ཀུན་ལ་ཧབ་ཐོབ་ཆེ་བ་མ་ཡིན་ཀྱང་།།
གང་ཞིག་འཐོབ་འདོད་རེ་བ་ཆེ་དྲགས་པས།།
གཞུང་ལུགས་ཡ་མ་ཟུང་ལ་བལྟས་བལྟས་ནས།།
མདོར་དོན་གཅིག་ཏུ་དྲིལ་ན་སྟོང་པ་ཉིད།།

གང་ལ་འགྲོ་སའི་ལམ་བུ་མ་རྙེད་ཅིང་།།
ཅི་ཞིག་འཚོལ་བའི་དམིགས་འབེན་བོར་བའི་བདག།
སྙོམ་ལས་རབ་རིབ་ཅིག་གིས་བཏུམས་བཏུམས་ནས།།
མི་ཚེའི་ཁ་དོག་དེ་ཡང་སྐྱ་བོར་གྱུར།།

བཀླགས་པའི་དཔེ་དེབ་གྲངས་འབོར་མཐུག་ཅིང་ལྗིད།།
བསོགས་པའི་དོན་པོ་ཡང་ཞིང་སྲབ་པ་ཉིད།།
གང་ལ་བསྙབས་ཀྱང་ཕན་འབྲས་མི་རྙེད་པར།།
ཕངས་སེམས་གཅིག་པུ་ཁུར་ནས་འབྲོ་དགོས་བྱུང་།།

ཚིག་དོན་རེ་རེར་མྱུལ་མའི་སྟབས་ཀྱིས་ནི།།
ཞིབ་མོའི་གནད་ལ་འབད་ཅིང་འབུངས་ན་ཡང་།།
གྲོགས་ངན་ལེ་ལོའི་གཤིས་དང་བསྡོངས་ནས་ནི།།
འཇུག་འབྲས་སྙིམ་པ་གང་ཡང་མ་རྙེད་དོ།།

དགའ་བའི་གཏམ་གྱིས་སྙོར་སྐྱོང་མ་བྱས་ཤིང་།།
བརྩེ་བའི་འཛུམ་གྱིས་རམ་འདེགས་མ་གནང་ཚེ།།
ད་ལྟའི་བདག་ནི་རྐྱེན་ངན་གྲོགས་ཤར་གྱི།།
གཞོན་ནུ་ཕུགས་བསམ་ཅན་ཞིག་ཡིན་ནའང་ཐང་།།

                _____    བོད་ཟླ་༩.༢༣ཉིན་སྒྲེ་བོ།

སྟོན།

ཞལ་ཁེབས་མཐོན་མཐིང་གསོལ་བའི་བུ་མོ་དེའི
འོག་འཇུག་ཉི་མར་སྐམ་འདྲའི་ཆུ་འཛིན་དག
གནས་མོ་བུ་ཁྲིད་ཀྱི་ལོ་ཆང་བཏུང་བ་བཞིན
ཡམ་ཡོམ་དུ་རྒྱུ འགྲོ་ཞོར་འདུག་ཞོར་དུ
ཟླ་བ་སྒྲོལ་མ་དང་སྐར་མ་མཚམས་གཅོད་སོཊ་ལ
རེག་ཙམ་དང་ཐུག་ཙམ་རེ་བྱེད

བུ་ཆུང་ཞིག་ལྷུམས་སུ་ཞུགས་སམ་ཅི
ཟོས་ཟོས་པའི་འབྲུ་སྣ་ལྔ་བོ
གསེར་རྩི་ཞིག་དང་སྦྲགས
ཉིན་རེ་བཞིན་ཇེ་མང་དུ་འགྲོ

སྟོན་ག་འདི དབང་ཁོ་ཐག་ནི་སུ་ལའང་མི་དབང

ཕ་བླ་མ་འདྲ་བའི་མགོན་ཞིག་ཡོད། །
མགོན་དེ་ནི་རྫོགས་པའི་སངས་རྒྱས་ཡིན། །
གནས་རྩེ་གཅིག་གུས་པས་གསོལ་བ་འདེབས། །
བྱིན་རླབས་ཀྱི་རྟོགས་པ་འཕོ་ནུས་ཤོག །

རྩོམ་མིང་པས་སོ། །


发布     👍 0 举报 写留言 🖊   
✋热门推荐
  • 天秤座:工作上这周会变得忙碌,会有贵人运,处理事情效率会变高,这周还会收到合适的建议,可以放轻松天蝎座:有一些惊喜在等着你,会想和好友见见面,忙里偷闲一下,找回
  •   同时,在医院等重点地区周边实施“一刀切”式硬性隔离、设置路障也不可取。若基层社区管理者、小区物业管理者存在封堵安全出口、疏散通道、消防通道等行为,首先就已经
  • #HB时装# (Credit: Casey Hewitt)抖音封号申诉失败怎么办 , 新天地中心是一个城市旅游景点 , 抖音被永久封禁怎么解开展示了上海的历史和
  • 首先,逸仙电商护肤业务营收及占比双升,造血能力增强;其次,彩妆业务渠道效率进一步优化,公司整体亏损持续收窄;最后,随着产研等基础建设能力不断夯实,中高端护肤品牌
  • 11.24 第九十一 九十二次见面今天三节课早上也起迟了就没出去我两也就中午和晚上吃饭见了两面我两参加的配音比赛居然拿了一等奖师范学校男生就是沾光不过我两那个视
  • 在这一刻我才明白,我现在身上的乐观自信单纯柔和,有底气有安全感,并不是因为我年龄的成长而自然存在的,是因为他的偏爱和不计回报的付出堆积起来的,他让我明白我永远不
  • 福建省舞蹈家协会副主席、泉州市艺术馆副馆长丁聪辉与编排老师吴卉连为佛山市民介绍:“为此次秋色巡游,泉州幼高专艺术学院与泉州市艺术馆全力备战《惠女系列》节目,从挑
  • 她是性格开朗、大大咧咧,但是别忘记她在奥运选拔赛武汉站失误时说过“幸好是半决赛,要是决赛那就完了”;在出征纪录片里流露出的沮丧和挫败;在全运采访里说“跳不好,大
  • 好巧啊,我也喜欢,要不要加个微信以后有机会切磋一下”我(一脸嫌弃):有点猥琐师兄(很鸡冻的样子):我上个女朋友就是这么来的。明天试一下吧,希望不要倒在第一步,不
  • 武平法院共获评6个奖项1.文字作品 一等奖《探索生态司法,武平法院创建“五评”机制》——陈章群(福建法治报) 林权斌 蔡玲2.文字作品 二等奖《武平法院:“破产
  • 3、好心境是自己创造的我们常常无法去改变别人的看法,能改变的恰恰只有我们自己。6、不要追逐世俗的荣誉终生寻找所谓别人认可的东西,会永远痛失自己的快乐和幸福。
  • 《留余匾》“留余”匾刻于康家一门二进士的鼎盛时期,其之所以能借短短174个字而成就世代口碑,更多还是缘于它所蕴含的处世哲学:执中守和、不走极端、不说满话、不做绝
  • 《家暴日常》wg真的很喜欢打人《美丽倒影》这张美照是wg伸长了胳膊,拐出去拍的,感谢摄像头没有赐我们一张100元的照片[揣手]《钓鱼能手》在河边钓鱼,有个小朋友
  • 张瑜素颜旅游穿得好休闲,皮衣混搭牛仔喇叭裤,质朴造型很减龄秋天是一个诗意弥漫的季节,让人不经意就产生想去探寻诗与远方的冲动。去旅行度假的人大多会选择“轻装上阵”
  • 各位管灯,自己的事情, 做好自己的事情, 就行了。各位管灯,自己的事情, 做好自己的事情, 就行了。
  • 人心(意识形态)牵挂,看到心上出来很多丝线联着担心牵挂之人,在看身体有很多钩子,钩在了肉里,人们对你的担心,又是一个红尘的拉扯,这种牵挂无形之网困住了天下众生,
  • ”小家教晕乎乎的连笔都拿不住“这里…做的不对……”男人笑着帮他握住那支笔,“那,是这样吗?最近出外勤很多厂房都有狗,对于我来说每次都是很大的挑战,而我每次都跟在
  • 希望我的游戏抽卡不歪!!
  • 但着不代表他们的苦就比我们的苦更高级,也不代表他们就可以四处说着他们的苦难而我们要选择闭口不谈我们的苦。如此好的物质条件,几乎是有求必应、身体不用受苦的一代竟然
  • 所以,我们要超越凡情识境,要有转识成智的能力,证“不二”之法,把好恶、是非、人我……一切相对的偏见,统统泯灭,一体涵摄,不生分别,当下圆成,这样才能常常安住于清