན་འབྲེལ་སྟོང་བའི་སྐུད་པ་འཐེན་ནས།།
ཤེས་རབ་ཟས་ཀྱི་གླེགས་བམ་སྡོམ་སྐབས།།
རས་གཟན་སྐྱ་བོར་དངན་པ་འཁོར་ཡོད།།

གང་ཞིག་སྙེག་པའི་སྒོ་དྲུང་བར་དུ།།
ཟས་གོས་སློང་བའི་སིལ་སྒྲ་དཀྲོལ་ཚེ།།
བསིལ་གདུགས་བོར་བའི་སྐྱོ་ཉམས་རེ་ལ།།
མི་རྟག་སྟོན་པའི་གཞུང་ལུགས་མཁོ་འམ།།

ཤག་ཆུང་གྲུ་བཞིའི་སྒོ་གླེགས་མཚམས་སུ།།
ཅ་ཅོ་སྒྲོག་པའི་བྱིའུ་འཕུར་སྐབས།།
བརྩེ་བའི་མིག་ལ་བྲིས་པའི་རི་མོ།།
བྱིའུ་ཆུང་ཞིག་གི་ཚང་མལ་ཡིན་འདུག།

གཟེབ་ཀྱི་གསང་མིག་བཀྲོལ་ནས་བལྟས་ན།།
ཁྱེད་ལ་རན་པའི་ཞྭ་མོ་མི་འདུག།
སྣང་བ་འདྲ་ལ་འགག་པ་ལྟ་བུའི།།
དབུ་ཡི་གཙུག་ཏོར་ཆུ་ཟིལ་སྐྱོམ་འདྲ།།

ཀུན་རྫོབ་ཨ་ར་བསྲེགས་པའི་ཤུལ་དུ།།
སྒྱུ་མའི་གཟུགས་ལ་སྒྱུ་མའི་ན་ཆུང་།།
ཁྱེད་ཀྱི་པང་ལ་ལོག་སྙམ་བྱས་པས།།
བ་སྤུའི་གསེབ་ནས་ཚོར་བ་ཉུག་ཉུག།


发布     👍 0 举报 写留言 🖊   
✋热门推荐
  • 海魔也是,他的执念长达700多年,其实她内心不是因为恨,更多的是爱,爱而不得转化成恨,她是个可怜又可悲的人,苦苦等待着一个没有结局的结局。小马只是个普通的的士司
  • 第八,为什么说,在A股市场悲观一点比乐观一点更好呢;这是因为:大部分时间都是调整和横盘震荡,小部分时间上涨;前者占80%,后者占20%。第八,为什么说,在A股市
  • 夏天到了,便携的小风扇来安排一个。《宝宝吃鸡蛋小常识》1~2岁的孩子,每天需要蛋白质40克左右,除普通食物外,每天添加1~1.5个鸡蛋就足够了。
  • 之前就很喜欢的两首歌,其中一部分歌词:第五怕歧视被默许 要比他多爬无数堵高墙,不平等的竞争 越走越窄的理想广场,以色上位的流言总防不胜防 成功人士不能漂亮我告诉
  • 其实,无论baby是否有整过容,只要你喜欢她,你就能够接受她的一切,当然了如果你不喜欢她,鸡蛋里也能够挑出骨头来,你说对吗?而且baby一直都否则自己整过容,曾
  • 4530 【投稿】《阴阳师》大天狗×雪女 一起完成大义的同事组,一个是傲娇又中二的直男,一个是渴望温暖的三无少女。 一直以来为了共同的梦想并肩作战,在对方受伤
  • 3、利用气体动压,物料以较高速度在输送管道中前进(8m/s-25m/s ),输送压力沿输送管道逐渐降低;4、连续输送,输送流态、输送压力与输送速度、料气比基本保
  • 按文中所讲,这里用“幸福”就是“滥用了大字眼”可我实实在在的觉得高兴,我的肉体、心理、灵魂都在为此高兴,可能只是一个瞬间的感受,但我又会在往后无数个日子里想起这
  • 25+不去美容院的秘密✨偷偷变美小心机~过了25岁随着年龄的增长,皮肤状态也日渐下滑,每每对着镜子会神伤通,熬夜蛋白质流失、法令纹眼周围的细纹逐渐增多,常常感叹
  • 据此,应认为杜雪儿知道所走私的是毒品。本案中,杜雪儿“明知”“LSD”是我国境内禁止的精神药品而购买,并在家中故意签收与其姓名不符的邮寄“LSD”的邮件,加上杜
  • “我的校长告诉我,‘这会是你一生中做的最糟糕的决定,然后,在我以歌手的身份出道后,回去开了演唱会,邀请了他们,他们说,‘杰森,我们相信你。’”值得庆幸的是,七个
  • 何炅主持的风格让观众感觉非常的舒适,他会说话也会照顾人,能接梗又能把别人尴尬的话题圆回来,因此他主持的节目都有非常高的收视率。但在现实生活中,小S是一个非常没有
  • 正是因为这一特点,古往今来,汉墓成为了多少盗墓贼梦寐以求的存在,甚至只要断定为汉墓,就会有十室九空的现象,可想而知,被埋藏于墓室当中的宝物有多么的珍贵。这场行动
  • 你也可进入支付宝“人人三小时益起读“专区,加入南都N视频战队,直接参与捐声,为有需要的儿童兑捐真书。张涵发现了他藏有秘密的日记,在他终于决定放弃的时候说:“要不
  • 前天晚上睡觉前 我意识到我已经好几天没见到我的蓝牙耳机了……但是我清楚的知道肯定是在我妹房间or我妈房间………然后我就想好死不如赖活……我就浅算了一下在南方。我
  • 今晚看到玄彬孙艺珍宣布结婚的消息,简直太高兴了,自己见证美好的感觉简直是太棒了[干杯][干杯] 某种程度上来看,也可以说是我的CP要结婚了[憧憬][憧憬] 说起
  • 感觉自己的人生已经过完了,那些朝气蓬勃的日子,最终都抚平为生活的柴米油盐[心]以前一直有一句话,愿你千帆阅尽,回来仍是少年。 人越来越无趣 而我却仍然想找到
  • #尹浩宇[超话]##INTO1尹浩宇混血神颜门面ACE#⭐️#INTO1尹浩宇队内海外人气断层TOP1#你弹奏的钢琴让人如沐春风,你用四国语言说的我爱你让人怦然
  • 究其为何如此,二宝说是因为早逝就不会有烦恼,而他现在有很多的烦恼!这让我这个父亲陷入了深深的沉思…²⁰²²/₅.₄ 小妤的第一次出游~没有哭闹,今天表现很好,
  • #青春课堂# 什么是垃圾分类回收?咋不快给你自己规划规划好让宇宙爆炸你还在呢?