༧ རྗེ་ཡོན་ཏན་བཟང་པོའི་སྐུ་བརྙན་མེ་ཐུབ་མ་ཟུང་།
云登桑布法王的珍贵法像
༼༡༽ པར་དང་པོ་དེ་སྤྲུལ་དགེ་འཕེལ་གྱིས་བླ་མ་ཡོན་ཏན་བཟང་པོའི་སྐུ་གདུང་དུ་བཞེངས་པའི་རག་སྐུ་ཞིག་རེད། སྐུ་བརྙན་དེ་འདྲ་སྟོང་སྐུ་གཉིས་ཙམ་སྐྲུན་ནས་བླ་མའི་འདས་མཆོད་སྐབས་སུ་མཆོད་འབུལ་བྱས་པའི་སྐབས་སུ། ཡག་མདོའི་འབའ་རྭ་དཀོན་མཆོག་སྐྱབས་ཚང་གི་གྲྭ་བཙུན་ཞིག་ལ་ཐོབ་པའི་བླ་མའི་སྐུ་འདྲ་ཞིག་རེད། རྗེས་མར་ཁོང་ཚང་གི་གཉེན་ཉེ་བ་མང་པོ་མགོ་ལོག་གཙང་སྐོར་གོང་མའི་ནང་དུ་ཡོད་པས་ཁོང་ཅག་ལ་རྟེན་སྐལ་དུ་བླ་མའི་སྐུ་བརྙན་དེ་ཕུལ་བ་རེད། ༢༠༢༠ ལོ་ཡས་མས་སུ་ཁོང་ཚང་ལ་མེས་འཇིགས་པ་ཆེན་པོ་ཞིག་བྱུང་ནས། ཁྱིམ་མི་མ་གཏོགས་རྒྱུ་ནོར་ཁང་བ་དང་བཅས་པ་རྩ་བ་ནས་ཚིག་སོང་བའི་སྐབས་སུ། ཆོས་རྗེ་བླ་མ་ཡོན་ཏན་བཟང་པོའི་སྐུ་བརྙན་དེ་ཉིད་གཅིག་པུ་མེས་ཚིག་མ་ཐུབ་པའི་བྱིན་ལྡན་ཞིག་ཡིན་ཅེས། འབའ་རྭ་དཀོན་མཆོག་སྐྱབས་ཀྱིས་ང་ལ་པར་འདི་ཕུལ་ཏེ་ལོ་རྒྱུས་གསལ་བོ་ཞིག་འཁོད་དགོས་ཞེས་སྔོན་ནས་བཤད་མྱོང་ཡོད་པ་དེ་རེད།
༼༢༽ བླ་མ་རིན་པོ་ཆེའི་སྐུ་པར་རྩ་ཆེན་དུ་བགྲང་སྲོལ་ཡོད་པའི་སྐུ་སེང་གེ་ཉལ་སྟབས་སུ་བཞུགས་པའི་སྐུ་པར་མེས་མ་ཚིག་པ་དེ་ནི་༢༠༢༢/༡༠/༣༡ ཉིན་ཕ་ཡུལ་འཛམ་ཐང་རྫོང་ཀ་ཏོག་ཡུལ་ཤོག་གི་གྱང་ནག་ཆོས་དར་ཚང་ཟེར་བའི་ཁང་བ་ལ་མེ་སྐྱོན་ཚབས་ཆེན་བྱུང་སྐབས་མེས་བསྲེག་མ་ཐུབ་ཅེས། ཕ་ཡུལ་གྱི་དྲྭ་ཚོམས་མང་པོར་སྐུར་བཞིན་འདུག ལྷག་པར་༼ཡོན་ཏན་གླིང་ག༽ཞེས་པའི་གྲྭ་ཚོམས་ནས་དོ་སྣང་ཟབ་མོ་བྱེད་གྱིན་འདུག་པ་མ་ཟད། ཚོགས་མི་དག་གིས་ལོ་རྒྱུས་རྒྱུ་མཚན་གསལ་བོ་ཡོད་ན་ཡག་རབས་ཞུས་ཚེ། བསེ་སྐོར་སྲིབ་མའི་བདེན་སྟོབས་ཟེར་བས་ཁང་བ་ཚིག་པའི་ཕྱིར་ཉིན་ཁོ་དང་གྲོགས་པོ་མང་པོས་ཁང་བ་ཚིག་པའི་ཡུལ་དངོས་ནས་རྙེད་རབས་དང་དངོས་གནས་ཡ་མཚན་པ་ཞིག་ཡིན་རབས་དད་སེམས་སྐྱེ་བ་ཞིག་གླེང་བྱུང་། དངོས་གནས་བྱིན་རླབས་ཅན་གྱི་རྟེན་རྩ་ཆེན་དག་ལ་མེ་ཐུབ་མ་ཞེས་སྔོན་ནས་ཤོད་སྲོལ་ཡོད་པ་བཞིན། བླ་མ་དམ་པའི་སྐུ་བརྙན་འདི་གཉིས་ལའང་མེ་ཐུབ་མ་ཞེས་འབོད་ན་ཆོག་ཆོག་ཅིག་ཡིན་པར་འདོད་དོ།། ༧ རྗེ་ཡོན་ཏན་བཟང་པོ་མཁྱེན། [合十][合十][合十]

སློབ་གྲོགས་མཁྱེན་དཔྱོད་ཡངས་པ་རོང་སྐྱེས་དོན་གྲུབ་ཚེ་རིང་གིས་བོད་ཀྱི་ཆང་གི་ལོ་རྒྱུས་སྔ་ཤོས་སྟེ། དགའ་ཐང་འབུམ་པ་ཆེ་ནས་ཐོན་པའི༼གསེར་སྐྱེམས་ཀྱི་རབས༽གོ་བདེར་ཕབ་ནས་དཔྱད་པ་ཕྲན་བུ་བརྒྱབ་འདུག་པ་འདི་ཧ་ཅང་ཡག་པོ་རེད། སྤྱིར་ན། དཔའ་བོ་གཙུག་ལག་ཕྲེང་པས་གསེར་སྐྱེམས་ནི་བཏུང་བྱ་ལ་གསེར་བླུག་པ་དང་གཡུ་སྔོན་ནི་བཟའ་བྱ་ལ་གཡུ་བཞག་པའི་དོན་ཡིན་ཞེས་འགྲེལ་ཡོད། དེའི་ཕྱིས་སུ། གསེར་གཡུ་དཀོན་པའི་དབང་གིས་གསེར་ཚབ་ལ་མར་དང་གཡུ་ཚབ་ལ་སྒོག་པ་བྱས་པ་ཡིན་ཞེས་མངའ་རིས་ཀྱི་ཞིང་གཤེགས་པ་དགེ་སློང་བསྟན་འཛིན་དབང་གྲགས་ཚང་གིས་གསུངས་ཡོད། གང་ལྟར་རྩོམ་འདིར་གཟིགས་ནས་དཔྱད་ཞིབ་བྱེད་རོགས། — བན་ཤུལ་དཔལ་མཁར་རྒྱལ་གྱིས། 西藏古籍文献《黄金酿酒史》的白话文及其评语/ 容杰·东主才让

༼སྙན་ངག་ཅིག་འབྲི་བ་ནི་རང་ཉིད་ལ་དུས་ཚོད་ལྷག་མ་ཞིག་གསར་གཏོད་བྱེད་པའི་ལས་ཀ་དེ་ཡིན། ༽ སྐད་ཆ་དེ་ཧ་ཅང་སྙན་མོ་འདུག དེ་དང་མཉམ་དུ་རང་གི་དུས་ཚོད་ལྷག་མ་དེ་དག་གང་ལ་བྲོས་སོང་བའི་གདུང་སེམས་དང་འགྱོད་སེམས་དྲག་པོ་ཞིག་ཀྱང་རང་དབང་མེད་པར་སྐྱེས་ཡོང་བས། ཨ་ཁ་ཁ། དུས་ཚོད་ནི་ངོ་མ་གློག་དང་འདྲ་ལེ་རེད་ཞེས་གློ་བུར་དུ་སེམས་ལ་འཇིགས་སྣང་ཞིག་ཀྱང་སྐྱེས་ཡོང་། ཡིད་འོང་གི་དུས་ཚོད་ལྷག་མ་དེ་དག་ནི་བདེ་སྐྱིད་ཀྱི་མེ་ཏོག་རེ་རེ་ཡིན་པའི་དབང་དུ་བཏང་ན། དེ་ལ་གཅེས་ཤིང་དེ་ལ་སེམས་པའི་མི་བུ་རེ་རེ་ནི་གསར་གཏོད་ཀྱི་མཁན་པོ་རེ་རེའང་ཡིན་སྲིད་པས། སྙིང་ཉེ་བའི་དུས་ཚོད་ལྷག་མ་དེ་དག་ཁྲི་ལོར་ཤོག [鲜花]


发布     👍 0 举报 写留言 🖊   
✋热门推荐
  • 今日好笑事件31 年夜饭我婶子说我的两个左右护法时常会因为我是谁的“大姐姐”这个归属问题厮打起来[亲亲][亲亲][亲亲]2 我妈拿了六个碗但家里只有五个人吃饭
  • 而让自己痛苦和疲惫的,都是这些需要之外的东西。妥当的感受就是,你所做的一切,都是你努力的样子,而不是挣扎的样子。
  • 像這種跟父親一模一樣的口頭禪,會讓我的腦內有更多的小劇場,這個姑娘真的不愛她爸爸嗎?雖然鏡頭給的老七很多大特寫,真的讓他看起來無比的冷艷,但是也更加突顯他的演技
  • #每日一善[超话]#[作揖]#阳光信用# [作揖]#每日一善# 新的一周又到了,我把自己的祝福做成炸包,送给你这个小福包,把你炸成小富包,头上顶个小财包,祝
  • (2)称手的外型。 (2)称手的外型。
  • 提醒领导“你可能错了”时,一定要加上“可能”“大概”“似乎”这样的字眼,因为领导出错是小概率事件。职场小白呢,没有直接执行指令,而是利用自己的知识判断,总监给的
  • 第81届TOPIK韩国语能力考试报名须知:(韩国考场)✔️ 通过TOPIK网站进行在线报名,仅适用于在韩国参加考试的情况。✔️为了能顺畅地进行报名,2月8日(周
  • 它不是减肥药,却可以让你健康瘦身; 它不是护肤品,却可以让你青春永驻; 它不是保健品,却可以让你远离疾病…… 它只是一款营养丰富的功能性食品; 一种香浓可口的营
  • #韩乔生将大年初一对阵越南称为荣誉之战# 国足昨晚0-2不敌日本#国足0比2日本# ​​​​,韩乔生评价道,大年初一与越南的比赛成为“荣誉之战”。 韩乔生
  • 我的星空2021 今年是拍星空完整的第一年,年度总结分为:星野星空(图1-图4上)、城市星空(图4下)、远程台深空(图5-图7)、星野深空(图8)和日与月(图
  • #铃木爱理[超话]# #愛理2627 ⁡ 鈴木愛理3rd AL 「26/27」 映画ポスター風ビジュアル全14種類   今回は4曲目 #噂のホクロ !!!
  • 不期的邂逅,谁也无力抗拒“理解与懂得”的魅力。爱,不是婚姻的代名词,情有独钟,是好的;相互的欣赏,是好的;无奈的转身,也在情理之中,“情”字本无解,只道是相诉;
  • 在诗人笔下,心是晃动的布丁,是敞向宇宙的天空,是无底的泥潭,是未加工的钻石,也是迷路的孩子……《致女人》则集合了诗人为第三任夫人、著名绘本作家、散文家佐野洋子创
  •   目前该观测系统运行稳定,已经累积长达3年的观测数据,有助于提炼出适合不同下垫面的地表比辐射率参数化方法,用以增强陆面星载微波观测资料的同化应用;也为地表比辐
  • 就算按照恒大自己说的,之前的利息也当本金抵了,蛋哥也认,那本金呢,剩下本金不给怎么说?好,你说我是非法集资,好! 那总不能我被集资的要承担全部吧,这话蛋哥听着没
  • 有了娃,更能明白爸妈们不辞辛劳所带来的烟火气是他们给予我们的年味仪式感,尽管很累,但幸福满满[心][心]我儿子陪我们守岁到十二点才睡,这是知道过年了呀[允悲][
  • 谈个恋爱搞得谁是谁的附属品一样了 今天泰出去玩 国难道就不生活了?谈恋爱也只是生活的一部分 不可能什么都围着恋人转啊?
  • “玩转巴陵”新潮年货节为期一个月,本着“政府指导、企业主导、市场运作”原则,通过线上直播+短视频营销+线下活动引流,推出大型商超“换新”年货、“网红”电商助
  • 做着标注 平板上随意放着b站上唱歌的视频是洪一诺唱的蝴蝶飞呀脑海里突然浮现那个男朋友来看我的傍晚虽然天气很热 但我们依旧去乘了两块钱的松山缆车 在东望洋灯塔看落
  • 我心中本来并无答案,但渡江时的船家的话告诉我,无数与他一般境遇的普通百姓,因着我的牺牲与努力,得以平安度日。我多么希望,这真的只是一场梦,那么我便可以在梦境中接